དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《བདེན་འཚོལ》དུས་དེབ་སྟེང་དུ་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།

2024-09-06 10:44:39   |   478

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།   མཚོ་སྔོན་བོད་ཡིག་ཚགས་པར།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ཀུན་སྤྱོད་ཤེས་རིག་ལུས་རྩལ་མཛེས་རྩལ་ངལ་རྩོལ་བཅས་ཁྱོན་ཡོངས་ནས་གོང་འཕེལ་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་དགོས།

ཟླ9པའི་ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས17པའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ།《ཀུན་སྤྱོད་ཤེས་རིག་ལུས་རྩལ་མཛེས་རྩལ་ངལ་རྩོལ་བཅས་ཁྱོན་ཡོངས་ནས་གོང་འཕེལ་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས》ཞེས་པ་སྤེལ།

རྩོམ་ཡིག་ལས་བསྟན་དོན། མི་ཅི་འདྲ་ཞིག་སྐྱེད་སྲིང་བྱ་རྒྱུ་ནི་སློབ་གསོའི་གནད་དོན་གཙོ་བོ་རེད། རང་རྒྱལ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་ཀྱིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས། རང་རེའི་སློབ་གསོ་ཡིས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་སྐྱེད་སྲིང་བྱ་རྒྱུ་དེ་རྩ་བའི་ལས་འགན་དུ་བརྩི་བ་དང་། མི་རབས་ནས་མི་རབས་བར་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་བརྩི་བཀུར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེད་དུ་ཚེ་གང་འབད་འཐབ་བྱེད་འདོད་ཡོད་པའི་སྤྱོད་སྒོ་ཆེ་བའི་འཇོན་མི་སྐྱེད་སྲིང་བྱེད་དགོས་པ་ཐག་བཅད་ཡོད། ལས་མི་ཡོངས་ཀྱིས་མི་སྐྱེད་སྲིང་བྱེད་པ་དང་བརྒྱུད་རིམ་ཧྲིལ་པོས་མི་སྐྱེད་སྲིང་བྱེད་པ། ཕྱོགས་ཡོངས་ནས་མི་སྐྱེད་སྲིང་བྱེད་པ་བཅས་ཀྱི་སྒྲིག་སྲོལ་དང་ནང་རྐྱེན་སྔར་ལས་འཐུས་ཚང་དུ་བཏང་སྟེ། མི་རབས་ནས་མི་རབས་བར་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་དགོས་ཤིང་། དེ་ནི་སློབ་གསོ་བྱ་བའི་གཞི་རྩའི་ལས་འགན་ཡིན་ལ། སློབ་གསོ་དེང་རབས་ཅན་དུ་བསྒྱུར་བའི་ཁ་ཕྱོགས་དང་དམིགས་འབེན་ཡང་ཡིན།

