དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཁར་གྲོང་གི་རྣམ་པ་དེ་མཉམ་འདྲེས་འཕེལ་རྒྱས་ཁྲོད་འགྱུར་ལྡོག་ཆེན་པོ་བྱུང་བ།

2024-08-12 17:46:32   |   646

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།    རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་མདའ་བཞི་རྫོང་གིས“མཁར་གྲོང་གཅིག་ལ་ལས་རིགས་ལྔ་དང་ཡུལ་ཁོངས་ཧྲིལ་བོ་སྐྱེ་ཁམས་ཅན”གྱི་འཕེལ་རྒྱས་ཆགས་སྟངས་འཛུགས་སྐྱོང་བྱེད་པ་དེ་སྣེ་ཁྲིད་དུ་བཟུང་ནས་རྣམ་པ་གསར་བའི་མཁར་གྲོང་ཅན་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བ་གཉིས་ཟུང་འབྲེལ་དམ་ཚགས་སྒོས་མཁར་གྲོང་དང་གྲོང་གསེབ་ལྷན་ཅིག་ཡར་རྒྱས་གོང་འཕེལ་གྱི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། མཁར་གྲོང་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་སྐུལ་འདེད་བཏང་།

མདའ་བཞི་རྫོང་གིས་ཞིབ་ཚགས་ལས་སྒྲུབ་ལ་བརྟེན་ནས་མཁར་གྲོང་གི་བྱེད་ནུས་དང་སྤུས་ཚད་མཐོ་རུ་བཏང་བ། “སྤུས་དག་དང་ཞིབ་ཚགས། སྤུས་ལེགས”ཀྱི་བླང་བྱ་ལྟར། “མཁར་གྲོང་དང་ཡུལ་ལྗོངས་མཉམ་འདྲེས”ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། མཁར་གྲོང་གི་སྔོ་ལྗང་ཅན་གཙོ་རུ་འཛིན་པ་དང་མཁར་གྲོང་གི་དོ་དམ་ལམ་ཐིག མཁར་གྲོང་མཐའ་འཁོར། ཁྲོམ་གཞུང་གི་བེད་མེད་བར་སྟོང་བཅས་སྤྱད་དེ་མཁར་གྲོང་གསར་སྒྱུར་གྱི་བྱ་སྤྱོད་སྤེལ་ནས་མཁར་གྲོང་གི་སྐྱེ་ཁམས་སླར་གསོ་ལ་སྐུལ་འདེད་བཏང་། 2024ལོར། རྫོང་ཡོངས་ཀྱི་ལམ་ཐིག7ལ་མཛེས་སྒྱུར་ལས་གཞི་ལག་བསྟར་བྱས་ཏེ།  “བདེ་སྡོད་ལ་འཚམ་པ་དང་མཉེན་ཤུགས་ལྡན་པ། གསར་གཏོད་ཅན། རྣམ་དཔྱོད་ཅན། ལྗང་མདོག་ཅན།  མི་ཆོས་ཅན་གྱི་མཁར་གྲོང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་། མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ནས་ལམ་སྒྲོན་ཞིབ་བཤེར་ཉམས་གསོའི་བྱེད་ཐབས་དང་། འོད་གསལ་སྒྲིག་བཀོད་སྲུང་སྐྱོང་ཉམས་གསོའི་བྱེད་ཐབས་བརྒྱུད་ནས་ནུབ་མཚོ་གྲོང་རྡལ་མ་རྡུལ་ལམ་གྱི་ལམ་སྒྲོན་བརྗེ་བ་དང་སྡོང་བོའི་ཡལ་ག་གས་ཆག་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐག་གཅོད་སོགས་བྱས་པས་གྲོང་མིའི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་འགན་ལེན་ནུས་ལྡན་བྱས།

“སྣུར་སྲིང་དང་མཉམ་འདྲེས། ཕན་འབྲས་ཆེ་རུ་གཏོང་རྒྱུ”ལ་དམིགས་ནས་གྲོང་གསེབ་དར་སྤེལ་ཡོང་བར་ཤུགས་སྣོན་བྱས་པ། ཁྱོན་སྡོམ་མ་དངུལ་སྒོར་ཁྲི191.86བཏང་ནས་མདའ་བཞི་རྫོང་གི2024ལོའི་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ཤིང་། རྫོང་ཁོངས་རོང་འབྲོག་ཁུལ་གྱི་སྡོད་ཁང་བདེ་འཇགས་འགན་ལེན་ལས་དོན་སྔར་ལས་ཁག་ཐེག་བྱས་ནས2023ལོའི་ཡོམ་འགོག་སྒྱུར་བཀོད་དུད་ཚང10ཡི་རྣམ་གྲངས་ཚང་མ་ལེགས་གྲུབ་བྱུང་བ་དང་། 2024ལོ་འཁོར་གྱི་དབུལ་སྒྲོལ་དུད་ཚང་དང་ལྟ་ཞིབ་ཚད་ལེན་དུད་ཚང་གི་སྡོད་ཁང་བདེ་འཇགས་གྲལ་བཤེར་གསལ་འབྱེད་ལས་དོན་ཁྱོན་ཡོངས་ནས་སྤེལ་མགོ་ཚུགས།

