དེ་རིང་ནི2024ལོའི་ཟླ10པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལི་ཆང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་སྲིད་གཞུང་གི་མགོ་གཙོ(ཙུང་ལི)ལས་འཛིན་ལྷན་ཚོགས་ལ་ཞུགས།

2024-10-17 09:49:56   |   180

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   ཞིན་ཧྭ་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་། 


05.jpg

ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དབྱི་སི་ལན་པའོ་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་སྲིད་གཞུང་གི་མགོ་གཙོ(ཙུང་ལི)ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གསུམ་པར་ཞུགས་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཐའོ་ཡིས་པར་བླངས། 

ཤིན་ཧྭ་གསར་འགྱུར་ཁང་དབྱི་སི་ལན་པའོ་ནས་ཟླ10པའི་ཚེས16ཉིན་འབྱོར་བའི་གློག་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས16ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དབྱི་སི་ལན་པའོ་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་སྲིད་གཞུང་གི་མགོ་གཙོ(ཙུང་ལི)ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གསུམ་པར་ཞུགས་པ་རེད།  བྷེ་ཨུ་རུ་སུའི་ཙུང་ལི་ཀེ་ལུའོ་ཕུའུ་ཆིན་ཁོ་དང་། ཧ་སག་སི་ཐན་གྱི་ཙུང་ལི་པེ་ཁེ་ཅེ་ནུའོ་ཕུའུ། ཁེར་གྷི་སི་ཐན་གྱི་ཙུང་ལི་ཀྲ་ཕ་ལུའོ་ཕུའུ། ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིན། ཐ་ཇིག་སི་ཐན་གྱི་ཙུང་ལི་ལ་སུར་ཙུའོ་ཏ། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལི་པོ་ཧྥུའུ། རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཀྲང་སུའུ་ཅེ་ཧྲེང་། དབྱི་རན་གྱི་བཟོ་ལས་གཏེར་ལས་དང་ཚོང་དོན་པུ་ཀྲང་ཨ་ཐ་པ་ཁེ་བཅས་དང་དེ་བཞིན་ལྟ་ཞིབ་པའི་རྒྱལ་ཁབ་སྟེ་སོག་པའོ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨེར་ཏེང་། ཚོགས་འདུ་གཙོ་གཉེར་རྒྱལ་ཁབ་ཀྱི་སྐུ་མགྲོན་ཏུར་ཁུའུ་མན་སི་ཐན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུ་ཀྲང་གཅིག་ལྕོགས་མེ་ལེ་ཏུའོ་ཕུའུ་བཅས་ཚོགས་འདུར་ཞུགས་པ་དང་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 

ལི་ཆང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་རེད། ད་ལོའི་ཟླ7པའི་ཨ་སི་ཐ་ནའི་དབུ་ཚོགས་ཐོག་ཞི་ཅིན་ཕིང་དང་ཁོངས་མིའི་རྒྱལ་ཁབ་ཁག་གི་མགོ་ཁྲིད་རྣམས་ལག་གདང་སྦྲེལ་ནས་མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས། ཞི་བདེ་བདེ་འཇགས། དར་རྒྱས་གོང་འཕེལ། ཁྱིམ་མཚེས་མཛའ་མཐུན། དྲང་སྙོམས་དྲང་བདེན་བཅས་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐུན་མོང་ཁྱིམ་གཞིས་བསྐྲུན་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། དེ་ལྟ་བུའི་ཐུན་མོང་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་ན། སྔར་ལས་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་རྨང་གཞི་དང་། སྔར་ལས་ཡིད་རྟོན་རུང་བའི་བདེ་འཇགས་ཀྱི་འགན་སྲུང་། སྔར་ལས་དམ་པའི་དཔལ་འབྱོར་གྱི་འབྲེལ་ཐག སྔར་ལས་ཟབ་པའི་མཛའ་གྲོགས་ཀྱི་བརྩེ་བ། སྔར་ལས་མཐུན་སྦྱོར་ལྡན་པའི་ཕྱོགས་མང་མཉམ་ལས་བཅས་བྱེད་དགོས་པ་བསྟན།  

