དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཟླ12པའི་ཚེས25ཉིན་བར་མཚོ་སྔོན་ཞིང་ཆེན་དུ་པྲོག་གསར་འགོག་སྨན་རྒྱག་ཚད91.45%སླེབས།

2022-12-30 10:57:31   |   590

རྩོམ་སྒྲིག   སངས་དོན།     ཡོངས་ཁུངས།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     ལོ་ཙཱ།  ཤ་མོ་མཚོ།


རང་རེའི་དྲ་བའི་འཕྲིན།གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ཟླ12པའི་ཚེས25ཉིན་གྱི་དུས་ཚོད24བར། ཞིང་ཆེན་ཡོངས་སུ་པྲོག་གསར་ནད་དུག་གི་འགོག་སྨན་ཁྲི1442.84བརྒྱབ་པ་དང་། མང་ཚོགས་ཀྱི་འགོག་སྨན་རྒྱག་ཚད91.45%སླེབས་ཡོད་ལ། རིམས་འགོག་ཐད་ཀྱི་འགོག་སྨན་རྒྱག་ཚད84.58%ཟིན། དེའི་ནང་ལོ་ན་དྲུག་ཅུ་ཡན་ལ་ཐོན་ཡོད་པའི་མང་ཚོགས་མི་ཐེངས་ཁྲི182.05ཡི་པྲོག་གསར་གློ་ཚད་ཀྱི་འགོག་སྨན་བརྒྱབ་པ་དང་། འགོག་སྨན་དང་པོ་རྒྱག་ཚད99.44%དང་། འགོག་སྨན་ཆ་ཚང་རྒྱག་ཚད96.17%། རིམས་འགོག་ཐད་ཀྱི་འགོག་སྨན་རྒྱག་ཚད93.51%བཅས་ལ་ཟིན་ཡོད།

རྒྱལ་ཁབ་ཀྱི་བླང་བྱ་ལྟར། རང་ཞིང་དུ་ལོ་ན65ཡན་ལ་སླེབས་ཡོད་པའི་བགྲེས་པོ་དག་ལ་ནད་རྙིང་ཡོད་མེད་དང་། འགོག་སྨན་རྒྱག་ཚད་སོགས་གནས་ཚུལ་ལ་ཁྱོན་ཡོངས་ནས་བརྟག་དཔྱད་བྱས་པ་དང་། རིགས་དང་རིམ་པ་དགར་བ། གཙོ་གནད་འབུར་དུ་ཐོན་དགོས་པའི་རྩ་དོན་ལྟར། སྤྱིར་གཏིང་གི་མི་ཚོགས་དང་ཅུང་གཙོ་གནད་ཡིན་པའི་མི་ཚོགས། གཙོ་གནད་མི་ཚོགས་བཅས་ལ་བདེ་ཐང་སློབ་གསོ་དང་བདེ་ཐང་ལྟ་ཞིབ། སྨན་རྫས་བཀོལ་བ་དང་སྨན་ཁང་ནས་སྨན་བཅོས་བྱེད་པ་སོགས་འདོན་སྤྲོད་བྱས། ཟླ12པའི་ཚེས25ཉིན་བར། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་བགྲེས་པོ་དག་ལ་བདེ་ཐང་སློབ་གསོ་མི་ཐེངས་ཁྲི39.8ལ་སྤེལ་བ་དང་། བདེ་ཐང་ལྟ་ཞིབ་དང་བགྲེས་པོ་འཚམས་འདྲི་སོང་བ་མི་ཐེངས་ཁྲི2.01དང་། སྨན་རྫས་བཀོད་པ་དང་རང་ཉིད་ཚད་ལེན་གྱི་མཛུབ་སྟོན་མི་ཐེངས་ཁྲི2.5བཅས་འདོན་སྤྲོད་བྱས།


མཉམ་སྤྱོད།