དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མཚོ་བྱང་དུ་ཟོག་འགྲེམས་སྡེབ་སྐྱེལ་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་མངོན་འགྱུར་བྱུང་།

2024-12-17 11:02:14   |   135

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།    མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གྲངས་འཛིན་ཚགས་པར།    བཤེར་འབེབས།    རིན་ཆེན་ཚེ་རིང་།


མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་དང་ཟོག་འགྲེམས་སྡེབ་སྐྱེལ་ཞབས་ཞུའི་མ་ལག་མུ་མཐུད་དུ་འཐུས་སྒོ་ཚང་དུ་གཏོང་བར་དམིགས་ནས་སྟབས་བདེ་མྱུར་མགྱོགས་དང་གོ་རིམ་ལྡན་པའི་ཟོག་འགྲེམས་དྲ་བ་ཞིག་རིམ་བཞིན་ཆགས་པ་བྱས་ཏེ། གྲོང་གསེབ་ཀྱི་སྐྱེལ་འདྲེན་དེ“སྒྲུབ་ཐུབ་དང་བགྲོད་ཆོག་པ”ནས“གནས་ཐུབ་པ་དང་རྒྱུན་སྲིང་ཐུབ་པའི”བར་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།     མིག་སྔར། མཚོ་བྱང་ཁུལ་གྱི་ཡུལ་ཚོ་དང་གྲོང་རྡལ30ཡི་སྲིད་འཛིན་གྲོང་ཚོ214ཚང་མར་ཟོག་འགྲེམས་སྡེབ་སྐྱེལ་ཞབས་ཞུ་ཁྱབ་ཐུབ་པ་མངོན་འགྱུར་བྱུང་ཡོད།     

མཚོ་བྱང་ཁུལ་གྱིས་ས་ཁོངས་མི་འདྲ་བ་དང་དགོས་མཁོ་མི་འདྲ་བར་དམིགས་ཏེ་མཚམས་ཚིགས་ཚད་ལྡན་ཅན་འཛུགས་སྐྲུན་གྱི་བླང་བྱ་ལྟར“ལྟེ་བ་གཅིག་དང་ས་ཚིགས་མང་པོ། གནས་མལ་བརྒྱ་འཛུགས་རྒྱུའི”བཀོད་སྒྲིག་བྱས་ཤིང་།     ས་ཁོངས་ནང་གི་གྲོང་གསེབ་ཀྱི་ཟོག་འགྲེམས་དྲ་བ་དང་ལམ་ཐིག་གཙོ་བོའི་ཟོག་འགྲེམས་དྲ་བ་འབྲེལ་མཐུད་ནུས་ལྡན་ཡོང་བ་མངོན་འགྱུར་བྱས།     “ས་ཚིགས་མང་པོ་གཅིག་སྒྲིལ”གྱི་རྣམ་པའི་ཐོག་ནས་ཡུལ་ཚོ་དང་གྲོང་རྡལ། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་བར་བརྒྱུད་ས་ཚིགས་བཙུགས་ཏེ་གྲོང་གསེབ་ཀྱི་ཟོག་འགྲེམས་ནུས་པ་སྣ་མང་ཅན་དུ་བཏང་བ་དང་།     རྫོང་རིམ་པའི“གཅིག་གྱུར་མཛོད་ཚང་མཉམ་སྒྲིག”གི་མཛོད་ཉར་ཟོག་འགྲེམས་གཏོང་སྤྲོད་ལྟེ་གནས4དང་།    ཡུལ་ཚོ་དང་གྲོང་རྡལ་གྱི་ཟོག་འགྲེམས་བར་བརྒྱུད་ཞབས་ཞུའི་ས་ཚིགས32དང་། གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས152བཅས་བསྐྲུན་ནས་མྱུར་སྐྱེལ་ཟོག་འགྲེམས་སྡེབ་སྐྱེལ་ལམ་ཐིག13ཇེ་ལེགས་སུ་བཏང་ཞིང་།    རང་སྐྱོང་ཁུལ་མངའ་ཁོངས་ནང་གི“ཤར་གཏོང་གསུམ་དང་ཐོན་པ་གཅིག”བསྡུ་སྒྲིལ་བྱས་ནས་བཟོ་ལས་ཐོན་རྫས་གྲོང་གསེབ་ཏུ་གཤམ་སྐྱོད་དང་ཞིང་ཕྱུགས་ཐོན་རྫས་གྲོང་ཁྱེར་དུ་བསྐྱོད་ནས་ཕྱོགས་གཉིས་སུ་འཁོར་རྒྱུག་བྱེད་པའི“ཚིགས་མལ་ཆུང་ངུ་དང་དྲ་རྒྱ་ཆེན་པོའི”དེང་རབས་ཀྱི་འཁོར་རྒྱུག་དྲ་བ་རིམ་བཞིན་ཆགས་པར་བྱས།     

གཞན་ཡང་། ཞིང་ཕྱུགས་ས་ཁུལ་གྱི“གནས་མང་བ་དང་།    ཁྱབ་རྒྱ་ཆེ་བ།    ལམ་ཐག་རིང་བ”བཅས་དང་།    ཞབས་ཞུའི་ཁྱབ་རྒྱ་ཆེ་བ།    མྱུར་སྐྱེལ་ལས་སྒོ་ཉུང་བ།    སྐྱེལ་འདྲེན་མ་གནས་མཐོ་བ་བཅས་ཀྱི་ད་ལྟའི་གནས་ཚུལ་ལ་དམིགས་ཏེ“གྲངས་གཞི་ཅན+མཛོད་འཇུག་དང་སྡེབ་སྐྱེལ་གཞི་གཅིག་ཅན”གྱི་རྣམ་པ་འཚོལ་ཞིབ་དང་འཕེལ་རྒྱས་སུ་བཏང་བ་དང་།     “སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས”དང“མྱུར་སྐྱེལ་ཕན་ཚུན་བར་མཉམ་ལས”སོགས་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཞབས་ཞུའི་མ་ལག་ལ་སྐུལ་འདེད་ཤུགས་ཆེན་བཏང་།    རིག་ནུས་གློག་བཞུ་དང་།    པར་ལེན་ཡོ་བྱད།    སྤྲིན་ཚོགས་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་སོགས་ཉོ་སྒྲུབ་རིམ་སྤོར་བྱས་པ་བརྒྱུད་གྲོང་གསེབ་ཀྱི་གློག་རྡུལ་ཟོག་འགྲེམས་ས་ཚིགས་ལ་གྲངས་གཞི་ཅན་གྱི་སྒྱུར་བཀོད་བྱས་ཏེ། ཅ་དངོས་ལེན་པའི་བརྒྱུད་རིམ་ཧྲིལ་པོར་སྐར་མ་གཅིག་ཀྱང་མི་འགོར་བར་གྲོང་གསེབ་ས་ཚིགས་ཀྱི་སྡེབ་སྐྱེལ་དང་སྤྱོད་མཁན་གྱི་ཅ་དངོས་ལེན་པའི་ལས་ཕྱོད་ཆེ་རུ་ནུས་ལྡན་ཕྱིན་ནས་གྲོང་གསེབ་ཀྱི་འཛད་སྤྱོད་པའི་ཟོག་འགྲེམས་ཞབས་ཞུའི་ཉམས་ལེན་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།     


མཉམ་སྤྱོད།