དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་བརྟེན་ནས་ཏང་ཡོན་གསོ་སྦྱོང་གི“མདའ་བཞིའི་མ་དཔེ”བསྐྲུན་པ།

2024-08-02 09:58:00   |   632

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།    བཤེར་འབེབས།  རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། གསར་བརྗེའི་རིག་གནས་མིང་གྲགས་ཅན་གྱི་མཁར་གྲོང་གཏོད་པའི་དམིགས་ཚད་ལ་དམིགས་ཏེ། གསར་བརྗེ་ཐོན་ཁུངས་སྔོག་འདོན་གང་ལེགས་དང་། གསར་བརྗེ་ཞིབ་འཇུག་སློབ་སྦྱོང་གི་གཡུལ་ས་སྟོབས་ལྡན་དུ་གཏོང་བར་མ་དངུལ་སྒོར་ཁྲི7800ལྷག་ཙམ་གྲབས་གསོག་བྱས་ནས “སློབ་གྲྭ་གཅིག་དང་སྒར་གཞི་གཉིས། འགྲེམས་ཁང་གསུམ”བཅས་ཀྱི་གཙོ་གནད་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱས་ཡོད། ཆེད་གཉེར+གདན་ཞུ+འགྲེལ་བཤད་མཁན་བཅས་ཀྱི་དགེ་རྒན་མ་ལག་བཙུགས་ནས་དགེ་རྒན180གྲ་སྒྲིག་གིས་གསོ་སྦྱོང་མི་ཐེངས500ལྷག་ཙམ་བྱས། ཏང་གི་སློབ་གྲྭའི་རང་ངོས་འཛུགས་སྐྱོང་དང་སློབ་གསོ་གསོ་སྦྱོང་ལས་དོན་གྱི“མཐོར་འདེགས་གཉིས་དང་མཆོང་སྐྱོད་གཉིས”མངོན་འགྱུར་བྱུང་ཡོད།

“མདེལ་གཉིས་སྐར་གཅིག”གི་བསམ་བློའི་གནས་བབ་གཏན་འཁེལ་བྱས་ཏེ། ཏང་གི་སློབ་གྲྭའི་གསོ་སྦྱོང་ལས་དོན་ལ་ནུས་པ་བསྩལ། གསར་བརྗེ་སྙིང་སྟོབས་འབྱུང་གནས་ཡིན་པའི་ངོས་ནས“གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཏང་གཤིས་སློབ་གསོའི་ལེགས་ཆར་བསྒྱུར་བ་དང་གསར་བརྗེའི་གཞི་རྒྱུ་དེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བསམ་བློའི་དབྱང་ཁང་དུ་བསྒྱུར་བ་བྱེད་པ”དེ་རྫོང་ཡོངས་ཀྱིས་གསར་བརྗེའི་ནུས་པ་རྒྱུན་འཁྱོངས་དང་། ཏང་འཛུགས་སྐྱོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་མགྱོགས་སུ་གཏོང་བའི་ཐུན་མོང་གི་ངོས་འཛིན་མངོན་གསལ་དོད་པོ་ཞིག་ཏུ་གྱུར་ཡོད། ཐོག་མཐའ་བར་གསུམ་དུ་གསར་བརྗེ་ཐོན་ཁུངས་ལ་བརྟེན་ནས་རྡུལ་ཕྲན་མཁར་དྲན་གསོ་ཁང་དང221རྟེན་གཞི་སོགས་གསར་བརྗེ་རྗེས་ཤུལ་མང་པོ་བསྡུ་རུབ་བྱས་ཏེ། མཚོ་སྔོན་པོ་ཁེ་རམ་ཐང་དང་སྨོན་ལམ་མཐོན་པོ། དེ་བཞིན“ནུབ་མཚོའི་བྱུང་བརྗོད་རིང་མོ”བཅས་ཀྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཉམས་ལེན་ཁང་དང་། བློ་མཐུན་སྐལ་བཟང་གི་དུས་རབས་དཔེ་ལེགས་དྲན་གསོ་ཁང་སོགས་ཀྱི་ཁྱད་ལྡན་ཐོན་ཁུངས་བཏོད་པ་དང་། གསར་བརྗེ་ཞིབ་འཇུག་སློབ་སྦྱོང་གི་ལམ་ཐིག་མང་པོ་ཇུས་འགོད་ཞིབ་ཚགས་བྱས་ནས་གསོན་ཉམས་དོད་པའི་སློབ་གཞི་དང་སློབ་ཁྲིད་བྱེད་སྟངས་གསར་གཏོད་ཀྱི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཏང་ཡོན་ལས་བྱེད་པའི་ཆེད་དོན་སློབ་ཚན9བཙུགས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་བསྒྲགས། བརྗོད་དོན་གཙོ་བོའི་སློབ་གསོ་བཅས་སྤེལ་རིང་། གསོ་སྦྱོང་འཛིན་གྲྭ་ཐེངས24གཉེར་བ་དང་། རིམ་རྩིས་བྱས་ན་ལས་བྱེད་པ་མི་ཐེངས9328གསོ་སྦྱོང་བྱས། གསོ་སྦྱོང་བྱེད་ཚད་རྒྱུན་མཐུད་ངང་འཕར་ནས་གསོ་སྦྱོང་ལ་ཞུགས་མཁན་གྱི་སློབ་མ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར། ཁུལ། རྫོང་། ཆུའུ་བཅས་སུ་ཁྱབ་ཡོད་པས་རིམ་པ་ཁག་གི་མགོ་ཁྲིད་དང་རྒྱ་ཆེའི་སློབ་མ་དག་གིས་ཡོངས་ཁྱབ་ཏུ་གདེང་འཇོག་བཟང་པོ་ཐོབ་ཡོད། རྩོམ་སྒྲིག་བྱས་པའི་གསར་བརྗེ་གཏམ་བརྗོད་ཟློས་གར《གསེར་དངུལ་རྩྭ་ཐང》དེ་མཚོ་སྔོན་ཟློས་གར་ཁང་དུ་ཐོག་མར་འཁྲབ་སྟོན་བྱས་རྗེས། མཚོ་སྔོན་ནས་ཧྲན་ཏུང་ལིན་དབྱིར་སྐོར་སྐྱོད་འཁྲབ་སྟོན་བྱེད་དུ་བསྐྱོད་པར་མ་ཟད། མདའ་བཞིའི་རིགས་སོ་སོའི་མང་ཚོགས་ཀྱིས་རྒྱལ་སྲུང་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཀྱིས་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཟབ་ཏུ་ཕྱིན་ཡོད།