རྩོམ་ཡིག་ལས་བསྟན་དོན། ང་ཚོས་སྐྱེད་སྲིང་བྱེད་དགོས་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པར་གཞི་རྩའི་སྤུས་མཚག་དང་བསམ་བློའི་རྣམ་པ་གང་འདྲ་ཞིག་འཛོམས་དགོས་པ་དང་། ཇི་ལྟར་སྐྱེད་སྲིང་བྱེད་དགོས་པའི་གནད་འགག་ནི་གཤམ་གསལ་ཕྱོགས་འགའི་ལས་དོན་ཡག་པོར་བསྒྲུབ་ཐུབ་མིན་ལ་རག་ལས་ཡོད་དེ། གཅིག་ནས་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བའི་ཐད་ཤུགས་འདོན་དགོས། ང་ཚོས་སྐྱེད་སྲིང་བྱས་པའི་མི་ལ་ངེས་པར་དུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་ཡོད་དགོས། སློབ་མའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན། ལམ་ལུགས་རང་རྟོན། རིག་གནས་རང་རྟོན་བཅས་ཀྱི་ཚད་མངོན་སུམ་གྱིས་ཇེ་དྲག་ཏུ་བཏང་ནས། མི་རིགས་བསྐྱར་དར་གྱི་དུས་རབས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་ལེན་པའི་ཐད་ནས་བློ་ཐག་རྦད་ཆོད་བྱེད་དགོས། གཉིས་ནས་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་སྤེལ་བྱེད་པའི་ཐད་ཤུགས་འདོན་དགོས། རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་ཀྱི་བསམ་པ་དང་མི་རིགས་ཀྱི་བླ་སྲོག་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་པར་ཐོག་མར་སློབ་མའི་རྒྱལ་གཅེས་ཀྱི་བརྩེ་སེམས་སྐྱེད་སྲིང་བྱེད་དགོས། སློབ་མར་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་ཡོད་པ་དང་བརྩི་བཀུར་བྱེད་པ་དང་། ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ། མི་དམངས་ཀྱི་ཁྲོད་ནས་རྐང་ཚུགས་ཐུབ་པ། རྒྱལ་ཁབ་ཀྱི་ཆེད་དུ་གསོལ་འབུལ་བྱེད་པ་བཅས་ཀྱི་བློ་སེམས་ཡོད་པར་སློབ་གསོ་དང་ཁྲིད་སྟོན་གང་ལེགས་བྱེད་དགོས། གསུམ་ནས་ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་པའི་ཐད་ཤུགས་འདོན་དགོས། ཀུན་སྤྱོད་སྔོན་ལ་འཛུགས་པ་དང་རང་གཅུན་རྩ་བར་འཛིན་རྒྱུ་ནི། འཇོན་མི་འཚར་ལོངས་ཡོང་བའི་གཞི་རྩའི་གཏན་ཚིགས་ཡིན། སློབ་མར་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པའི་ཐད་ནས་སློབ་གསོ་དང་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཀུན་སྤྱོད་མཛེས་ཤིང་སྤྱི་སེམས་ཆེ་ལ།  ཀུན་སྤྱོད་ལ་བརྟེན་ནས་བློ་སྦྱོང་བྱེད་པ་དང་། ཏན་ཏན་ཏིག་ཏིག་གིས་ཀུན་སྤྱོད་ཡག་པོ་སྐྱེད་སྲིང་བྱས་ནས། གཅེས་སེམས་ཆེན་པོ་དང་ཀུན་སྤྱོད་ཡག་པོ། བརྩེ་སེམས་ཆེན་པོ་ལྡན་པའི་མི་ཞིག་ཏུ་འགྱུར་བར་འབད་དགོས་པའི་སློབ་གསོ་གཏོང་དགོས། བཞི་ནས་ཤེས་བྱ་དང་མཐོང་རྒྱ་ཆེ་རུ་གཏོང་རྒྱུའི་ཐད་ཤུགས་འདོན་དགོས། ཤེས་བྱ་སློབ་སྦྱོང་བྱ་རྒྱུ་ནི་སློབ་མའི་ལས་འགན་ཡིན། སློབ་མར་སློབ་སྦྱོང་གི་དུས་ཚོད་ལ་གཅེས་སྤྲས་བྱེད་པ་དང་། བློ་རྩེ་གཅིག་སྒྲིམ་བྱེད་པར་སྐུལ་མ་བཏང་ནས། ཤེས་བྱ་འཚོལ་བ་དང་སློབ་སྦྱོང་བྱེད་པའི་ཁྲོད་དུ་མཐོང་རྒྱ་སྔར་ལས་ཆེ་རུ་གཏོང་བ་དང་། ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། བདེན་དོན་འཚོལ་བ་དང་གནས་ལུགས་རྟོགས་པར་བྱེད་པ། གནས་ལུགས་གསལ་པོ་ཡོང་བར་བྱེད་པ་བཅས་ཀྱི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། ལྔ་ནས་འབད་འཐབ་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱེད་པའི་ཐད་ཤུགས་འདོན་དགོས། སློབ་མར་ཕུགས་འདུན་ཆེན་པོ་བསྐྲུན་པ་དང་འགན་འཁྲི་འཁུར་ཕོད་པ། འབད་འཐབ་ལྷོད་མེད་བྱེད་ཕོད་པ་བཅས་ཀྱི་སྙིང་སྟོབས་སྦྱོང་བརྡར་བྱེད་དུ་འཇུག་པ་དང་། འབད་འཐབ་བྱེད་ཕོད