དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2025ལོའི་ལོ་གསར་ལ་ཕུལ་བའི་ཤིས་ཚིག

2024-12-31 20:26:54   |   1034

སྒྱུར་མཁན། ཀླུ་མོ་མཚོ། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

ལོ་གསར་གྱི་སྔོན་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་བརྙན་འཕྲིན་ལས་ཁུངས་དང་མཉམ་སྦྲེལ་དྲ་རྒྱ་བརྒྱུད། 2025ལོའི་ལོ་གསར་ལ་རྟེན་འབྲེལ་ཤིས་ཚིག་ཕུལ། ཆ་ཚང་གཤམ་གསལ་ལྟར། 

ལྷན་རྒྱས་བདེ་ལེགས། དུས་ཚོད་ནི་ཇི་འདྲའི་མགྱོགས་པ་ལ། ད་ནི་ལོ་གསར་པར་སླེབས་ལ་ཉེ། ངས་པེ་ཅིང་ནས་ཚང་མར་བཀྲ་ཤིས་སྨོན་འདུན་ཞུ། 

2024ལོར་ང་ཚོ་མཉམ་དུ་དབྱར་དགུན་སྟོན་དཔྱིད་དང་། ཆར་རླུང་དང་འཇའ་ཚོན་བརྒྱུད་མཐར། ཡོད་ཚད་གློ་བུར་དུ་སྤྱིར་བཏང་མིན་པའི་ལོ་འདིར་གཏན་འཁེལ་བྱས་པས། ཡིད་སེམས་འགུལ་བ་དང་བརྗེད་དཀའ་བ་ཞིག་རེད། 

ང་ཚོས་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ལ་ཁ་གཏད་བཅལ་ཏེ། སྲིད་ཇུས་རབ་དང་རིམ་པ་བཏོན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བས། རང་རྒྱལ་གྱི་དཔལ་འབྱོར་སླར་གསོ་ལེགས་སུ་ཕྱིན་པ་དང་། སྔོན་དཔག་བྱས་ན་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི130ལས་བརྒལ་རྒྱུ་རེད། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར1.4ལ་སླེབས་པ་དང་། ཀྲུང་གོའི་ཕོར་བའི་ནང་ཀྲུང་གོའི་འབྲུ་རིགས་དེ་བས་མང་བ་བླུགས་ཡོད། ས་ཁོངས་འཕེལ་རྒྱས་མཐུན་སྦྱོར་མཉམ་འགུལ་བྱས་པ་དང་གསོག་འཇོག་སྟོབས་ཤུགས་ཆགས་ཡོད་ལ། མཁར་གྲོང་ཅན་གསར་པ་དང་གྲོང་གསེབ་དར་སྤེལ་ཕན་ཚུན་མཉམ་འདྲེས་དང་མཉམ་དུ་འཕེལ་རྒྱས་ཕྱིན་ཡོད། ལྗང་མདོག་ ཐཱན་ཉུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། མཛེས་སྡུག་ལྡན་པའི་ཀྲུང་གོའི་རི་མོ་རིམ་བཞིན་འགྲེམ་སྤེལ་བྱས་ཡོད། 

ང་ཚོས་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་གསོ་སྐྱོང་བྱས་པ་དང་། ཐོན་ལས་གསར་པ་དང་ལས་རྣམ་གསར་པ། རྣམ་པ་གསར་པ་ཕན་ཚུན་འགྲན་རྩོད་ངང་བྱུང་སྟེ། ནུས་ཁུངས་གསར་པའི་རླངས་འཁོར་ལོ་རེའི་ཐོན་ཚད་ཐེངས་དང་པོར་ཁྲི1000ལས་བརྒལ་ཡོད་ལ། འདུས་གྲུབ་གློག་ལམ་དང་མིས་བཟོས་རིག་ནུས། ཚད་རྡུལ་འཕྲིན་གཏོང་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་གསར་པ་བླངས་ཡོད། ཟླ་བའི་ལྷ་མོ་དྲུག་པས་ཟླ་བའི་རྒྱབ་ནས་ཐེངས་དང་པོར་མ་དཔེ་བླངས་པ་དང་། ཕུགས་འདུན་རྟགས་ཅན་གྱིས་རྒྱ་མཚོ་ཆེན་པོར་འཚོལ་ཞིབ་བྱས་པ། མཚོ་ཐོག་བགྲོད་ལམ་གྱིས་རྒྱ་མཚོ་འཕྲེད་ཀྱིས་བཅད་པ། ལྷོ་སྣེའི་ཆིན་ལིང་ས་ཚིགས་འཁྱག་དར་ཐོག་ཡར་བརྩེངས་པ་བཅས་ལས་ཀྲུང་གོ་བས་སྐར་ཚོགས་དང་རྒྱ་མཚོའི་ཕུགས་འདུན་དོན་གཉེར་བྱེད་པའི་དཔའ་ངར་ཀྱི་བློ་སྟོབས་མངོན་ཡོད། 

