དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་སྐྱེད་ཚོགས་འདུ་བསྡུས་ནས། ཞིང་ཨུ་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ཆེད་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ།

2025-01-14 11:12:28   |   614

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ1ཚེས13ཉིན། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་སྐྱེད་ཚོགས་འདུ་བསྡུས་ནས། ཞིང་ཨུ་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་དོན་འཁྱོལ་གྱི་ལས་དོན་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱི་མངགས་བཅོལ་ལྟར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུར་གཙོ་སྐྱོང་བྱས་པ་དང་འབྲེལ་གསུང་བཤད་ཀྱང་གནང་།

5966a60147eca5e4769f899f54241f9.jpg

ཚོགས་འདུའི་ཐོག་ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ན་ནིང་གི་ལས་ཀའི་གྲུབ་འབྲས་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་ནས་ད་ལོའི་གཙོ་གནད་ལས་འགན་གོ་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ལ། དེས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཕེལ་རྒྱས་ཆོས་ཉིད་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། འཕེལ་རྒྱས་བྱེད་ཐབས་དོན་འཁྱོལ་བཅས་བྱེད་པའི་ཡིད་ཆེས་བརྟན་པོ་དང་འཐབ་ཇུས་ཀྱི་མིག་རྒྱང་རིང་བ་གང་ལེགས་མཚོན་ཞིང་། ཞིང་ཆེན་ཡོངས་ཀྱི་གོང་འོག་གིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ཧུར་ཐག་གིས་འབྲི་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་བསྟན།

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་གོང་འོག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་འབྲེལ་མཐུད་བྱས་ཏེ། མཚོ་བྱང་དེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ཀྱི་ནང་དུ་བཞག་ནས་གནས་ངེས་འཆར་འགོད་ཀྱི་ལས་འགན་དང་འགན་འཁྲི་ལ་བསམ་བློ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། གཞི་གཅིག་སློབ་སྦྱོང་དངགཞི་གཅིག་ལག་བསྟར། གཞི་གཅིག་དོན་འཁྱོལ་བཅས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏན་ཏིག་ངང་ཏང་ཀྲུང་དབྱང་དང་ཞིང་ཨུའི་བླང་བྱའི་ཐོག་གཅིག་གྱུར་བྱས་ཏེ། ཞིང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དངོས་སུ་དོན་འཁྱོལ་དང་ཕན་འབྲས་དངོས་ཐོན་པར་ནུས་ཤུགས་གང་ཡོད་ཀྱིས་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

