དེ་རིང་ནི2025ལོའི་ཟླ05པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་པེ་ཅིང་དུ་ཚོང་འགུགས་རྟོག་ཞིབ་བྱས་པ།

2024-11-26 10:07:01   |   1193

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ11པའི་ཚེས24ཉིན་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་པེ་ཅིང་ཀྲུང་ཁོ་རིག་འདུས་བཟོ་གྲྭ་དང་ཀྲུང་གློག་ཚན་རིག་ཚད་ཡོད་སྤྱི་གཉེར་དུ་ཚོང་འགུགས་རྟོག་ཞིབ་བྱས་ཤིང་། ལྗང་མདོག་རྩིས་ནུས་ཐད་ཀྱི་ཚོང་འགུགས་དང་། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ཐོན་ལས་འཕེལ་རྒྱས། མཐོ་གསར་ལག་རྩལ་ནང་འདྲེན། དམའ་དབྱིངས་དཔལ་འབྱོར་སྐྱེད་སྲིང་སོགས་ཀྱི་ཐད་གྲོས་མོལ་གནང་པ་དང་དངོས་སྒྲུབ་མཉམ་ལས་བྱས་ནས་མཉམ་ལས་མ་འཇོག་གི་འདོད་མོས་མ་དངུལ་ཁྱོན་སྒོར་དུང་ཕྱུར60ཟིན།    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་རྟོག་ཞིབ་ལ་ལྷན་དུ་ཕེབས་ཡོད། 

   

ཤ་བོ་སྐྱབས་དང་བཅས་པས་ཀྲུང་ཁོ་རིག་འདུས་བཟོ་གྲྭའི་སྤྱི་ཁྱབ་ཅིང་ལི་ལིའུ་ཧའེ་ཡུང་གི་ཕེབས་རོགས་འོག་ཀྲུང་གོ་ཚན་རིག་ཁང་ཚན་རྩལ་གྲུབ་འབྲས་འགྲེམས་ཁང་ལ་ལྟ་སྐོར་བྱས་པ་དང་འབྲེལFASTགནམ་དཔྱད་རྒྱང་ཤེལ་ཆེ་གྲས་དང་། མཚོ་གཏིང་དུ་འཛུལ་བའི་ཡོ་བྱད་སོགས་རྒྱལ་ཁབ་ཀྱི་འཕྲུལ་ཆས་གལ་ཆེན་ཁག་ཅིག་གི་གནས་ཚུལ་ངོ་སྤྲོད་ལ་ཉན་པ་དང་། ཀྲུང་ཁོ་རིག་འདུས་བཟོ་གྲྭའི་འཁོར་སྐྱོད་བྱེད་སྟངས་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར། རྣམ་གྲངས་ཐོན་ལས་ཅན་དུ་དོན་འཁྱོལ་བྱས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་འབྲེལ། སྐར་ཁམས་རིག་པའི་རིག་གནས་གནས་སྐོར་ཞིབ་འཇུག་དང་། ཁྱོན་ཡོངས་ཚོད་འཛིན་གྱི་བཟོ་ལས་དྲོད་ཁང་ལག་རྩལ། ཆིང་ནུས་གསོག་འཇོག་རྣམ་གྲངས་ཞིབ་སྤེལ་དོན་འཁྱོལ་སོགས་ཀྱི་ཐད་བཟོ་གྲྭའི་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་གནང་། ཤ་བོ་སྐྱབས་ཀྱིས་ཀྲུང་ཁོ་རིག་འདུས་བཟོ་གྲྭའི་ཚན་རྩལ་ཞབས་ཞུ་ཁྲོམ་རའི་མདུན་གྲལ་དུ་བསྐྱོད་འདུག་ལ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ལམ་བུ་ཤར་གཏོང་བྱས་པས། ཁེ་ལས་དང་རྣམ་གྲངས་ཐད་ཕྱོགས་ཡོངས་ནས་ཚན་རྩལ་ཞབས་ཞུ་མཁོ་འདོན་བྱས་འདུག་ཅེས་བཤད། ཁོང་གིས་སྨྲས་པ། ཕྱོགས་གཉིས་པོས་སྔར་བས་མཉམ་ལས་གཏིང་ཟབ་བྱས་ཏེ་ཀྲུང་ཁོ་རིག་འདུས་བཟོ་གྲྭའི་རྣམ་གྲངས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། མཚོ་བྱང་ཁུལ་གྱི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་། དགུན་དུས་གནས་སྐོར། ལྗང་མདོག་ནུས་རྒྱུ་གསར་སྤེལ།    ལྗང་མདོག་རྩིས་ནུས་འཕེལ་རྒྱས་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ། ཚན་རྩལ་འཛོམས་པའི་རྣམ་གྲངས་ཁག་གཅིག་ནང་འདྲེན་བྱེད་པ་དང་། ཚན་རྩལ་མཐོ་བའི་ཐོན་ལས་དེ་བས་མང་བ་མཚོ་བྱང་ཁུལ་དུ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་ཕྱོགས་གཉིས་པོར་གཉིས་ཁེ་གཉིས་ཕན་ཡོང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།    