ད་ལོར་ང་གཞི་རིམ་ལ་རྟོག་ཞིབ་ཏུ་སོང་བའི་སྐབས་སུ། ཚང་མའི་འཚོ་བ་སྣ་མང་ཕུན་སུམ་ཚོགས་པོ་ཡིན་པ་མཐོང་བྱུང་། ཐེན་ཧྲུའེ་ཡི་ཧྭ་ཉིའུ་ཀུ་ཤུ་ཆེ་ལ་དམར་ཞིང་། ཏུང་ཧྲན་ཨོ་ཅོ་སྡེ་བར་ཉ་བཟུང་ནས་གྲུ་ཁ་གང་འདུག་ཅིང་། མེ་ཅི་རི་བོའི་བྲག་ཕུག་གི“ཤར་ཕྱོགས་འཛུམ་མདངས”ལ་ལོ་ངོ་སྟོང་གི་ལོ་རྒྱུས་མངའ་ཞིང་། ཁྲེ་དྲུག་སྲང་ལམ་གྱི་གུས་ལུགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་འདུག ཐེན་ཅིན་གནའ་བོའི་རིག་གནས་ཁྲོམ་གཞུང་དུ་མི་ཚོགས་ཀྱིས་ཁེངས་པ་དང་དབྱིན་ཁྲོན་མི་རིགས་མང་བའི་སྡེ་ཁུལ་གྱི་སྡོད་དམངས་ཁྱིམ་ཚང་གཅིག་དང་འདྲ་བར་སྙིང་ཉེ་བ་ཡོད། ཚང་མས་སེམས་ཁུར་བྱེད་པའི་ལས་ཞུགས་བྱས་ཏེ་ཡོང་འབབ་འཕར་སྣོན་དང“རྒན་པ་གཅིག་དང་བྱིས་པ་གཅིག”དང་། སློབ་གསོ་དང་སྨན་བཅོས་སོགས་ཀྱི་གནད་དོན་ལ་ངས་ཐོག་མཐའ་བར་གསུམ་དུ་སེམས་ཁུར་བྱེད་ཀྱི་ཡོད། ལོ་གཅིག་རིང་རྨང་གཞིའི་རྒན་གསོའི་དངུལ་མཐོ་རུ་ཕྱིན་པ་དང་ཁང་པའི་དངུལ་བུན་གྱི་སྐྱེད་ཚད་དམའ་རུ་ཕྱིན་ཡོད་ལ། ཐད་ཀར་བསྡོམས་རྩིས་ཀྱི་ཁྱབ་ཁོངས་རྒྱ་ཆེར་ཕྱིན་ནས་ས་གནས་གཞན་དུ་སྨན་བཅོས་བྱེད་བདེ་རུ་ཕྱིན་ཅིང་། འཛད་སྤྱོད་ཐོན་རྫས་རྙིང་པ་གསར་བར་བརྗེ་ནས་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་ཡོད། ཚང་མའི་ཐོབ་པའི་ཚོར་བའང་ཕུན་སུམ་ཚོགས་པོ་བྱུང་ཡོད། 

ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་ཐོག རང་རྒྱལ་གྱི་ལུས་རྩལ་པས་དཔའ་ངར་ཆེན་པོས་དང་པོ་བརྩོན་ལེན་བྱས་ཏེ། ཕྱི་རྒྱལ་གྱི་འགྲན་བསྡུར་ནང་ཞུགས་པའི་གྲུབ་འབྲས་ཆེས་ལེགས་པོ་བླངས་པ་དེས་གཞོན་ནུའི་རབས་ཀྱི་བློ་སྟོབས་ཆེན་པོའི་ཡར་བརྩོན་དང་ཡིད་ཆེས་མངོན་ཡོད། མཚོ་དམག་དང་མཁའ་དམག་གིས་ལོ75ལ་སླེབས་པའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས་པ་དང་མི་དམངས་དམག་ལ་སྣང་བརྙན་གསར་པ་མངོན་ཡོད། ཆུ་ལོག་དང་རླུང་འཚུབ་སོགས་རང་བྱུང་གི་གནོད་འཚེ་ལ་ཁ་གཏད་དུས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྔོན་ལ་གདོང་མཆོང་བྱས་ཤིང་། ཚང་མས་བློ་སྟོབས་གཅིག་གྱུར་དང་ཕན་ཚུན་རོགས་རམ་བྱེད་པ་ཡིན། བགྲང་ལས་འདས་པའི་ངལ་རྩོལ་པ་དང་འཛུགས་སྐྲུན་པ། གསར་གཏོད་པ་བཅས་ཚང་མས་ཕུགས་འདུན་གྱི་ཆེད་དུ་འབད་བརྩོན་བྱེད་བཞིན་ཡོད། ངས་རྒྱལ་ཁབ་ཀྱི་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱ་དགའ་སྤྲད་ཅིང་། གཟི་བརྗིད་དེ་ཁོང་ཚོར་དབང་བ་ཡིན་ལ། འགན་འཁུར་ཕྲག་ཏུ་ལེན་མཁན་ཚང་མར་ཡང་དབང་བ་ཡིན། 

