དེ་རིང་ནི2024ལོའི་ཟླ10པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་སྟོན་སྐབས་སུ་ཉིན་བདུན་གྱི་ངལ་གསོའི་དུས་ཚོད་འདུག

2024-09-19 11:21:20   |   703

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


གུང་གསེང་གཏོང་བའི་དུས་ཚོད་ནི་གཤམ་གསལ་ལྟར།    

ཟླ10པའི་ཚེས1ཉིན་ནས་ཟླ10པའི་ཚེས7ཉིན་བར་རེད།

ཡིན་ནའང་། དོ་སྣང་བྱེད་དགོས་པ་ཞིག་ནི།   

ཟླ9པའི་ཚེས29ཉིན།(གཟའ་ཉི་མ།) 

ཟླ10པའི་ཚེས12ཉིན།(གཟའ་སྤེན་པ།) 

ཉིན་འདི་གཉིས་ལ་སྔར་བཞིན་ལས་ཞུགས་བྱེད་དགོས་འདུག

微信图片_20240919113508.png

རྒྱལ་སྟོན་གྱི་གུང་གསེང་རིང་མྱུར་བགྲོད་རིན་མེད་རེད།  

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བརྡ་སྦྱོར་གྱི་བླང་བྱ་ལྟར།     

2024ལོའི་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་།     

རྒྱལ་ཡོངས་ཀྱི་གྲོན་བསྡུའི་གཞུང་ལམ་གྱིས་མུ་མཐུད་དུ།     

མི་བདུན་དང་མི་བདུན་གྱི་མན་སྡོད་ཆོག་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ལ་འགྲོ་སྐྱོད་གྲོན་དངུལ་བསྡུ་རྒྱུ་མ་རེད།

ཞིབ་ཕྲའི་རིན་མེད་དུས་ཚོད་ནི་འདི་ལྟ་སྟེ།

ཟླ10པའི་ཚེས1ཉིན00:00ནས་མགོ་བརྩམས་ཏེ།

ཟླ10པའི་ཚེས7ཉིན24:00མཇུག་བསྒྲིལ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཡོངས་བསྒྲགས་བྱས་པའི་ཡིག་ཆ《དུས་ཆེན་དང་གུང་གསེང་གལ་ཆེན་རིང་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་འགྲོ་སྐྱོད་གྲོན་དངུལ་རིན་མེད་བྱེད་པའི་ལག་བསྟར་ཇུས་གཞི》གཞིར་བཟུང་དཔྱིད་གསར་དུས་ཆེན་དང་། དྭངས་གསལ་དུས་ཆེན། ངལ་རྩོལ་དུས་ཆེན། རྒྱལ་སྟོན་དུས་ཆེན་བཅས་དུས་ཆེན་དང་གུང་གསེང་གལ་ཆེན4ལ་དམིགས་ཏེ་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས7མན་གྱི་མྱུར་བགྲོད་གཞུང་ལམ་ཐོག་རིན་མེད་ངང་འགྲོ་སྐྱོད་བྱེད་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།      

གྲོན་བསྡུའི་གཞུང་ལམ་དཀྱུས་མས་རླངས་འཁོར་གྲོན་བསྡུའི་ས་ཚིགས་ཀྱི་གྲོན་བསྡུའི་འཁོར་ལམ་བརྒྱུད་པའི་དུས་ཚོད་གཞིར་འཛིན་རྒྱུ་དང་། མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་གྲོན་བསྡུའི་ས་ཚིགས་ནས་ཁ་བྲལ་བའི་གྲོན་བསྡུའི་འཁོར་ལམ་གྱི་དུས་ཚོད་གཞིར་འཛིན་དགོས།


མཉམ་སྤྱོད།