“ཁ་གཏད་རོགས་སྐྱོར”སྲིད་ཇུས་ཀྱི་ཁེ་བཟང་བེད་སྤྱོད་ཡག་པོ་བྱས་ཏེ། མཉམ་ལས་མཉམ་སྐྲུན་གྱི་ནུས་པར་སྐུལ་འདེད་བཏང་བ། ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་དང་མདའ་བཞི་རྫོང་བར་ཁ་གཏད་རོགས་སྐྱོར་དང་རོགས་སྐྱོར་ལམ་སྲོལ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས“ལིན་དབྱི·མདའ་བཞི”ཏང་གི་སློབ་གྲྭའི་མཉམ་ལས་དང་མཉམ་སྐྲུན་ལས་སྟེགས་བསྐྲུན་ཏེ་སློབ་གྲྭ་བར་མཉམ་ལས་དང་ཐོན་ཁུངས་མཉམ་སྤྱོད། དགེ་རྒན་མཉམ་གསབ། ཞིབ་སློབ་གསོ་སྦྱོང་། དུས་བཀག་འཚམས་འདྲི་སོགས་ཀྱི་ནང་དོན་ལ་དམིགས་ནས་ཕན་ཚུན་དེ“ཏང་ཡོན་ལས་བྱེད་པའི་གསོ་སྦྱོང་སློབ་གསོའི་རྟེན་གཞིར”གཏན་འཁེལ་བྱས། དགེ་རྒན་གྲགས་ཅན་གྱི་ཐོན་ཁུངས་དང་སྤུས་ལེགས་སློབ་ཚན། དུས་ཐོག་སློབ་ཁྲིད་རྟེན་གཞི། དྲ་རྒྱའི་སློབ་གསོའི་སྟེགས་བུ་སོགས་སྒོ་འབྱེད་མཉམ་སྤྱོད་ལག་བསྟར་བྱས་ཏེ། ས་གནས་གཉིས་ཀྱི་ཏང་གི་སློབ་གྲྭས་ལས་སྒོའི་སློབ་སྦྱོང་དང་སྤེལ་རེས། ཕན་ཚུན་འཚམས་འདྲི་བྱེད་ཐེངས12སླེབས། སྤུས་དག་སློབ་ཚན5ལེགས་སུ་བཏང་བ་དང་མཉམ་སྐྲུན་གྱི་ཕན་འབྲས་ལ་ལིན་དབྱི་གྲོང་ཁྱེར་ཨུ་ལྷན་གྱིས་ཚད་མཐོའི་ཁས་ལེན་ཐོབ་པ་མ་ཟད། ལིན་དབྱི་ཆུའུ3དང་རྫོང9ཡི་ཏང་གི་སློབ་གྲྭར་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་། 2023ལོར་ལིན་དབྱི་གྲོང་ཁྱེར་སོགས་ཞིང་ཆེན་ཕྱི་རོལ་གྱི་གསོ་སྦྱོང་འཛིན་གྲྭ་ཐེངས14དང་མི་ཐེངས750དང་ལེན་བྱས་པ་དང་། སློབ་མ་ཡོངས་ཀྱིས་ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་གནས་ཚུལ། སྐྱེ་ཁམས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ཀྱི་ཁྱད་ཆོས་ཆེ་གྲས་བཞིའི་ནང་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སྔར་ལས་ཁྱོན་ཡོངས་སུ་ཁྱབ་པར་བྱས་པ་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རླབས་ཆེན་ལ་སྔར་ལས་མྱོང་རྟོགས་པ་ཟབ་མོ་བྱས་ཏེ། མདའ་བཞི་རྫོང་ཨུ་ཏང་གི་སློབ་གྲྭ་དེ་ཆབ་སྲིད་ལ་མཐོང་ཆེན་དང་ལྷག་བསམ་ལ་མཐོང་ཆེན། ཏང་གཤིས་ལ་མཐོང་ཆེན། འགན་འཁྲི་ལ་མཐོང་ཆེན་བྱེད་པའི་གཡུལ་ས་བརྟན་པོ་ཞིག་ཏུ་འགྱུར་བར་སྐུལ་འདེད་བཏང་།