དེང་སྐབས་འཛམ་གླིང་ལ་འགྱུར་ལྡོག་ཆེ་ལ་གནས་བབ་ཟང་ཟིང་ཡིན། ཀྲུང་གོ་ནི་འགན་འཁུར་ཕྲག་ཏུ་ལེན་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་འཕོ་འགྱུར་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་གཏིང་ཟབ་ཏུ་བཏང་ཡོད། ང་ཚོས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་བདེ་ལེགས་ངང་འཚོགས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་། གསེར་སྦྲམ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས། རྒྱལ་ཁབ་ཉི་ཤུའི་ཚོགས་པ་སོགས་ཕྱོགས་གཉིས་སྣེ་མང་གི་ཡུལ་ས་རུ་ཀྲུང་གོའི་འདོད་ཚུལ་གསལ་པོར་བཏོན་ནས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་དྲང་ཕྱོགས་ཀྱི་ནུས་ཤུགས་དེ་བས་མང་བ་བསྣན་ཡོད།     

ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས་པ་དང་། སྤྱི་མཐུན་རྒྱལ་ཁབ་ཀྱི་འགྱུར་ལྡོག་ཆེན་པོར་ཕྱིར་དྲན་བྱས། ཀྲུང་ཧྭ་ཤེས་རིག་ལོ་ངོ་ལྔ་སྟོང་ལྷག་ཙམ་ལ་རྒྱུན་འཛིན་བྱས་པའི་ལོ་རྒྱུས་ཁྲོད“ཀྲུང་གོ”ཞེས་པའི་ཡིག་འབྲུ་གཉིས་“ཧོ་ཙུན”གྱི་ཞབས་སུ་བརྐོས་ཡོད་པ་མ་ཟད། ཧྭ་ཞ་བུ་ཕྲུག་ཚང་མའི་སེམས་སུ་དེ་བས་ཀྱང་བརྐོས་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་པ་དེས། སྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་འབོད་སྒྲ་བསྒྲགས། ང་ཚོ་སྒྱུར་བཅོས་སྒོ་འབྱེད་ཀྱི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ན། ཀྲུང་གོ་རྣམ་པའི་དེང་རབས་ཅན་དེ་སྒྱུར་བཅོས་སྒོ་འབྱེད་ཁྲོད་མདུན་ལམ་སྔར་ལས་ཡངས་ཤིང་རྒྱ་ཆེ་བར་འགྱུར་ངེས།

2025ལོར། ང་ཚོས་“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱ་རྒྱུ་ཡིན། སྔར་ལས་དགེ་མཚན་ལྡན་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམ་འཛིན་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱ་དགོས། མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ལ་གནས་ཚུལ་གསར་པ་ཁག་ཅིག་འཕྲད་ཡོད་པ་སྟེ། ཕྱི་རོལ་ཁོར་ཡུག་ལ་འགྱུར་ལྡོག་ཆེ་བའི་འགྲན་སློང་ཡོད་ལ། སྒུལ་ཤུགས་གསར་རྙིང་བརྗེ་སྤོར་གྱི་གནོན་ཤུགས་ཀྱང་ཡོད་མོད།    འོན་ཀྱང་དེ་དག་འབད་བརྩོན་བྱས་པ་བརྒྱུད་ཁྱད་བསད་བྱེད་ཐུབ། ང་ཚོ་ནམ་ཡང་ཆར་རླུང་གི་ཁྲོད་དུ་འཚར་ལོངས་བྱུང་བ་དང་། སྦྱོང་བརྡར་ཁྲོད་སྟོབས་ཆེར་སོང་བ་ཞིག་ཡིན་པས་ཚང་མར་ཡིད་ཆེས་ཀྱིས་ཁེངས་དགོས།     

