དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལུགས་གསར་ལོ་སར་གྱི་གུང་གསེང་རིང་ལམ་ཁྲལ་སྔར་བཞིན་བསྡུ་རྒྱུ་རེད།

2022-12-30 09:51:33   |   206

རྩོམ་སྒྲིག   སངས་དོན།  ཡོང་ཁུངས།  གངས་ལྗོངས་འཕྲིན་གསར། 


གསར་འགོད་པས་ཟླ12པའི་ཚེས28ཉིན་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་མྱུར་བགྲོད་གཞུང་ལམ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2023ལོའི་ལུགས་གསར་ལོ་སར་གྱི་སྐབས་སུ་ཞིང་ཆེན་ནང་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཁྲལ་སྔར་བཞིན་བསྡུ་རྒྱུ་རེད།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། 2023ལོའི་ལུགས་གསར་ལོ་སར་ལ་གུང་གསེང་གཏོང་བའི་དུས་ཚོད་ནི2022ལོའི་ཟླ12པའི་ཚེས31ཉིན་ནས2023ལོའི་ཟླ1པོའི་ཚེས2ཉིན་བར་ཡིན་ལ། འབྲེལ་ཡོད་གཏན་འབེབས་ལྟར་ན། དཔྱིད་གསར་དུས་ཆེན་དང་དུར་མཆོད་དུས་ཆེན། ངལ་རྩོལ་དུས་ཆེན། རྒྱལ་སྟོན་དུས་ཆེན་བཅས་ལ་འདུག་སྟེགས7(7ཚུད)མན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ལ་མྱུར་བགྲོད་གཞུང་ལམ་གྱི་ལམ་ཁྲལ་མི་བསྡུ་བར་རིན་མེད་ཀྱི་སྲིད་ཇུས་ལོངས་སུ་སྤྱད་ཆོག ཡིན་ནའང་ལུགས་གསར་ལོ་སར་དེའི་ནང་ཚུད་མེད་པས2023ལོའི་ལུགས་གསར་ལོ་སར་གྱི་གུང་གསེང་གི་སྐབས་སུ་མྱུར་བགྲོད་གཞུང་ལམ་གྱི་ལམ་ཁྲལ་སྔར་བཞིན་བསྡུ་རྒྱུ་རེད།


མཉམ་སྤྱོད།