དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་དབང་པོ་སྐྱོན་ཅན་གྱི་ལས་ཀ་བྱེད་མཁན་གྱི་ནུས་པ་མཐོར་འདེགས་གསོ་སྦྱོང་འཛིན་གྲྭའི་སློབ་མགོ་ཚུགས་པའི་མཛད་སྒོ་འཚོགས།

2024-08-07 11:20:15   |   592

སྒྲིག་སྒྱུར།  དོན་འགྲུབ་མཚོ།  ཡོང་ཁུངས།  མཚོ་བྱང་མདོ་ལ་ཚགས་པར།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཟླ8པའི་ཚེས6ཉིན། མཚོ་བྱང་ཁུལ་གྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ནུས་པ་མཐོར་འདེགས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་མཚོ་བྱང་ཁུལ་གྱི་མང་ཚོགས་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་སུ་ཚོགས།  ཁུལ་དཔོན་གཞོན་པའམ་དབང་པོ་སྐྱོན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧ་ཝུན་ཞུག་ཚོགས་འདུར་ཞུགས་པ་གཏམ་བཤད་གནང་། ཁུལ་དྲིལ་སྒྲོག་པུའི་འབྲེལ་ཡོད་འགན་འཁུར་བ་དང་དེ་བཞིན་ཁུལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་བ་དང་དབང་པོ་སྐྱོན་ཅན་གྱི་ཆེད་བསྐོས་ཨུ་ཡོན50བཅས་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས།

图片1.jpg

ཧ་ཝུན་ཞུག་གིས་ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་ཡག་པོ་གཉེར་རྒྱུའི་ཐད་བླང་བྱ་གསུམ་བཏོན་ཡོད། གཅིག་ནི་བྱ་གཞག་གི་དགོས་མཁོ་དང་གནས་བབ་ཀྱི་དགོས་མཁོའི་དབང་གིས་དབང་པོ་སྐྱོན་ཅན་གྱི་ལས་ཀ་བྱེད་མཁན་གྱི་ནུས་པ་མཐོར་འདེགས་ཤུགས་ཆེན་གཏོང་དགོས།  གཉིས་ནི་དམིགས་འབེན་དང་ཁ་ཕྱོགས་གསལ་བོ་དང་ཞུན་བརྡར་གསོ་སྦྱོང་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་ལས་ཀ་ལེགས་པར་སྒྲུབ་པར་ལྡན་དགོས་པའི་ནུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བྱ་དགོས། གསུམ་ནི་སློབ་སྦྱོང་ལ་འབད་བརྩོན། ལག་ལེན་བྱེད་ཕོད་པ།  ཐབས་ལམ་མང་པོའི་ཐོག་ནས་དུས་རབས་གསར་པའི་དབང་པོ་སྐྱོན་ཅན་གྱི་ལས་ཀ་ལེགས་པར་སྒྲུབ་པའི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་དགོས།

图片2.jpg

ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭའི་དུས་ཡུན་ཉིན5ཡིན་ཞིང་། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་།  ཞིང་ཆེན་སྨན་ཁང་།  ཞིང་ཆེན་བུད་མེད་བྱིས་པའི་སྨན་ཁང་སོགས་ཀྱི་འབྲེལ་ཡོད་ཆེད་མཁས་པ་གདན་འདྲེན་ཞུས་ནས་གཙོ་བོ་དབང་པོ་སྐྱོན་ཅན་གྱི་ལུས་གསོ་དང་།  ལས་ཞུགས།  སློབ་གསོ།  ཁེ་དབང་སྲུང་སྐྱོང་། དབང་པོ་སྐྱོན་ཅན་སྔོན་འགོག་སོགས་ཀྱི་ནང་དོན་ཐད་་སློབ་ཁྲིད་བྱ་རྒྱུ་ཡིན་པ་དང་། དམིགས་ཡུལ་ནི་ལས་བྱེད་པས་ལས་ཀ་བྱེད་དགོས་པ་དང་།  བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་པོ་བྱེད་དགོས་པ་བཅས་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་བྱས་ཏེ།  ཁུལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་བྱེད་པ་དང་ཆེད་བསྐོས་ཨུ་ཡོན་གྱི་ཆབ་སྲིད་ཀྱི་བྱང་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་དང་། འགན་འཁྲི་སྒྲུབ་པའི་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་དེ་ཡིན།


མཉམ་སྤྱོད།