དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སང་ལོ་ནས་བཟུང་བྱིས་པའི་མེ་འཁོར་སྤ་སེ་ཉོ་བར་འགྱུར་ལྡོག་བྱུང་འདུག

2022-12-25 12:51:21   |   280

རྩོམ་སྒྲིག   སངས་དོན།   ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།   ལོ་ཙཱ།  ཡེ་ཤེས་སྒྲོལ་མ།     དུས་ཚོད།  2022-12-25


2023ལོའི་ཟླ1ཚེས1ཉིན་ནས་བཟུང་བྱིས་པའི་གཟིགས་སྐྱོང་སྤ་སེ་དང་བྱིས་པ་རིན་མེད་ངང་མེ་འཁོར་སྡོད་པར་མིང་ངོ་མ་འགོད་པའི་ལམ་ལུགས་དོ་དམ་ལག་བསྟར་བྱ་རྒྱུ་དང་འབྲེལ། ལོ་ཚད་དབྱེ་ནས་གཟིགས་སྐྱོང་ཚད་གཞི་ལག་བསྟར་བྱ་རྒྱུ་རེད།  མེ་འཁོར་དུ་སྡོད་སྐབས་མི་དར་མ་གཅིག་གིས་ལོ་དྲུག་མན་གྱི་བྱིས་པ་གཅིག་རེ་རིན་མེད་ངང་ཁྲིད་ཆོག་ལ། བྱིས་པས་འདུག་ས་བཟུང་མི་ཆོག བྱིས་པ་གཅིག་ལས་བརྒལ་དུས། བྱིས་པའི་གཟིགས་སྐྱོང་སྤ་སེ་ཉོ་དགོས།  འགྲུལ་འཁོར་ལ་བསྡད་ནས་འགྲོ་དགོས་པའི་སློབ་མ་དང་ལྕགས་ལམ་སྐྱེལ་འདྲེན་ཁེ་ལས་ཀྱིས་ལམ་བར་ལྟ་སྐྱོང་བྱ་རྒྱུའི་མོས་མཐུན་བྱས་པའི་བྱིས་པ་ལས་གཞན། ལོ་ན14ལ་མ་སོན་པའི་བྱིས་པ་མི་དར་མ་དང་འགྲོགས་ནས་ལྗོངས་རྒྱུ་ལ་འགྲོ་དགོས།  འགྲུལ་པས་རིན་མེད་ངང་བྱིས་པ་མེ་འཁོར་ནང་ཁྲིད་དུས། སྤ་སེ་ཉོ་སྐབས་ལྕགས་ལམ་སྐྱེལ་འདྲེན་ཁེ་ལས་ལ་ངེས་པར་དུ་གསལ་གཤད་བྱེད་དགོས་ཤིང་། སྤ་སེ་ཉོ་བའི་གསལ་བཤད་སྐབས་སུ་རིན་མེད་སྤྱོད་པ་ཆོག་པའི་མེ་འཁོར་ལ་སྡོད་པའི་བྱིས་པའི་གོ་ཆོད་ཐོབ་ཐང་ལག་ཁྱེར་ནི་མེ་འཁོར་ལ་སྡོད་པའི་འཛིན་ཡིག་ཡིན།


མཉམ་སྤྱོད།