དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གི་མགོ་ཁྲིད་རིམ་པས་རིག་གནས་གནས་སྐོར་ཐོན་རྫས་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་རྟོག་ཞིབ་བྱས།

2024-08-22 16:37:32   |   1645

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས20ཉིན། ཁུལ་ཨུའི་རྒྱུན་ཨུའམ་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་མདའ་བཞི་ཚོ་བར་བསྐྱོད་དེ་རིག་གནས་གནས་སྐོར་ཐོན་རྫས་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་རྟོག་ཞིབ་བྱས་པ་དང2024ལོའི་ཀྲུང་གོའི་རྡུལ་ཕྲན་གྲོང་གི་གསར་བརྗེའི་རིག་གནས་གནས་སྐོར་དུས་ཆེན་དང་མདའ་བཞིའི་སྨོན་ལམ་མཐོན་པོའི་རོལ་དབྱངས་དུས་ཆེན་སྐབས་བཅུ་བའི་གྲ་སྒྲིག་ལས་དོན་ལ་མཛུབ་ཁྲིད་བྱས་པ་དང་། ཐོན་རྫས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞབས་ཞུའི་ཞིབ་ཆ་ཇེ་་ལེགས་སུ་གཏོང་བ། བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་སྲུང་བཅས་བྱས་ཏེ་མདའ་བཞིའི་རོལ་དབྱངས་དུས་ཆེན་སྐབས་ལོ་བཅུ་བ་ཡག་པོ་སྒྲུབ་སྟེ། དུས་བབ་དང་བསྟུན་ནས་བདེ་བརྟན་མདའ་བཞིའི་རིག་གནས་གནས་སྐོར་ཐོན་རྫས་གཏོད་དགོས་ཞེས་ནན་བཤད་གནང་། རྫོང་རིམ་པའི་མགོ་ཁྲིད་ལོ་བརྒྱ་དང་ཝང་ཁའེ་ཆིང་། རྫོང་རིག་གནས་གནས་སྐོར་ཅུ་དང་སྤྱི་བདེ་ཅུ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཡུལ་དངོས་སུ་ཞུགས་ཡོད

图片1.png

རོལ་དབྱངས་དུས་ཆེན་གཉེར་བའི་ཡུལ་དངོས་ནས་སངས་འབུམ་གྱིས་རོལ་དབྱངས་དུས་ཆེན་གྱི་སྤྱི་ཡོངས་འཆར་འགོད་དང་། འཁྲབ་སྟོན་དཔུང་སྡེ་དང་འཁྲབ་སྟོན་དུས་ཚོད། ལྟད་མོ་བའི་གཞི་ཁྱོན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཆ་བྱས་པ་མ་ཟད། བྱེད་སྒོ་སྒྲིག་འཛུགས་དང་བདེ་འཇགས་འགན་ལེན། དྲིལ་སྒྲོག་འོས་སྤེལ། འགྲིམ་འགྲུལ་བཀོད་སྟོན། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་སོགས་ཀྱི་ལས་དོན་ཐད་ཞིབ་ཕྲའི་བླང་བྱ་ཡང་བཏོན་པ་དང་། འབྲེལ་ཡོད་སྡེ་ཁག་དང་བྱེད་སྒོ་གཙོ་གཉེར་ཕྱོགས་ཀྱིས་བདེ་འཇགས་ཨང་དང་པོར་འཇོག་པའི་འདུ་ཤེས་བརྟན་པོ་བཟོ་བ་དང་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ། རྩྭ་ཐང་མེ་ཟོན་དང་འགྲིམ་འགྲུལ་ལམ་འདྲེན། སྒྲིག་ལམ་སྲུང་སྐྱོང་དང་བཟའ་བཅའི་བདེ་འཇགས། སྨན་བཅོས་འགན་ལེན་སོགས་གཙོ་གནད་ལྷུ་ཚིགས་ཁག་ལ་དོ་སྣང་ཆེན་པོ་བྱེད་པ་དང་། འཕྲལ་སྡོམ་སྔོན་ཇུས་ཞིབ་ཅིང་ཕྲ་བའི་སྒོ་ནས་བཟོས་ཏེ་སྐྱོན་ཆ་དང་མངོན་མེད་རྐྱེན་ངན་འགོག་པ་མཐའ་གཅིག་ཏུ་བྱས་ནས་བདེ་འཇགས་གོ་རིམ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྤུས་ཚད་མཐོ་བའི་རོལ་དབྱངས་དུས་ཆེན་གཟབ་རྒྱས་ཤིག་གཉེར་དགོས་པའི་བླང་བྱ་བཏོན་པ། མདའ་བཞི་རོལ་དབྱངས་དུས་ཆེན་སྤེལ་ནས་ལོ་བཅུ་འཁོར་བ་གོ་སྐབས་སུ་བྱས་ནས་དྲིལ་སྒྲོག་དང་འོས་སྦྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་མདའ་བཞིའི་ལོ་བཅུའི་རིང་གི་མི་རིགས་དམངས་སྲོལ་རིག་གནས་འཕེལ་རྒྱས་ཀྱི་བརྒྱུད་རིམ་འགྲེམས་སྟོན་བྱེད་པ་དང་རང་རྫོང་གི་ཡུལ་ཐོན་ཐོན་རྫས་དང་རིག་གནས་གནས་སྐོར་གྱི་ཁྱད་ལྡན་ཐོན་ཁུངས་དྲིལ་སྒྲོག་དང་འོས་སྦྱོར་ཤུགས་ཆེན་བྱས་ཏེ་རང་རྫོང་གི་རིག་གནས་གནས་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་བ་དང་རིག་གནས་གནས་སྐོར་ཁྲོམ་རའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། མཉེན་ཆས་དང་མཁྲེགས་ཆས་ཀྱི་སྒྲིག་བཀོད་སྔར་བས་འཐུས་ཚང་དུ་བཏང་སྟེ་གནས་སྐོར་བའི་རོལ་རྩེད་ཉོ་སྒྲུབ་ཀྱི་ཕྱོགས་ཡོངས་ཀྱི་འགན་ལེན་ཡག་པོ་བྱེད་པ་དང་། རིག་གནས་གནས་སྐོར་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཡུལ་ལས་འདས་བ་དང་། སྣེ་ལེན་ཞབས་ཞུ་སྤྲོ་སེམས་འཁོལ་བ་དང་འཐུས་སྒོ་ཚང་བ། དྲིལ་སྒྲོག་འོས་སྦྱོར་གྱི་ཤུགས་རྐྱེན་རྒྱ་ཁྱབ་ཡིན་པ། བདེ་འཇགས་འགན་ལེན་ལ་ནོར་འཁྲུལ་གཏན་ནས་མེད་པ་བཅས་བྱས་ནས་མདའ་བཞིའི་རིག་གནས་གནས་སྐོར་གྱི་ཤུགས་རྐྱེན་དང་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་བ།


མཉམ་སྤྱོད།