9a1162e19e0096296bf710b59753ea5.jpg

ཚོགས་འདུའི་ཐོག“སློབ”ཅེས་པའི་ཡི་གེ་སྔོན་ལ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། སློབ་སྦྱོང་གི་ཚ་རླབས་མགྱོགས་མྱུར་ངང་སློང་དགོས་པའི་བླང་བྱ་བཏོན། ཏང་རྩ་འཛུགས་རིམ་པ་ཁག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། ཞིབ་ཚགས་ཀྱིས་སྒྲིག་འཛུགས་དང་བརྒྱུད་སྒྲོག་བྱེད་པ། སློབ་སྦྱོང་བཀོད་སྒྲིག་ཞིབ་ཚགས་བཅས་བྱས་ཏེ། ལས་ཀའི་བྱེད་ཐབས་སྔར་བས་ཞིབ་ཏུ་གཏོང་བ་དང་། མངོན་འགྱུར་ཐབས་ལམ་གཅིག་གྱུར་འཆར་འགོད་བྱས་ནས། བསམ་བློ་དང་བྱ་སྤྱོད་དེ་ཞིང་ཨུའི་བླང་བྱ་གལ་ཆེན་ཐོག་ཏན་ཏིག་གཅིག་གྱུར་བྱེད་པ་དང་། ལས་ཀའི་དམིགས་འབེན་དེ་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་སྡུད་བྱེད་དགོས། ཁུལ་ཡོངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཞིབ་ཕྲའི་ཇུས་གཞི་ཞིབ་ཕྲ་བཟོ་བ་དང་། དྲ་ཐོག་དང་དྲ་ཕྱིའི་གཙོ་རྒྱུན་སྨྱན་སྦྱོར་གྱི་དྲིལ་སྒྲོག་གཡུལ་ས་དང་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ། ཕྱོགས་ཡོངས་དང་ཟུར་ཚད་མང་པོ། ལངས་གཟུགས་རྣམ་པ་བཅས་ཀྱི་སྒོ་ནས་དྲིལ་སྒྲོག་སྤེལ་བཤད་དང་རིགས་པའི་གཞུང་ལུགས་འགྲེལ་བཤད་གཏིང་ཟབ་སྤེལ་ཏེ། ཞིང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཏང་ཡོན་ཡོངས་དང་རྒྱ་ཆེའི་ལས་བྱེད་པ་ཡོངས་ལ་བརྒྱུད་སྒྲོག་ཏན་ཏིག་བྱེད་དགོས་པ་དང་། ཁྱོན་ཡོངས་སུ་ཁྱབ་པ་དང་སློབ་སྦྱོང་གཏིང་ཟབ་པ། མི་སེམས་སུ་གཏིང་ཟབ་ཏུ་ཟུག་པ་བཅས་བྱེད་དགོས། “རྟོགས”ཞེས་པའི་ཡི་གེ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། དགོངས་དོན་ངོ་བོ་ཡང་དག་པར་ཁོང་དུ་ཆུད་དགོས་པའི་བླང་བྱ་བཏོན། ཞིང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་གོང་འོག་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་གྲུབ་འབྲས་བླངས་པ་དང་། དེའི་ཁྲོད་ནས་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་མཚོ་བྱང་ལག་ལེན་གྱི་ལེའུ་ཧུར་ཐག་འབྲི་རྒྱུའི་ཡིད་ཆེས་བརྟན་པོ་དང་སྟོབས་ཤུགས་ཆེན་པོ་བསྡུ་ལེན་བྱས་ཏེ། “མཚོ་བྱང་ལྔ”འཛུགས་སྐྲུན་གྱི་ལས་འགན་དང་འགན་འཁྲི་རང་རྟོགས་ངང་འཁུར་དགོས། ད་ལོའི་ལས་དོན་ལེགས་པར་བསྒྲུབ་པའི་སྤྱིའི་བླང་བྱ་ལ་གོ་བ་གཏིང་ཟབ་ལེན་བྱས་ཏེ། ལྟེ་བའི་ལས་འགན་དམ་འཛིན་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ། དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ཏེ། ནང་དུ་སེམས་ལ་འབབ་པ་དང་ཕྱིའི་བྱ་སྤྱོད་དུ་མངོན་ཐུབ་པ་བྱ་དགོས། ཞིང་ཨུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། བརྟན་ལྷིང་དང་འཆམ་མཐུན་སྤྱི་ཚོགས་ཀྱི་རྣམ་པ་སྲུང་སྐྱོང་བྱེད་པ། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ལ་བཏོན་པའི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པར་གོ་བ་གཏིང་ཟབ་བླངས་ཏེ། གཙོ་གནད་གཅིག་སྡུད་དང་དཀའ་གནད་ལ་ཕར་རྒོལ་བྱས་ནས། དཔལ་འབྱོར་བརྟན་པོའི་ངང་ཡར་རྒྱས་ཡོང་བ་དང་། སྤྱི་ཚོགས་ཀྱི་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། ཏང་གི་མགོ་ཁྲིད་ནི་ལས་དོན་ཡོད་ཚད་ལེགས་པར་སྒྲུབ་པའི་རྩ་བའི་ཁག་ཐེག་ཡིན་པའི་བླང་བྱ་གལ་ཆེན་དེར་གོ་བ་གཏིང་ཟབ་བླངས་ཏེ། ཏང་འཛུགས་སྐྱོང་གི་འགན་འཁྲི་ཨང་དང་པོར་བརྟེན་ནས་འཕེལ་རྒྱས་འགན་ལེན་བྱེད་པའི་ལས་འགན་ཨང་དང་པོར་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས། “སྒྲུབ”ཅེས་པའི་ཡིག་འབྲུ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ལག་བསྟར་དང་དོན་འཁྱོལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱེད་པའི་བླང་བྱ་བཏོན། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”མཇུག་སྒྲིལ་བའི་འགག་རྩའི་དུས་སྐབས་འདི་དམ་འཛིན་བྱས་ཏེ། རང་འགུལ་ངང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་དང་བསྟུན་ནས་ད་ལོའི་གཙོ་གནད་ལས་དོན་ཁག་ཕྱོགས་ཡོངས་ནས་འཆར་འགོད་ཡག་པོ་བྱས་ནས། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”མཇུག་སྒྲིལ་བར་རྨང་གཞི་བརྟན་པོ་འདིང་དགོས། ཀྲུང་དབྱང་དང་ཞིང་ཨུའི་བཀོད་སྒྲིག་བླང་བྱར་དམ་པོར་བསྟུན་པ་དང་། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”དང“མཚོ་བྱང་ལྔ”འཛུགས་སྐྲུན་ལས་འགན་ལ་དམིགས་ནས། ཧུར་བརྩོན་དང་རང་འགུལ་ངང་མཚོ་བྱང་འཕེལ་རྒྱས་དེ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་མཉམ་འདྲེས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོ་པ། ཞན་ཆའི་གནད་དོན་ལ་མཐོང་ཆེན་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔ་ཚན་བཅོ་ལྔ་པ”འཆར་འགོད་འཆར་འགོད་ཡག་པོ་བྱ་བར་རྨང་གཞི་བཏིང་ནས་ཡུན་རིང་ལ་ཕན་པའི་ལས་དོན་ཡག་པོ་བསྒྲུབ་དགོས། “ཡིད་ཆེས་བརྟན་པོ་དང་སྒྲུབ་དངོས་སྔོན་བརྩོན”གྱི་བླང་བྱར་དམ་འཛིན་བརྟན་པོ་བྱེད་པ་དང་། སྒྱུར་བཅོས་ཀྱི་གཙོ་གནད་ལ་དམིགས་པ། དམིགས་འབེན་དང་ལས་འགན་ལ་དམ་པོར་དོ་སྣང་བཅས་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་དང་། མ་དངུལ་དང་རྣམ་གྲངས་བརྩོན་ལེན། ཚོང་འགུགས་དངུལ་འདྲེན་སོགས་ལས་ཀའི་གཙོ་གནད་ཐད་བརྟན་བརླིང་ངང་འབད་བརྩོན་བྱས་ནས། “མགོ་རྩོམ་པའི་ལེའུ”ཡག་པོ་འབྲི་བ་དང་། “མཇུག་སྒྲིལ་བའི་དམག་འཐབ”ཡག་པོ་རྒྱག་དགོས། “སྐུལ”ཞེས་པའི་ཡི་གེ་རྒྱུན་འཁྱོངས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བྱེད་པའི་བླང་བྱ་བཏོན། རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པས་སྔོན་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཤེས་རྟོགས་གསལ་པོ་བྱེད་པ་དང་། “1+10”གཞི་རིམ་དང་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་རྐྱེན་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ། དུས་ཐོག་ཏུ་གཞི་རིམ་དང་མཉམ་འབྲེལ་ས་ཁུལ་དུ་ཟབ་འཇུག་བྱས་ནས། ཕྱོགས་ཡོངས་ནས་དམིགས་གཏད་རང་བཞིན་ལྡན་པའི་དྲིལ་སྒྲོག་དང་མཛུབ་ཁྲིད། རྟོག་འདོམས་བཅས་བྱས་ཏེ། དུས་ཐོག་ཏུ་ཞིང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་གྱི་འཐབ་ཕྱོགས་སུ་བརྒྱུད་སྒྲོག་བྱ་དགོས། ཁུལ་ཡོངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་བྱེད་པར་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ས་གནས་ཁག་དང་སྡེ་ཁག་ཁག་གི་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་ལས་དོན་གྱི་འཕེལ་རིམ་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་ཕན་འབྲས་དངོས་ཐོན་ཐུབ་པར་འགན་ལེན་བྱ་དགོས།


མཉམ་སྤྱོད།