ལི་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་གཙོ་བདག་གི་ཐུན་མོང་ངོས་འཛིན་དེ་ནུས་ལྡན་གྱི་བྱ་སྤྱོད་དུ་དོན་འཁྱོལ་བྱས་ཏེ“ཐུན་མོང་གི་ཁྱིམ་གཞིས་ལྔའི”མཛེས་སྡུག་ལྡན་པའི་འདུན་མ་དེ་དངོས་ཡོད་དཔེ་རིས་སུ་མངོན་འགྱུར་བྱེད་འདོད་ཡོད་ཅེས་གསུངས། ལི་ཆང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་གྲོས་མགོ་བཞི་བཏོན་པ་སྟེ། གཅིག་ནི་འགན་འཁྲི་དང་ལས་འགན་ལ་དམིགས་ནས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྗེས་མའི་ལོ་བཅུའི་འཕེལ་རྒྱས་འཐབ་ཇུས་ཡག་པོ་བཟོ་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི“ལམ་རིས”ཡག་པོ་བཟོ་བ། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། འབྲེལ་འདྲིས་གླེང་མོལ་བྱས་ནས་འགལ་བ་ཞི་འཇགས་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། གཉིས་ནི་འཕེལ་རྒྱས་ཀྱི་དགོས་མཁོར་དམ་པོར་དམིགས་ནས་དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས། དབུལ་ཕོངས་ཉུང་གཏོང་དང་གྲངས་འཛིན་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ས་ཁུལ་གྱི་ཉོ་ཚོང་མ་འཇོག་སྟབས་བདེ་ཅན་དང་ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་དང་ཤར་གཏོང་ཐུབ་པ་སྲུང་སྐྱོང་བཅས་བྱས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གསར་སྤེལ་དངུལ་ཁང་གྲབས་འཛུགས་ཧུར་ཐག་བྱེད་དགོས། གསུམ་ནི་ཉེན་ཁ་གཙོ་བོར་དམིགས་ནས་ཁ་གཏད་ཧུར་ཐག་འཇལ་དགོས། མཉམ་འབྲེལ་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་གཏོང་བ་དང“སྟོབས་ཤུགས་གསུམ”ལ་རྡུང་རྡེག་གཏོང་བ། བདེ་འཇགས་ཀྱི་འཇིགས་སྐུལ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ཕྱོགས་བསྡུས་ལྟེ་གནས། དུག་འགོག་ལྟེ་གནས་སོགས་དུས་ཚོད་དམ་འཛིན་གྱིས་བསྐྲུན་དགོས། བཞི་ནི་མང་ཚོགས་ཀྱི་རེ་སྒུག་དང་བསྟུན་ནས་མི་སྣ་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་བྱེད་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གྲངས་འཛིན་སློབ་གསོའི་མནའ་འབྲེལ་འཛུགས་སྐྲུན་ཡག་པོ་བྱེད་པ། དམངས་ཁྲོད་མཛའ་མཐུན་གླེང་སྟེགས་སོགས་སྤུས་རྟགས་བྱེད་སྒོ་ཡག་པོ་གཉེར་བ། དམངས་ཁྲོད་ཀྱི་མཛའ་མཐུན་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། 

ཚོགས་ཞུགས་ཕྱོགས་ཁག་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱིས“ཧྲང་ཧའེ་ཡི་སྙིང་སྟོབས”མཐའ་འཁྱོངས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱ་རྒྱུ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་བ་བཅས་བྱས་ཏེ། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་བསྟན་པ་དང་། རྙོག་འཛིང་ཆེ་ལ་གཡོ་འགུལ་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་གི་མདུན་དུ་ཕྱོགས་ཁག་གིས་ཨ་སི་ཐ་ནའི་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། མཐུན་སྒྲིལ་མཉམ་ལས་དམ་ཟབ་བྱེད་པ། ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་རྒྱུ་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དཔལ་འབྱོར་ཚོང་དོན་དང་བདེ་འཇགས། ཕན་ཚུན་སྦྲེལ་མཐུད། ནུས་ཁུངས། དངུལ་རྩ། ལྗང་མདོག་འཕེལ་རྒྱས། དབུལ་པོ་ཉུང་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་འབྲེལ་ཐག་དམ་དུ་གཏོང་བ། ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ་བཅས་བྱས་ཏེ། རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་ས་ཁུལ་དང་འཛམ་གླིང་ཡུན་རིང་ཞི་བདེ་དང་ཐུན་མོང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་བསྟན། 

ལི་ཆང་གིས་ཁོངས་མིའི་རྒྱལ་ཁབ་ཀྱི་ཚོགས་ཞུགས་མགོ་ཁྲིད་པ་དང་མཉམ་དུ་མཉམ་འབྲེལ་སྤྱི་བསྒྲགས་ལ་མིང་རྟགས་བཀོད་པ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཛུགས་སྐྲུན་གྱི་འབྲེལ་ཡོད་གྲོས་ཆོད་ལ་ཆོག་མཆན་སྤྲད་པ་རེད།


མཉམ་སྤྱོད།