དེ་དང་ཆབས་ཅིག  མདའ་བཞི་རྫོང་གིས“རོང་འབྲོག་པས་ས་གནས་དེ་གར་ལས་ཞུགས་བྱེད་པ་དང་། ས་གནས་དེ་གར་ཐོན་ལས་ཕྱོགས་བསྒྱུར་བྱེད་པ། ས་གནས་དེ་གར་ཐོན་རྫས་རིན་ཐང་འཕར་བ”བཅས་ཀྱི་བསམ་ཕྱོགས་ལྟར། མ་དངུལ་སྒོར་ཁྲི198བཏང་ནས《མདའ་བཞི་རྫོང་གི་ཡུལ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད》《མདའ་བཞི་རྫོང་གི་གྲོང་གསེབ་གནས་སྐོར་འཕེལ་རྒྱས་ཀྱི་འཆར་འགོད》བཟོས་པ་དང་། མདའ་བཞི་གྲོང་ཚོས་སྔ་རྗེས་སུ་གྲོང་གསེབ་དར་སྤེལ་གཏོང་བའི་མ་དངུལ་སོགས་རིགས་ཁག་གི་མ་དངུལ་སྒོར་ཁྲི3164བཏང་ནས་ཆུ་ཚན་མགྲོན་ཁང་བསྐྲུན་པ་དང་། ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་མ་མཐའི་ཁེ་སྤོགས་སྒོར་ཁྲི66བགོས་ནས་གྲོང་ཚོ་དང་ཁེ་ལས་ཀྱིས་ཐུན་མོང་ཐོག་གཉེར་སྐྱོང་ཐུབ་པ་མངོན་འགྱུར་བྱུང་ཡོད། ཁྱོན་སྡོམ་མ་དངུལ་སྒོར་ཁྲི1550བཏང་ནས་མཚོ་ཤར་གྲོང་ཚོའི་གྲོང་གསེབ་གནས་སྐོར་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས། “ཐོན་སྐྱེད་དང་ཡུལ་ལྗོངས་མཉམ་འདྲེས་དང་། རོང་འབྲོག་གནས་སྐོར་མཉམ་འགུལ། རིག་གནས་གནས་སྐོར་མཉམ་འདྲེས”བཅས་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་མཚོ་སྔོན་པོ་མཐའ་འཁོར་གྱི་གྲོང་གསེབ་གནས་སྐོར་རིམ་སྤོར་བྱེད་པར་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད།

མདའ་བཞི་རྫོང་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་བྱེད་པའི་ལས་དོན་མཐའ་གཅིག་ཏུ་ཡག་པོ་བསྒྲུབས་ནས《མདའ་བཞི་རྫོང་གི་མཁར་གྲོང་འཚོ་བའི་གད་སྙིགས་ཡུལ་གཞན་དུ་བརྒྱུད་འདྲེན་དང་མེར་བསྲེགས་པའི་ལས་དོན་ཇུས་གཞི》བཟོས་ནས་འཚོ་བའི་གད་སྙིགས་གཙང་སེལ་དེ་ས་འོག་ཏུ་སྦས་པ་ནས“མེར་བསྲེགས་པའི”ཕྱོགས་སུ་ཕྱོགས་སྒྱུར་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད།  མིག་སྔར། འཚོ་བའི་གད་སྙིགས་ཏུན830ལྷག་ཙམ་བརྒྱུད་འདྲེན་དང་གཙང་སེལ་བྱས་ཤིང་། གྲོང་ཁྱེར་གྱི་སྔོ་འགྱུར་བདག་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་ནས་ནུབ་མཚོ་གྲོང་རྡལ་གྱི་ཁྲོམ་རར་རྩྭ་ལྗང་སྨི་གྲུ་བཞི་མ650བཏབ་པ་དང་། མ་རྡུལ་ལམ་དུ་ཆུ་འདྲེན་སྦུ་གུ66བཀོད་སྒྲིག་བྱས།  མཁར་ཟུར་གསུམ་གྲོང་རྡལ་གྱི་ཆུ་འགྲམ་སྲང་དང་ཟུར་གསུམ་ལྡུམ་ར། གྲོང་སྐོར་བྱང་ལམ་བཅས་སུ་མེ་ཏོག་དང་རྩྭ། ཤིང་ཕྲན་མཛེས་བཟོ་མུའུ4.5བྱས། བདེ་སྐྱིད་སྐྱེལ་ཚལ་དང་ཝང་ལུའོ་པིང་འདུ་ར། མགྲོན་བསུ་འདུ་ར་སོགས་སུ་སྔོ་འགྱུར་ཆུ་འདྲེན་སྦུ་གུ་སྨི256བཏིང་བ་དང་། སྔོ་འགྱུར་ཆུ་སྦུག120བཀོད་སྒྲིག་བྱས་ནས་མཁར་གྲོང་གི་སྐྱེ་ཁམས་སླར་གསོ་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། 2024ལོའི་ལོ་སྟོད་དུ་མདའ་བཞི་རྫོང་གི་གྲོང་རྡལ་གཉིས་ཀྱི་སྡེ་ལས་ཁྱབ་ཁོངས་སུ་ནགས་འཛུགས་རྩྭ་འདེབས་ཀྱི་བྱེད་སྒོ་ཐེངས15སྤེལ་བ་དང་། གཞིས་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ཐེངས15སྤེལ། ཁྱོན་སྡོམ་གད་སྙིགས་ཧྥང181གཙང་སེལ་བྱས་པས། མཁར་གྲོང་གི་གཙང་སྦྲའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་པ་དང་མི་སྡོད་ཁོར་ཡུག་ལ་རྣམ་པ་གསར་པ་མངོན་འགྱུར་བྱུང་ཡོད། 


མཉམ་སྤྱོད།