དེ་རིང་ནི2024ལོའི་ཟླ12པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས“ཚོགས་སྒྲིག་རྣམ་པའི”མཚོ་བྱང་གི་གནས་སྦྱར་ལས་བྱེད་པ་དང་བཞུགས་མོལ་གནང་པ།

2024-08-28 09:21:54   |   485

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས26ཉིན།   ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས“ཚོགས་སྒྲིག་རྣམ་པའི”མཚོ་བྱང་གི་གནས་སྦྱར་ལས་བྱེད་པ་དང་བཞུགས་མོལ་གནང་ལ།    ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྙིང་སྟོབས་ཀྱི་རྣམ་པ་བཟང་པོ་དང་བྱ་བའི་སྤྱོད་ཚུལ་ཏན་ཏིག་ལ་བརྟེན་ནས་བྱ་བའི་ངེས་གནས་གནད་འཁེལ་འཚོལ་བ་དང་། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བཅས་བྱས་ཏེ་འགན་འཁྲི་ནན་ཏན་སྒོས་སྒྲུབ་པ་དང་རང་འགུལ་ངང་མཚོ་བྱང་དང་མཉམ་འདྲེས་བྱས་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་བྱས་རྗེས་འཇོག་དགོས་པའི་སྐུལ་ལྕག་གནང་།

640.jpg

མཚོ་བྱང་གི་གནས་སྦྱར་ལས་བྱེད་ཚོགས་པའི་ཁོངས་མི་ཀྲང་ཅིན་པའོ་དང་ཧན་ཧྥིན། པའེ་ཙི་ཅུན། ཝང་ཞའོ་ནན་སོགས་མི་བཞིས་མཚོ་བྱང་དུ་བྱ་བའི་འགན་འཁྲི་སྒྲུབ་པའི་གནས་ཚུལ་ལ་དམིགས་ནས་སྙན་ཞུ་ཕུལ་བར་མ་ཟད། མཚོ་བྱང་ལ་ཞབས་འདེགས་ཞུ་བ་དང་མཚོ་བྱང་ལ་ལེགས་སྐྱེས་འབུལ་བའི་ཆོད་སེམས་དང་ཡིད་ཆེས་མངོན་པར་བྱས།