“གསར་བརྗེ་ཐོན་ཁུངས”ཀྱི་དེང་རབས་རིན་ཐང་འདོན་སྤེལ་བྱས་ཏེ། ཏང་གཤིས་སློབ་གསོས་གཞོན་ནུ་ལོ་ཆུང་གི་ཞིབ་འཇུག་སློབ་སྦྱོང་གི་སྦྲེལ་མཐུད་གསར་པར་སྐུལ་ཁྲིད་བྱས། མདའ་བཞི་རྫོང་གིས་ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་གསར་བརྗེའི་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་སྒྲིག་ནང་ཧུར་ཐག་ཞུགས་པ་དང་། རྫོང་ཨུ་ཏང་གི་སློབ་གྲྭའི་སློབ་གཉེར་ཉམས་མྱོང་དང་གསོ་སྦྱོང་གི་ལེགས་ཆར་བརྟེན་ནས་རྒྱལ་ཡོངས་གུང་གཞོན་ཚོགས་མི་དང་གཞོན་ནུ་ལོ་ཆུང་ཚོགས་སྤྱིར་ཕྱོགས་ནས་རྒྱ་ཆེའི་གཞོན་ནུ་དེ་རྒྱལ་སྲུང་འཛུགས་སྐྲུན་གྱི་འཐབ་ཕྱོགས་དང་པོར་བསྐྱོད་པའི་གཏམ་རྒྱུད་ཡག་པོ་བཤད་ཡོད། 2022ལོར། ཀྲུང་གོའི་རྡུལ་ཕྲན་མཁར་གྱི་གཞོན་ནུ་ལོ་ཆུང་གི་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་སྒར་གཞི་འཛུགས་སྐྲུན་རྣམ་གྲངས་སྤེལ་མགོ་བརྩམས་པ་ནས་བཟུང་། ཉིན་རེར་སྣེ་ལེན་བྱེད་ནུས་མི1000ཡོད་པའི་སློབ་མའི་ལས་ཤག་དང་སྨི་གྲུ་བཞི་མ4600ཡོད་པའི་ཕྱོགས་བསྡུས་ལག་ལེན་ཁང་བསྐྱར་སྐྲུན་ལེགས་གྲུབ་བྱུང་བ་དང་། སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་དང་ལག་ལེན་སློབ་གསོའི་སྒར་གཞི་ཁག་གསུམ་པ་དང་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞིར་ཆོག་མཆན་ཐོབ་ནས་རྒྱལ་ཡོངས་ཀྱི་རྨ་ཆུའི་འབབ་རྒྱུད་ཀྱི་ཞིབ་འཇུག་སློབ་སྦྱོང་མནའ་འབྲེལ་ཁོངས་མིའི་ཚན་པར་བདམས་ཐོན་བྱུང་། 2023ལོར་ཚོད་ལྟའི་འཁོར་སྐྱོད་བྱེད་རིང་། ཞིང་ཆེན་ཡོངས་ཀྱི་སློབ་ཆེན་སློབ་མའི“མར་ཁེ་སི་རིང་ལུགས”གསོ་སྦྱོང་འཛིན་གྲྭ་དང་། ཞང་ཀང་གི་གཞོན་ནུ་ལོ་ཆུང་མཚོ་སྔོན་དུ་བསྐྱོད་པའི་ཉམས་ལེན་བྱེད་ས། ལུའུ་ཆིན་ཁྱིམ་ཚང་གཅིག སློབ་གྲྭ་འབྲིང་ཆུང་གི་ཞིབ་འཇུག་སློབ་སྦྱོང་སོགས་རིགས་སྣ་ཚོགས་ཀྱི་གསོ་སྦྱོང་ཐེངས43སྤེལ་བ་དང་། མི་གྲངས2966ཡོད་པས་གྲོས་ཚོགས་གསོ་སྦྱོང་གི་ཡོང་འབབ་སྒོར་ཁྲི644ལ་སླེབས་པ་དང་།  གནས་སྐོར་ཡོང་འབབ་སྒོར་ཁྲི2200ལྷག་ཙམ་སྐུལ་ཁྲིད་བྱས། ཏང་གཤིས་སློབ་གསོ་གསོ་སྦྱོང་ལ་བརྟེན་ནས་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་རྒྱ་ཆེར་གཏོང་བའི་རྣམ་པ་གསར་པ་དང་ཐབས་ལམ་གསར་པ་བཏོད་ཡོད།