ཁྱིམ་དོན་དང་རྒྱལ་དོན། གནམ་འོག་གི་དོན་དག་མ་ལུས་ཀུན་ལས། མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་རྒྱུ་ནི་དོན་ཆེན་ཨང་དང་པོ་ཡིན།     ཁྱིམ་ཚང་ཚང་མས་ཕྲུ་གུ་ཚོར་སློབ་གསོ་ཡག་པོ་ཡོད་པ་དང་། རྒན་པ་ཚོར་རྒན་གསོའི་ཞབས་ཞུ་ཡག་པོ་ཡོད་པ། གཞོན་ནུ་རྣམས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་ཡོད་པ་བཅས་ལ་རེ་སྒུག་བྱེད་ཀྱིན་ཡོད། བབ་ཆགས་ཀྱི་རེ་འདུན་དེ་དག་ནི་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་ཡིན་པས། ང་ཚོས་མཉམ་དུ་འབད་བརྩོན་བྱས་ཏེ་སྤྱི་ཚོགས་འཛུགས་སྐྱོང་དང་བཅོས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། འཆམ་མཐུན་བསྟུན་མཁས་ཀྱི་ཁོར་ཡུག་མུ་མཐུད་དུ་བསྐྲུན་ནས་མི་དམངས་ཀྱི་ཉེ་འགྲམ་གྱི་དོན་ཆེན་དང་གནས་ཚུལ་ཆུང་ཆུང་ཐག་གཅོད་ཡག་པོ་བྱེད་དགོས་ལ། མི་ཚང་མའི་གདོང་དུ་འཛུམ་མདངས་ཡོད་པ་དང་སེམས་སུ་དྲོད་ཐིག་ཡོད་པར་བྱ་དགོས།    

ཨོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་ལ་ཉེ་བའི་སྐབས་སུ་ང་རང་སླར་ཡང་ཧའོ་ཅང་གཙང་པོའི་ངོགས་སུ་ཕྱིན། དེའི་འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པ་ནི་མཐོང་ན་དགའ་སྤྲོ་སྐྱེ་དགོས་པ་ཞིག་རེད། ང་ཚོས་བློ་བརྟན་འགྱུར་མེད་ངང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། ཞང་ཀང་དང་ཨོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ངོགས་གཉིས་ཀྱི་སྤུན་ཟླ་ཁྱིམ་ཚང་གཅིག་ལྟར་བརྩེ། སུས་ཀྱང་ང་ཚོའི་ཁྲག་རྒྱུད་དང་གཉེན་ཉེའི་འབྲེལ་ཐག་གཅོད་མི་ཐུབ། སུས་ཀྱང་མེས་རྒྱལ་གཅིག་གྱུར་གྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་མོར་བཀག་འགོག་བྱེད་མི་ཐུབ།     

འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་གི་མྱུར་ཚད་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པས། བློ་རྒྱ་ཡངས་པའི་སྒོ་ནས་འགལ་རྐྱེན་ཁྱད་བསད་བྱ་དགོས་ལ། དཀྱེལ་ཡངས་ཀྱིས་མིའི་རིགས་ཀྱི་ལས་དབང་ལ་ལྟ་རྟོག་བྱེད་དགོས།     ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་གྱིས། མཛའ་མཐུན་མཉམ་ལས་ཀྱི་ལག་ལེན་མཁན་དང་། ཤེས་རིག་ཕན་ཚུན་སློབ་སྦྱོང་བྱེད་པའི་སྐུལ་འདེད་མཁན།    མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྱོང་མཁན་བཅས་བྱས་ཏེ་ཐུན་མོང་ཐོག་འཛམ་གླིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་གཏོད་བྱེད་འདོད་ཡོད།     

ཕུགས་འདུན་གྱི་ལམ་ཁ་རྒྱང་རིང་ཡང་། དེ་མ་བཏང་ན་ནམ་ཞིག་ཐོན་ངེས་ཡིན། རེ་སྨོན་འགྲུབ་དཀའ་ཡང་། རྒྱུན་འཁྱོངས་ན་འགྲུབ་ངེས་ཡིན། ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་འགྲུལ་བཞུད་གསར་པའི་ཐོག་མི་རེ་རེ་ནི་མི་སྣ་གཙོ་བོ་ཡིན་པ་དང་། འབད་བརྩོན་རེ་རེ་ནི་རྩ་ཆེན་ཡིན་ལ། འོད་ཀྱི་ཕྲ་ཕུང་རེ་རེ་ལས་འོད་འཚེར་ཐུབ།   

མཛེས་པའི་རི་ཀླུང་སྔར་བས་མཛེས། དུད་ཚང་ཁང་ཁྱིམ་འོད་ཀྱིས་བརྒྱན། ང་ཚོས་རེ་བས་ཁེངས་བཞིན་ལོ་གསར་པ་བསུ། མེས་རྒྱལ་དུས་བདེ་ཞི་འཇགས་དང་། དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ། མི་ཚང་མའི་རེ་འདུན་ཐམས་ཅད་འགྲུབ་པ་དང་བདེ་ཞིང་སྐྱིད་པའི་སྨོན་འདུན་ཞུ།   


མཉམ་སྤྱོད།