དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2023ལོར་རྒྱལ་ཡོངས་སུ་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་མཁན་མི་ཁྲི474ཡོད།

2022-12-24 13:01:06   |   393

རྩོམ་སྒྲིག   སངས་དོན།       ཡོང་ཁུངས།  ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་གསར་འགྱུར།       དུས་ཚོད།   2022-12-24


གསར་འགོད་པས་སློབ་གསོ་པུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2023ལོའི་རྒྱལ་ཡོངས་ཞིབ་འཇུག་སློབ་མའི་སློབ་བསྡུ་རྒྱུགས་ལེན་དེ2022ལོའི་ཟླ12པའི་ཚེས24ཉིན་ནས་ཚེས26བར་ལེན་རྒྱུ་རེད། རྒྱལ་ཡོངས་སུ་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་མཁན་མི་ཁྲི474ཡོད། སློབ་གསོ་པུ་ཡིས་ས་ཁུལ་སོ་སོས་རྩ་འཛུགས་མགོ་ཁྲིད་དང་མཐུན་རྐྱེན་འགན་སྲུང་། སློབ་མའི་རྒྱུགས་ལེན་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། རིམས་ནད་འགོག་སྡོམ་དང་རྒྱུགས་ལེན་རྩ་འཛུགས་བཅས་ལེགས་པོར་བསྒྲུབས་ནས། ནུས་ཤུགས་ཅི་ཡོད་ཀྱིས་དུས་ལྟར་རྒྱུགས་ལེན་ཐུབ་པ་དང་རྒྱུགས་ལེན་དགོས་པ་དག་རྒྱུགས་ལེན་པར་ཞུགས་ཐུབ་པ། བདེ་འཇགས་རྒྱུགས་སྤྲོད་ཀྱི་བྱ་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།


མཉམ་སྤྱོད།