དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མདའ་བཞི་རྫོང་བཟོ་ལས་ཐོན་རྫས་བསྟུད་མར་ཕྱིར་གཏོང་དང་ཕྱིར་ཚོང་མངོན་འགྱུར་བྱུང་ཡོད།

2024-08-20 14:46:15   |   528

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་མཚོ་བྱང་ཁུལ་མདའ་བཞི་རྫོང་གི་བཟོ་ལས་ཐོན་རྫས“མཚོ་ཐོག་ཏུ་འདོན་རྒྱུའི”མྱུར་ཚད་མགྱོགས་སུ་ཕྱིན་ནས་བསྟུད་མར་ཕྱིར་གཏོང་དང་ཕྱིར་ཚོང་ཐུབ་ཡོད།

ཟླ6པའི་ཚེས20ཉིན་རྒྱ་གར་གྱི་ཀུའེ་ཛིར་ཏུན20ཕྱིར་གཏོང་བྱས་པ་དང་ཚོང་ཟོག་གི་རིན་ཐང་ཨ་སྒོར་ཁྲི4.4(མི་དམངས་ཤོག་སྒོར་ཁྲི31.33དང་མཚུངས)ཟིན་པ་དང་། ཟླ8ཚེས9ཉིན་ཨུ་རུ་སུར་ཀུའེ་པཱ་ཏུན50ཕྱིར་གཏོང་བྱས་པ་དང་ཚོང་ཟོག་གི་རིན་ཐང་ཨ་སྒོར་ཁྲི6.65(མི་དམངས་ཤོག་སྒོར་ཁྲི47.35དང་མཚུངས)ཟིན་ནས་མདའ་བཞིའི་ཕྱི་ཕྱོགས་ཚོང་དོན་དཔལ་འབྱོར་གྱི་ཤོག་ལྷེ་གསར་པ་ཞིག་ཕྱེ་བ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། མདོག་ལྡན་ལྕགས་རིགས་ཐོན་རྫས་ཁག་དེ་གཉིས་ནི་མདའ་བཞི་རྫོང་མཚོ་སྔོན་དུས་རབས་ཨའོ་ཁའེ་གཏེར་བཞུ་འཕེལ་རྒྱས་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཐོན་རྫས་ཡིན་པ་རེད། ཐེངས་འདིར་གྲུབ་འབྲས་ཐོབ་པའི་ངང་རྩིས་སྤྲོད་བྱས་པ་དེས་མདའ་བཞི་རྫོང་གི་བཟོ་ལས་ཐོན་རྫས“ཕྱི་རྒྱལ་དུ་བཏོན་པའི”ཚད་བརྒལ་གསར་པ་མངོན་འགྱུར་བྱུང་བ་མ་ཟད། ཕྱི་རྒྱལ་གྱི་ཁྲོམ་རར་རྨོ་འདེབས་གཏིང་ཟབ་བྱས་ནས་ཐོབ་པའི་གྲུབ་འབྲས་གསར་པ་ཞིག་ཀྱང་རེད། སྤུས་ཚད་མཐོ་བའི་ཁིར་རིགས་བསྲེས་ལྕགས་དང་སྭེལ་རིགས་བསྲེས་ལྕགས་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་ཁེ་ལས་ཤིག་ཡིན་པས། མཚོ་སྔོན་དུས་རབས་ཨའོ་ཁའེ་གཏེར་བཞུ་འཕེལ་རྒྱས་ཚད་ཡོད་ཀུང་སིར་མིག་སྔའི་ལས་རིགས་ནང་ཁུལ་གྱི་སྔོན་ཐོན་གྱི་དམིགས་བསལ་བསྲེས་ལྕགས་ཐོན་སྐྱེད་སྒྲུབ་རིམ་ཡོད་པ་དང་སྔོན་དཔག་བྱས་ན2024ལོར་ཐོན་རྫས་རིན་ཐང་སྒོར་ཁྲི9000ཟིན་ནས2023ལོ་ལས73%འཕར་རྒྱུ་ཡིན་པ་རེད།

ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས་བློ་བརྟན་འགྱུར་མེད་ཀྱིས་རྫོང་ཡོངས་ཀྱི་ཕྱི་ཕྱོགས་ལ་ཕྱོགས་པའི་དཔལ་འབྱོར་འཕེལ་རྒྱས་དང་ཕྱི་ཕྱོགས་ཚོང་དོན་གྱི་གྲུབ་ཆ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། ཐོན་ལས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ། སྲིད་ཇུས་ཀྱི་ལེགས་ཆ་བཅས་ཟུང་འབྲེལ་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ཕྱི་ཕྱོགས་ཚོང་དོན་ཐོན་ལས་ཀྱི་གསོ་སྐྱོང་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱིས་ས་ཁོངས་ཀྱི་བཀག་རྒྱ་གཏོར་བ་དང་། ཕྱི་ཕྱོགས་ཚོང་རའི་མངགས་ཐོའི་དགོས་མཁོར་དོ་སྣང་ཆེན་པོ་བྱེད་པ། ཚོང་གཉེར་ཐབས་ཇུས་འགྱུར་ལྡོག་ཧུར་ཐག་གཏོང་བ་བཅས་བྱས་ཏེ་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་ལས་སྦྲེལ་ཐག་གི་ཕྱིར་གཏོང་ཉོ་ཚོང་རྒྱ་ཆེར་གཏོང་བ་དང་། དུས་མཚུངས་སུ་སྐྱེ་ལྡན་ལུད་དང་མདོག་ལྡན་ལྕགས་རིགས་ཐོན་ལས་སྦྲེལ་ཐག་སྣུར་སྲིང་ཧུར་ཐག་བྱས་ནས་ཐོན་རྫས་དང་ཞབས་ཞུ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་མང་པོ་ལེགས་འགྲུབ་བྱུང་ཡོད། 2023ལོར་ཤིན་ཧྲེང་ཚོང་དོན་སྡེབ་སྐྱེལ་ཀུང་སི་དང་ཡུས་ཧུང་ཚན་རྩལ་ཀུང་སི་སོགས་ཕྱི་ཕྱོགས་ཚོང་དོན་ལས་སྒོ“རྒྱུད་གཅིག་ལམ་གཅིག”ནང་ཞུགས་ནས་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་དངུལ་འབོར་སྒོར་ཁྲི475ཟིན་པ་དེ་དུས་མཚུངས་ལས92%འཕར་ཡོད།

མདའ་བཞི་རྫོང་གིས“ཕྱིར་སྐྱོད་པའི”འཕེལ་རྒྱས་འཐབ་ཇུས་སྲ་བརྟན་དུ་བཏང་ནས་ཕྱི་ཕྱོགས་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སྲོལ་རྒྱུན་ཁེ་ལས་ཀྱི་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། ཐོན་ལས་གྲུབ་ཆ་ལེགས་སྒྱུར། ཕྱི་ཕྱོགས་དཔལ་འབྱོར་འཕེལ་རྒྱས་གཏོང་བ། ཚོང་རའི་ཕྱིར་ཚོང་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་སྟེ། རང་ཡུལ་གྱི་ཁེ་ལས་རྒྱལ་སྤྱིའི་ཚོང་རའི་ནང་སྟོབས་ཤུགས་ཆེ་རུ་བཏང་ཡོད།


མཉམ་སྤྱོད།