དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

2024-12-05 10:44:01   |   622

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་གནམ་གཤིས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12ཚེས4ཉིན། མཚོ་བྱང་ཁུལ་སྲིད་གཞུང་གིས2024ལོ་འཁོར་གྱི་ཁུལ་ཡོངས་ཀྱི་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནམ་གཤིས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཁུལ་སྲིད་གཞུང་གིས《མཚོ་བྱང་གི་གནམ་གཤིས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་འགན་ལས་བགོས》པར་འགྲེམས་བྱས་པ་ནས་བཟུང་རྫོང་ཁག་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་དོན་འཁྱོལ་བཏང་ཚུལ་ཕྱོགས་སྡོམ་བྱས་ཏེ། དུས་མཚམས་རྗེས་མའི་གནམ་གཤིས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལས་དོན་ཁག་བཀོད་སྒྲིག་བྱས་པ་རེད། ཁུལ་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་ཀརྨ་ཚེ་རིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་།

1~2.jpg

ཚོགས་འདུའི་ཐོག་བསྟན་དོན། 2024ལོར་ཁུལ་ཡོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས་ཞིང་ཆེན་གནམ་གཤིས་ཅུ་དང་། ཁུལ་ཨུ། ཁུལ་སྲིད་གཞུང་བཅས་ཀྱི་གནམ་གཤིས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་མགྱོགས་མྱུར་གཏོང་བའི་སྐོར་གྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་ནས《མཚོ་བྱང་གི་གནམ་གཤིས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་འགན་ལས་བགོས》ཚད་གཞིར་བྱས་ཏེ། གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་དང་ཉེན་བརྡ་གཏོང་བའི་ཞབས་ཞུའི་མ་ལག་མུ་མཐུད་དུ་ཇེ་ལེགས་སུ་བཏང་བ་དང་། སྔོན་བརྡའི“འབོད་སྒྲིག”ལམ་སྲོལ་འཐུས་ཚང་དུ་བཏང་བ། གནམ་གཤིས་ཀྱི་རྨང་གཞིའི་ནུས་པ་ཇེ་བརྟན་དུ་བཏང་། “གནམ་གཤིས+”ཞབས་ཞུའི་རྣམ་པ་མཐའ་འཁྱོངས་བྱས་ནས་མཚོ་བྱང་གི“243”འཕེལ་རྒྱས་བཀོད་སྒྲིག་དང“མཚོ་བྱང་ལྔ”ཡི་འཛུགས་སྐྲུན་ལ་རང་འགུལ་ངང་ཞབས་འདེགས་ཞུས། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་དང་། གནོད་འཚེ་སྔོན་འགོག གྲོང་གསེབ་དར་རྒྱས། བྱེད་སྒོ་གལ་ཆེན་བཅས་ཀྱི་གནམ་གཤིས་ཞབས་ཞུའི་འགན་ལེན་ཐད་ནུས་པ་ཧ་ཅང་ཆེན་པོ་བཏོན་ཡོད་པ་དང་། ཕུལ་བྱུང་གྲུབ་འབྲས་ཐོབ་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། 

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གནམ་གཤིས་ལས་དོན་ཡག་པོ་སྒྲུབ་དགོས་པའི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་བྱས་ནས་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། འགན་ལེན་དང་འདེགས་སྐྱོར་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ། དཔྱད་དཔོག་དང་ལྟ་སྐུལ་མཛུབ་ཁྲིད་དོན་འཁྱོལ་ནན་པོ་བཅས་བྱས་ཏེ། མཚོ་བྱང་གི་གནམ་གཤིས་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། གནམ་གཤིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་འགན་ཁོང་དུ་ཡང་དག་ཆུད་པ་བྱས་ནས་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་གི་འགག་སྒོ་དང་པོ་བརྟན་དུ་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས་པ་དང་། གནམ་གཤིས་ཀྱི་ལྟ་ཞིབ་ཚད་ལེན་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས། སྐྱེ་ཁམས་གནམ་གཤིས་ཞབས་ཞུའི་འགན་ལེན་ཆུ་ཚད་མཐོ་རུ་གཏོང་བའི་ཐད་ལེགས་ཆ་གསར་པ་གཏོད་པ། ལས་རིགས་ཀྱི་གནམ་གཤིས་ཞབས་ཞུའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་བར་མཐོངས་གསར་པ་གཏོད་པ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྒུལ་ཤུགས་གསར་པ་འདོན་སྤེལ་བྱེད་པ། གནམ་གཤིས་ཀྱི་ཚན་རྩལ་ནུས་པ་དེང་རབས་ཅན་དང་སྤྱི་ཚོགས་ཞབས་ཞུའི་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གནམ་གཤིས་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་བཏང་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕན་འབྲས་ལ་འགན་སྲུང་བྱེད་དགོས། 

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ས་ཁུལ་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་ནས་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མ་དངུལ་དང་། རྣམ་གྲངས། ས་སྤྱོད་སོགས་ལ་རྒྱབ་སྐྱོར་དང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྡེ་ཚན་ཁག་གིས་གནམ་གཤིས་སྡེ་ཚན་བར་གྱི་མཐུན་སྦྱོར་མཉམ་འགུལ་དང་ཐོན་ཁུངས་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ། གནམ་གཤིས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་མཉམ་ཤུགས་སྔར་བས་གཅིག་ཏུ་བསྡུས་ནས་གནམ་གཤིས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལས་འགན་ཁག་དོན་འཁྱོལ་ཏན་ཏིག་བྱེད་དགོས། གནམ་གཤིས་སྡེ་ཚན་གྱིས་གནམ་གཤིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱེད་པོའི་འགན་འཁྲི་ཏན་ཏིག་ལག་བསྟར་བྱས་ནས་མིང་རྟགས་འགོད་ཉེར་ཡོད་པའི་ཅུ་དང་ཁུལ་ཡི་མཉམ་ལས་གྲོས་མཐུན་དང་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚོད་ལྟའི་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། “མཚོ་བྱང་ལྔ”བསྐྲུན་རྒྱུར་ཆུ་ཚད་དེ་བས་མཐོ་བ་དང་སྤུས་ཚད་དེ་བས་མཐོ་བའི་གནམ་གཤིས་ཞབས་ཞུའི་འགན་ལེན་འདོན་སྤེལ་བྱེད་དགོས། 

2~2.jpg

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་ལོ་སྔོན་མའི་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྟ་སྐུལ་ཞིབ་བཤེར་གྱི་གནས་ཚུལ་དང་། ཁུལ་ཡོངས་ཀྱི་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་དོན་གནས་ཚུལ་གྱི་སྙན་ཞུ་གསན་པ་དང་། ཁུལ་འཕྲལ་སྡོམ་དོ་དམ་ཅུ་དང་། ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ། འཇུ་ལག་རྫོང་སྲིད་གཞུང་དང་མདའ་བཞི་རྫོང་སྲིད་གཞུང་བཅས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད། ཚོགས་འདུ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་པ་དང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་སྡེ་ཚན་ཡོངས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།


མཉམ་སྤྱོད།