་པའི་བསམ་བློའི་རྣམ་པ་དང་། སྤྲོ་སྣང་ཡར་ཐོན་གྱི་མི་ཚེའི་རྣམ་འགྱུར་ལྡན་པར་སློབ་གསོ་དང་ཁྲིད་སྟོན་གང་ལེགས་བྱས་ཏེ། ཤེས་བྱ་གཅིག་གྱུར་དང་བློ་བརྟན་ཡར་ཐོན། འབད་བརྩོན་ལྷོད་མེད་བཅས་བྱེད་དགོས་པའི་སློབ་གསོ་གཏོང་དགོས། དྲུག་ནས་ཕྱོགས་བསྡུས་བྱང་ཚད་ཇེ་མཐོར་གཏོང་བའི་ཐད་ཤུགས་འདོན་དགོས། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ངེས་པར་དུ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་དགོས། སློབ་མར་ཕྱོགས་བསྡུས་ནུས་པ་སྐྱེད་སྲིང་དང་གསར་གཏོད་ཀྱི་བསམ་གཞིག་སྐྱེད་སྲིང་བྱེད་པར་སློབ་གསོ་དང་ཁྲིད་སྟོན་གང་ལེགས་བྱེད་དགོས། བདེ་ཐང་ཨང་དང་པོར་འཇོག་པའི་སློབ་གསོའི་འདུ་ཤེས་བཙུགས་ནས་ལུས་རྩལ་སློབ་ཚན་འདང་ངེས་བཀོད་སྒྲིག་བྱེད་དགོས། སློབ་གྲྭའི་མཛེས་དཔྱོད་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། སློབ་མའི་མཛེས་དཔྱོད་དང་མི་ཚུལ་བློ་སྦྱོང་སྔར་ལས་ཇེ་མཐོར་གཏོང་དགོས། སློབ་མའི་ཁྲོད་དུ་ངལ་རྩོལ་གྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་དང་། སློབ་མར་ངལ་རྩོལ་ལ་བརྩི་མཐོང་དང་བརྩི་འཇོག་བྱེད་པའི་ཐད་ནས་སློབ་གསོ་དང་ཁྲིད་སྟོན་གང་ལེགས་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། ཀུན་སྤྱོད་ཤེས་རིག་ལུས་རྩལ་མཛེས་རྩལ་ངལ་རྩོལ་བཅས་ཁྱོན་ཡོངས་ནས་སྐྱེད་སྲིང་བྱེད་པའི་སློབ་གསོའི་མ་ལག་འབད་པས་བསྐྲུན་ནས། ཆུ་ཚད་སྔར་ལས་མཐོ་བའི་འཇོན་མིའི་སྐྱེད་སྲིང་མ་ལག་གྲུབ་པར་འབད་དགོས། ཀུན་སྤྱོད་འཛུགས་སྐྲུན་དང་མི་སྐྱེད་སྲིང་བྱེད་རྒྱུ་དེ་བསམ་བློ་ཀུན་སྤྱོད་སློབ་གསོ་དང་རིག་གནས་ཤེས་བྱའི་སློབ་གསོ། སྤྱི་ཚོགས་ལག་ལེན་སློབ་གསོ་བཅས་ཀྱི་ལྷུ་ཚིགས་སོ་སོར་སིམ་པར་བྱས་ཏེ། རྨང་གཞིའི་སློབ་གསོ་དང་ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ་བཅས་ཀྱི་ཁྱབ་ཁོངས་སོ་སོར་ཁྱབ་པར་བྱེད་རྒྱུ་དང་། རིག་ཚན་མ་ལག་དང་སློབ་ཁྲིད་མ་ལག སློབ་དེབ་མ་ལག དོ་དམ་མ་ལག་བཅས་ཀྱིས་དམིགས་འབེན་དེར་དམིགས་ནས་ཇུས་འགོད་ཞིབ་ཚགས་བྱེད་དགོས་ལ། དགེ་རྒན་གྱིས་དམིགས་འབེན་དེར་དམིགས་ནས་སློབ་ཁྲིད་བྱེད་པ་དང་། སློབ་མས་དམིགས་འབེན་དེར་དམིགས་ནས་སློབ་སྦྱོང་བྱེད་དགོས། དམིགས་ཡུལ་འདི་མངོན་འགྱུར་བྱེད་པར་མི་ཕན་པའི་བྱེད་སྟངས་ཡོད་ཚད་མཐའ་གཅིག་ཏུ་བསྒྱུར་བཅོས་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། སློབ་དེབ་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་དགོས། སློབ་དེབ་ནི་ཤེས་བྱ་ཁྱབ་སྤེལ་བྱེད་པའི་གཞི་རྟེན་གཙོ་བོ་ཡིན་པ་དང་། དེས་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་རིན་ཐང་འདུ་ཤེས་མ་ལག་མཚོན་གྱིན་ཡོད་ལ། དེ་ནི་དགེ་རྒན་གྱིས་སློབ་ཁྲིད་དང་སློབ་མས་སློབ་སྦྱོང་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཀྱང་ཡིན་པས། སློབ་དེབ་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་དང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་བླང་བྱ་མཚོན་དགོས་ཤིང་། ཀྲུང་གོ་དང་ཀྲུང་ཧྭ་མི་རིགས་ཀྱི་ཉམས་འགྱུར་མཚོན་དགོས་ལ། ཏང་དང་རྒྱལ་ཁབ་ཀྱིས་སློབ་གསོར་བཏོན་པའི་གཞི་རྩའི་བླང་བྱ་མཚོན་དགོས་པར་མ་ཟད། རྒྱལ་ཁབ་དང་མི་རིགས་ཀྱི་གཞི་རྩའི་རིན་ཐང་ལྟ་བ་མཚོན་དགོས་ཤིང་། མིའི་རིགས་ཀྱི་རིག་གནས་ཤེས་བྱ་གསོག་འཇོག་དང་གསར་གཏོད་བྱེད་པའི་གྲུབ་འབྲས་ཀྱང་སྒོ་ཀུན་ནས་མཚོན་ཐུབ་དགོས། །


མཉམ་སྤྱོད།