“སློབ་གྲྭ་ནན་སྐྱོང་”བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དམ་པོར་ཁུར་ནས། སློབ་གྲྭའི་སྲོལ་བཟང་འཛུགས་སྐྱོང་དམ་འཛིན་ནན་པོ་བྱས་པ། གྱོད་གཞི་ལ་བརྟེན་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་གནད་དོན་འདིར་དམིགས་ནས་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་དྲུག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེ་དེ་རིམ་པ་ཁག་གི་འཛིན་གྲྭའི་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ནང་བཅུག་པ་དང་། 《མདའ་བཞི་རྫོང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་དོ་དམ་བྱེད་ཐབས》སོགས་སྒྲིག་སྲོལ་ལམ་ལུགས་ཁག12བཟོ་བཅོས་དང་འཐུས་ཚང་དུ་བཏང་། སློབ་ཞུགས་གོང་གི་ཁས་ལེན་དང་འཛིན་གྲྭ་མགོ་འཛུགས་སྐབས་ཀྱི་བླང་བྱ། གསོ་སྦྱོང་སྐོར་ཞིབ་དང་དཔེ་མཚོན་དམར་འདོན། འབྲས་བུ་བེད་སྤྱོད་བཅས་ཀྱི“གོམ་སྟབས་ལྔའི་ཐབས་ལམ་གྱི་གསོ་སྦྱོང་དོ་དམ་མ་ལག་བཙུགས་ནས་ལས་བྱེད་པ་གསོ་སྦྱོང་གི་སྒྲིག་ཁྲིམས་དྲན་སྐུལ་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་པ་དང་། ཏང་ཡོན་ལས་བྱེད་པར་གསོ་སྦྱོང་མ་བྱས་གོང་གི་སྒྲིག་ཁྲིམས་གླེང་མོལ་དྲན་སྐུལ་དང་ཁས་ལེན་ཡི་གེ་བཞག་ནས་ཁྱོན་ཡོངས་ལ་ཁྱབ་པ་བྱུང་ཡོད། 《ཀྲུང་གོ་གུང་ཁྲན་ཏང་ཏང་གི་སློབ་གྲྭའི་(སྲིད་འཛིན་སློབ་གླིང་)ལས་ཀའི་སྲོལ་ཡིག》དོན་འཁྱོལ་ནན་ཏན་བྱས་པ་དང་། སློབ་གསོ་ནན་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་དང་སློབ་ཁྲིད་རྩ་འཛུགས་འཁོར་སྐྱོད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལྷུ་ཚིགས་ཁག་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་གི་སློབ་གྲྭ་དེ་དྲང་བདེན་གྱིས་ཁེངས་པའི་སློབ་གྲྭ་ཞིག་ཏུ་བསྒྱུར་ཡོད། 


མཉམ་སྤྱོད།