དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2024ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ།

2025-01-02 10:31:35   |   736

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


11.jpg

1.ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་སྤེལ་བ་དང་། ཀྲུང་གོ་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཏེ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁབ་ཀྱི་བགྲོད་ལམ་གསར་པའི་སྟེང་ལམ་རྟགས་རྡོ་རིང་གསར་པ་བསླངས་པ།

1.png

2.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་གཟབ་རྒྱས་ངང་འཚོགས་པ་དང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་པ།

2.png

3.ཏང་ཡོངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་ནས་སྒྲིག་ཁྲིམས་ནན་པོ་སྒོས་ཏང་སྔར་བས་སྲ་བརྟན་དང་སྟོབས་ལྡན་ཞིག་ཏུ་བསྐྲུན་པ།

3.png

4.དཔལ་འབྱོར་ཀྱི་སྲིད་ཇུས་རབ་དང་རིམ་པས་དཔལ་འབྱོར་ཡར་རྒྱས་དང་གྲུབ་ཚུལ་ལེགས་སྒྲིག་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། འཕེལ་རྒྱས་ཀྱི་རྣམ་པ་མུ་མཐུད་དུ་ལེགས་པའི་ཕྱོགས་སུ་སྐྱོད་པ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་འགྲུབ་བྱུང་བ།

4.png

5.2024ལོར། རང་རྒྱལ་གྱི་འབྲུ་རིགས་ཐོན་ཚད་སྡོམ་འབོར་རྒྱ་མ་དུང་ཕྱུར14130སླེབས་པ་དང་། རྒྱ་མ་དུང་ཕྱུར1.4ཡི་སྐས་རིམ་གསར་པར་ཐོག་མར་སླེབས་པ།

5.png

6.ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་སྲིད་ཇུས་གོམས་སྟབས་བརྟན་པོའི་ངང་མདུན་སྐྱོད་བྱུང་བ།

6.png

7.ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པའི “ལྷོ་ཕྱོགས་དུས་ཚོད”ལ་འོད་མདངས་གསར་བ་བསྣན་པ།

7.png

8.བཟོ་སྐྲུན་ལས་རིགས་ཀྱི་ཕྱི་རྒྱལ་གྱི་མ་དངུལ་ཆོག་འཐུས་ཚོད་འཛིན་ཁྱོན་ཡོངས་ནས་མེད་པ་བཟོ་བ་སོགས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་པ།

8.png

9.ཟླ་བའི་ལྷ་མོ་ཨང་དྲུག་པས་ཟླ་བའི་རྒྱབ་ལོག་ནས་མ་དཔེ་བླངས་པ་དང་། “ཕུགས་འདུན་”རྟགས་ཅན་རྒྱ་མཚོའི་འཇིངས་སུ་ཞུགས་པ། ཧྲིང་ཀྲིན་དང་ཀྲུང་ཧྲན་བར་གྱི་གཞུང་ལམ་ལེགས་འགྲུབ་བྱུང་ནས་ཤར་གཏོང་བྱས་པ། སའི་གོ་ལའི་ལྷོ་སྣེའི་ཆིན་ལིང་ས་ཚིགས་བཙུགས་པ་དང་། ལོ་རེའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ཚད་ཐོག་མར་ཁྲི1000ལས་བརྒལ་བ། གསར་གཏོད་ཀྱིས་སྣེ་ཁྲིད་པའི་ཀྲུང་གོ་དེ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ།

9.png

10.ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་འཛམ་གླིང་ཤུལ་བཞག་རེ་ཞུ་ལེགས་འགྲུབ་བྱུང་བ་དང་། རང་རྒྱལ་གྱི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་སྡོམ་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་པ།

10.png


མཉམ་སྤྱོད།