སྒྲིག་སྒྱུར། སངས་དོན། ཡོང་ཁུངས། ཞིན་ཧྭ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་དང་ཙུང་ལི་གཅིག་ལྕོགས་མོ་ཧན་མོ་ཏེས་གདན་ཞུས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཟླ9པའི་ཚེས11ཉིན་གྱི་དགོང་མོར་གནམ་གྲུར་བསྡད་དེ་ཨབ་ཀྲ་པེ་ཀྲ་ཡེ་ཏེ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་དངོས་སུ་འཚམས་འདྲི་གནང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་ཀྲུང་གོའི་ལས་དོན་གྱི་དམིགས་བསལ་ཕོ་ཉ་ཧ་ལེ་ཏུན་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་དབྱི་མིང་གནམ་ཐང་དུ་ཕེབས་ནས་བསུ་བ་བྱས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིའུ་པིན་གྱིས་པར་བླངས།།
ཤིན་ཧྭ་གསར་འགྱུར་ཁང་ཨབ་ཀྲ་པེ་ནས་ཟླ9པའི་ཚེས11ཉིན་འབྱོར་བའི་གློག་འཕྲིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་དང་ཙུང་ལི་གཅིག་ལྕོགས་མོ་ཧན་མོ་ཏེས་གདན་ཞུས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཟླ9པའི་ཚེས11ཉིན་གྱི་དགོང་མོར་གནམ་གྲུ་བསྡད་དེ་ཨབ་ཀྲ་པེ་ཀྲ་ཡེ་ཏེ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་དངོས་སུ་འཚམས་འདྲི་གནང་མགོ་བརྩམས།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་ཀྲུང་གོའི་ལས་དོན་གྱི་དམིགས་བསལ་ཕོ་ཉ་ཧ་ལེ་ཏུན་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་དབྱི་མིང་གནམ་ཐང་དུ་ཕེབས་ནས་བསུ་བ་བྱས།
ལི་ཆང་གིས་ཀྲུང་ཨའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ40ཡི་རིང་། ཕྱོགས་གཉིས་པོའི་འབྲེལ་བ་སྔ་ཕྱི་བར་གསུམ་དུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་འབྲེལ་བ་ཡུན་རིང་བརྟན་དུ་སོང་བ་དང་དེ་བས་གསོན་ཤུགས་ཀྱིས་ཁེངས་ཡོད། ད་ལོའི་ཟླ5པར་ཞི་ཅིན་ཕིང་ཀྲུའུ་ཞི་དང་ཙུང་ཐུང་མུའུ་ཧན་མོ་ཏེ་མཇལ་འཛོམས་གནང་ནས་ཐུན་མོང་ཐོག་ཀྲུང་ཨའི་འབྲེལ་བའི་འཆར་གཞི་གསར་པ་བཀོད་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་བསྟན།
ལི་ཆང་གིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་ཀྲུང་ཨའི་འབྲེལ་བ་ཁྱོན་ཡོངས་དང་མགྱོགས་མྱུར། གཏིང་ཟབ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཕྱིན་པ་དང་། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཀྱི་ཕྱོགས་སུ་སྐྱོད་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཉིན་བཞིན་འཁྲུག་ཏུ་འགྲོ་བ་བཅས་བྱུང་ཡོད། རྒྱལ་ཁབ་གཉིས་པོས་ཕྱོགས་མང་ལས་སྟེགས་ཐོག་འབྲེལ་གཏུག་དང་གཞོགས་འདེགས་དམ་ཟབ་བྱས་ནས་ས་ཁུལ་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་རྒྱུན་མཐུད་ངང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུང་པ་རེད། ངས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ་དང་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་དང་སྤེལ་རེས་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་གི་ངོས་འཛིན་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ་དང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ40འཁོར་བ་གོ་སྐབས་སུ་བཟུང་ནས་ཀྲུང་གོ་དང་ཨ་རབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུང་པ་རེད།
ལི་ཆང་གིས་ཀྲུང་གོ་དང་སོ་ཏི་ཨ་རབ་དབར་གྱི་རིམ་པ་མཐོ་བའི་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་ཞིང་། སོ་ཏི་ཨ་རབ་ལ་དངོས་སུ་འཚམས་འདྲི་གནང་རྗེས་ཨབ་ཀྲ་པེར་འབྱོར་བ་རེད། རི་ཡ་ཏེ་ནས་ཞལ་གྱེས་སྐབས་རི་ཡ་ཏེ་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་མུའུ་ཧན་མོ་ཏེ་ཆིན་ཝང་དང་། སོ་ཏི་ཨ་རབ་ཀྱི་ཚོང་དོན་བློན་ཆེན་ཁ་སི་པི། སོ་ཏི་ཨ་རབ་ཏུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲང་ཧྭ་སོགས་གནམ་ཐང་དུ་ཕེབས་ནས་སྐྱེལ་མ་བྱས།