ཀྲུང་གློག་ཐེ་ཅི་ཚོགས་པའི་སྤྱི་ཁྱབ་པུ་རུ་ཤ་བོ་སྐྱབས་དང་བཅས་པས་ཀྲུང་གོའི་གློག་རྡུལ་ཚན་རྩལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་དང་། ཐོན་ལས་བཀོད་སྒྲིག མ་འཇོག་ཁ་ཕྱོགས། ཚན་རྩལ་བེད་སྤྱོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་འབྲེལ་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་འཕེལ་རྒྱས་དང་། དམའ་དབྱིངས་དཔལ་འབྱོར་སྐྱེད་སྲིང་། མཚོ་སྔོན་གྱི་སྤྱི་པའི་བདེ་འཇགས་དངོས་སྦྱོང་རྟེན་གཞི(གྲ་སྒྲིག)འཛུགས་སྐྲུན། ལས་རིགས་སློབ་གྲྭའི་ཤེས་ལྡན་མི་སྣ་གསོ་སྦྱོང་སོགས་ཀྱི་མཉམ་ལས་དོན་ཚན་སྐོར་ལ་ཀྲུང་གློག་ཚན་རིག་ཚད་ཡོད་སྤྱི་གཉེར་གྱི་ཏུང་ཧྲི་ཀྲང་ལི་ཚུན་གོ་དང་། ཏང་ཨུའི་ཧྲུའུ་ཅི་ཆི་ཧྥུང་། ཏུང་ཧྲི་ཀྲང་གཞོན་པ་ལི་ཀོང་མོང་སོགས་སྤྱི་གཉེར་གྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་སྤེལ་རེས་གཏིང་ཟབ་བྱས། ཤ་བོ་སྐྱབས་ཀྱིས་སྨྲས་པ། མཚོ་བྱང་ཁུལ་ནི“མདེལ་གཉིས་སྐར་གཅིག”གི་འབྱུང་ཁུངས་ཡིན་པ་དང་། ཀྲུང་གོའི་གློག་རྡུལ་ཚན་རྩལ་ཚོགས་པ “མདེལ་གཉིས་སྐར་གཅིག”ཞིབ་བཟོའི་ལས་དོན་ནང་ཞུགས་མྱོང་ཡོད་པས་མཚོ་བྱང་ཁུལ་དང་ལས་འབྲེལ་ཟབ་མོ་ཡོད། ད་ལོ་ནི་ཀྲུང་གོའི་མ་རྡུལ་འབར་མདེལ་འབར་གས་ལེགས་གྲུབ་བྱུང་ནས་ལོ60འཁོར་བའི་ལོ་ཡིན་ལ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བཏོན་ནས་ལོ25འཁོར་བའི་ལོ་ཡང་ཡིན་པས་ཕྱོགས་གཉིས་པོས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱ་རྒྱུ་ལྟེ་བ་བྱས་ཏེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་མཉམ་ལས་དང་སྤེལ་རེས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད།  གཅིག་ནས་ལྗང་མདོག་རྩིས་ནུས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས།  མཚོ་བྱང་ཁུལ་གྱི་ས་རྒྱ་ཆེ་ལ་གནམ་གཤིས་གྲང་། མཁའ་རླུང་གཙང་ལ་ཁོར་ཡུག་སྐམ་ཤས་ཆེ།  དེ་སྔའི་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་རྟེན་གཞི་དང་པོ(གཉིས་གཉིས་གཅིག་བཟོ་གྲྭ)ཡི་བཟོ་ཁུལ18ཀྱི་རིག་དངོས་བབ་བསྟུན་བེད་སྤྱོད་བྱེད་དགོས་ཀྱི་ཡོད་པ་དང་ཆུ་དང་། རླུང་། འོད་སོགས་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་རླུང་གློག་དང་འོད་ཤུགས་སོགས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་ལེགས་པ་དང་ལྗང་མདོག་ལེགས་ཆ་མངོན་གསལ་དོད་པོ་ཡོད། ཀྲུང་གློག་ཚན་རིག་ཁང་ལ་ཁོངས་མིའི་ཚན་པ་མང་པོ་ཡོད་པ་དང་རྒྱལ་ནང་གི་གློག་རྡུལ་ཆ་འཕྲིན་ཁྱབ་ཁོངས་ཡོངས་ལ་ཁྱབ་པའི་ཚན་རྩལ་ཚོགས་པ་ཆེ་གྲས་ཤིག་ཡིན་པས།    རང་ངོས་ཀྱི་རྩིས་རྒྱག་ནུས་པ་ཆེན་པོ་ཡོད་པ་དང་ཕྱོགས་གཉིས་པོའི་མཉམ་ལས་ཐད་ལེགས་ཆ་གསབ་རེས་བྱས་ཚེ་མདུན་ལམ་ཆེན་པོ་ལྡན། གཉིས་ནས་གསར་བརྗེའི་ཞིབ་འཇུག་དང་སློབ་སྦྱོང་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས།     མཚོ་བྱང་ཁུལ་གྱི་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། དེ་ནི་“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འཁྲུངས་ས་ཡིན་ལ། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དང་།    ཚན་རིག་པའི་སྙིང་སྟོབས།  