ཤ་བོ་སྐྱབས་ཀྱིས་གནས་སྦྱར་ལས་བྱེད་ཚོགས་པས་མཚོ་བྱང་དུ་བྱ་བ་སྒྲུབ་སྐབས་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ནས་བསྟན་དོན། མིག་སྔར་མཚོ་བྱང་ནི་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་བྱང་ལ"ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་བཅས"ཕྱོགས་གསུམ་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པའི་བླང་བྱ་གལ་ཆེན་གནང་ཡོད་ལ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས"243"གྱི་འཕེལ་རྒྱས་བཀོད་པ་གསར་པ་བསྐྲུན་པ་དང"མཚོ་བྱང་ལྔ"འཛུགས་སྐྲུན་གྱི་དམིགས་འབེན་ལ་དམིགས་ནས། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་སྙིང་སྟོབས་ཀྱི་བཙན་ས་ནུས་ཤུགས་ཡོད་རྒུས་གཏོད་པ། ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད། གནས་སྦྱར་ལས་བྱེད་པས་མཚོ་བྱང་གི་ཁྱད་ཆོས་དང་མཚོ་བྱང་གི་ལེགས་ཆ་གང་དུ་ཡོད་པ་གསལ་པོར་ཤེས་པར་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་ལེགས་ཆ་འདོན་སྤེལ་བྱས་ཏེ་མཚོ་བྱང་འཕེལ་རྒྱས་ཆེད་ཐབས་འདོན་ཇུས་འབུལ་དང་ལེགས་སྐྱེས་མང་ཙམ་དབུལ་བའི་རེ་བ་ཡོད་དེ།  གཅིག་ནས"རྒྱུག་མཐུད་དབྱུག་པ"ཡག་པོ་འཛིན་དགོས། སྔོན་གྱི་གནས་སྦྱར་ལས་བྱེད་པའི་སྤྱོད་ཚུལ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་དང་དར་སྤེལ་བཏང་ནས། མངག་གཏོང་ལས་ཁུངས་ཀྱི་སྔོན་ཐོན་ཉམས་མྱོང་དང་འཕེལ་རྒྱས་ཀྱི་འདུ་ཤེས་མཚོ་བྱང་དུ་འཁྱེར་ཡོང་སྟེ་གཞི་གྲངས་ཅན་དང་རེའུ་མིག་ཅན་གྱི་བྱ་བའི་ཟླ་རེའི་སྙན་ཞུའི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་དགོས། གནས་སྦྱར་བྱ་བ་ནི་རང་གི་བྱ་བ་དངོས་ལ་བརྩིས་པ་དང་མཚོ་བྱང་ས་ཆ་ནི་རང་གི་ཕ་ཡུལ་དུ་བརྩིས་ནས་མུ་མཐུད་འདབ་བརྩོན་བྱེད་པ་དང་དངོས་སྒྲུབ་དཀའ་ལས་སྤྱད་དེ། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ནས་རང་ཉིད་ཀྱི་ལག་པའི་ནང་གི་དབྱུག་པ་དེ་ཡག་པོར་འཛིན་དགོས། གཉིས་ནས“བར་མི”ཡག་པོ་ཞིག་བྱེད་དགོས། བདག་པོའི་རྣམ་འགྱུར་གྱིས་ཐོག་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་གཏིང་ཟབ་ཞུགས་པ་དང་། རང་འགུལ་གྱིས་མཚོ་བྱང་གི་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་དགོས་མཁོར་ཁ་གཏད་འཇལ་བ། མངག་གཏོང་ལས་ཁུངས་ཀྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་བཟོ་ལས་ཁེ་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བ། ལྗོངས་ཁུལ་དྲིལ་སྒྲོག་དང་འོས་སྦྱོར། གསར་བརྗེའི་ཉམས་ཞིབ་ཆས་རྟགས་གཏོད་པ་སོགས་ཐག་གཅོད་བྱ་དགོས་པའི་གཙོ་གནད་ལ་དམིགས་ནས་ཟམ་པ་དང་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས།  གསུམ་ནས"དངོས་སྒྲུབ་པ"ཡག་པོ་ཞིག་བྱེད་དགོས། "ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ"བཅས་ཀྱི་བླང་བྱ་ལག་བསྟར་ཧུར་ཐག་བྱས་ཏེ། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སྐྱེ་ཁམས་ཕྱུགས་ལས་ཀྱི"གཅིག་ཅན་དགུ"ཡི་བཟོ་སྐྲུན་ཆ་ཚང་། ཁེ་ལས་ཚད་ལོན་གསོ་སྐྱོང་། སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་བྱེད་པ་སོགས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གཙོ་གནད་བྱ་བར་དམ་པོར་དམིགས་ནས་མཚོ་བྱང་འཕེལ་རྒྱས་ཀྱི་བྱ་བ་མུ་མཐུད་ལེགས་པར་བསྒྲུབས་ཏེ་ངེས་པ་དོན་གྱིས་རང་ངོས་ཀྱི་ལེགས་ཆ་དེ་ཞིབ་ཕྲའི་འགུལ་སྐྱོད་དང་བྱ་བའི་གྲུབ་འབྲས་སུ་སྒྱུར་དགོས།  དེ་དང་ཆབས་ཅིག་རྩ་འཛུགས་སྡེ་ཁག་དང་འབྲེལ་ཡོད་ལས་ཁུངས་ཀྱིས་གནས་སྦྱར་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་གང་ལེགས་བྱས་ཏེ་ཆབ་སྲིད་ཐད་ཚད་མཐོའི་ཡིད་ཆེས་བྱེད་པ་དང་། བྱ་བའི་ཐད་རྒྱབ་སྐྱོར་གང་ལེགས་བྱེད་པ། འཚོ་བའི་ཐད་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་ཁུར་བཅས་བྱས་ནས་གནས་སྦྱར་ལས་བྱེད་པས་བྱ་བ་སྔར་བས་ཡག་པོ་སྤེལ་བ་དང་འཇོན་ཐང་སྔར་ལས་འདོན་སྤེལ་བྱེད་པར་ཆ་རྐྱེན་དང་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཟེར།  

ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་ཨུའི་རྩ་འཛུགས་པུ། ཁུལ་འཕེལ་བསྒྱུར་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོ་ཞུགས།


མཉམ་སྤྱོད།