དར་གོས་ལམ་བུའི་སྙིང་སྟོབས་བཅས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ད་ལྟ་མཚོ་སྔོན་མདེལ་གཉིས་སྐར་གཅིག་གི་ལས་བྱེད་པའི་སློབ་གླིང་དང་།    མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭ། མཚོ་བྱང་སྲིད་ཁྲིམས་དང་། མང་ཚོགས་ཚོགས་པ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་བཅས་ཡོད་ལ།  གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བཟང་། ཕྱོགས་གཉིས་པོས་མཚོ་སྔོན་གྱི་སྤྱི་པའི་བདེ་འཇགས་དངོས་སྦྱོང་རྟེན་གཞིའི(གྲ་སྒྲིག)འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་རྒྱུ་གོ་སྐབས་སུ་བྱས་ཏེ་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་གསོ་སྦྱོང་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་གསོ་སྦྱོང་གི་ཐེག་ནུས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད། གསུམ་ནས་དམའ་དབྱིངས་དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། མཚོ་བྱང་ཁུལ་གྱི་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་མགོ་བརྩམས་མ་ཐག་པའི་དུས་མཚམས་སུ་ཡོད་ལ། སྔོན་ཆད་དབྱི་ཁ་ལུའོ་སིའི་རྒྱལ་སྤྱིའི་འཕུར་སྐྱོད་དུས་ཆེན་སོགས་རིག་གནས་གནས་སྐོར་རྣམ་གྲངས་སྒྲུབ་འགན་འཁུར་མྱོང་ཡོད།  མིག་སྔར་མཚོ་སྔོན་པོ་དང་། མཐོན་པོ་སྒང་།  གཉན་ཆེན་ཞལ་དཀར། ཨ་མྱེས་སྟོང་སོ། མེ་ལྷ་གངས་དཀར་སོགས་མཛེས་ལྗོངས་ཁུལ་གསར་སྤེལ་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། དམའ་དབྱིངས་འཕུར་སྐྱོད་རྣམ་གྲངས་རྒྱུན་མཐུད་ངང་འཕེལ་རྒྱས་བཏང་སྟེ་རིག་གནས་གནས་སྐོར་ཕུན་སུམ་ཚོགས་པར་གཏང་རྩིས་ཡོད། ཀྲུང་གློག་ཚན་རིག་ཁང་ལ་གནད་སྨིན་འཐུས་ཚང་གི་ཉེར་སྤྱོད་རྣམ་པ་དང་འཕེལ་རྒྱས་གཏོང་སྟངས་ཡོད་པས་ཐོན་ཁུངས་བསྡུ་སྒྲིལ་དང་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་ལེགས་ཆ་འདོན་སྤེལ་བྱས་ཏེ་མཚོ་བྱང་ཁུལ་གྱི་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། བཞི་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། མཚོ་བྱང་ཁུལ་གྱི་ལས་རིགས་ལག་རྩལ་སློབ་གྲྭས་ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་ཡོད། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་དང་གྲངས་གཞིའི་ཤེས་ལྡན་མི་སྣ་གསོ་སྦྱོང་ཐད་སློབ་གསོའི་སྟེགས་བུ་དང་ཆེད་ལས་ལག་རྩལ་སྟོབས་ཤུགས་ཀྱི་དགོས་མཁོ་ཆེན་པོ་ཡོད། ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་བྱས་པ་བརྒྱུད་མཚོ་བྱང་ཁུལ་གྱི་ལས་རིགས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ནས་མཚོ་བྱང་གི་ལས་རིགས་སློབ་གསོ་རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ལྔ་ནས་རྣམ་གྲངས་ཀྱི་མ་འཇོག་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གློག་ཚན་རིག་ཁང་ལ་ཚན་རྩལ་ཚན་ཞིབ་དང་ཐོན་ལས་ཀྱི་དངོས་ཤུགས་ཆེན་པོ་ཡོད་པས། ཆེད་དོན་རྣམ་གྲངས་ཀྱི་མ་དངུལ་རེ་ཞུའི་ཐད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་མཚོ་བྱང་ཁུལ་ལ་རྒྱལ་ཁབ་ཀྱི་ཆེད་དོན་མ་དངུལ་དེ་བས་མང་བ་བརྩོན་ལེན་བྱེད་རོགས་དང་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས། 


མཉམ་སྤྱོད།