དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས20བཏོན་ནས་ཁྲོམ་རའི་འཛད་སྤྱོད་ཀྱི་ཧུར་སེམས་ལ་སྐུལ་འདེད་བཏང་བ།

2023-01-03 14:21:01   |   182

སྒྲིག་བསྒྱུར།  སངས་དོན། 


ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའི་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུ་ཡིས《ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་སྔར་བས་གནད་སྨིན་དོན་འཁྱོལ་བྱས་ནས“ཁྲོམ་རའི་ཡིད་ཆེས་ཆེ་རུ་གཏོང་བ་དང་འཛད་སྤྱོད་སླར་གསོ་བྱེད་པའི་”སྐོར་གྱི་བརྡ་སྦྱོར》དཔར་འགྲེམས་སྒོས་ཁྲོམ་རའི་ཡིད་ཆེས་ཇེ་ཆེར་དང་འཛད་སྤྱོད་སླར་གསོ་གཏོང་བར་གཤམ་གྱི་བྱེད་ཐབས་ཁག20བཏོན་ཡོད། 

ཁྲལ་གྲོན་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཐད་དུ། 

1.ཁེ་ལས་ཀྱི་དཀའ་སྡུག་སེལ་རོགས་ཀྱིས་ཁྲོམ་རའི་བྱེད་པོར་འགན་སྲུང་བྱེད་པ། 

2.གཙོ་གནད་ལས་རིགས་ཀྱི་སླར་གསོ་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ།  

3.གཞི་རྩའི་འཛད་སྤྱོད་དངོས་རྫས་ཀྱི་འགན་ལེན་ལ་སྐུལ་འདེད་གཏོང་བ། 

4.རླངས་འཁོར་འཛད་སྤྱོད་ཁྲོམ་ར་དར་འཕེལ་གཏོང་བ།

5.འདུག་ཁང་མཛད་སྤྱོད་ཀྱི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། 

6.ཞིང་ཕྱུགས་ཐོན་རྫས་ཀྱི་འཛད་སྤྱོད་རྒྱ་ཆེར་གཏོང་བ།

7.སྨན་བཅོས་དང་རྒན་གསོ། བྱིས་གཉོར་བཅས་ཀྱི་བདེ་ཐང་འཛད་སྤྱོད་ལ་སྣེ་ཁྲིད་བྱེད་པ།

8.སློབ་གསོ་དང་ལུས་རྩལ་གྱི་འཕེལ་རྒྱས་ཁྱོན་ཡོངས་ནས་མགྱོགས་སུ་གཏོང་བ། 

9.འཛད་སྤྱོད་ཀྱི་ལས་རྣམ་གསར་བ་གསོ་སྐྱོང་བྱེད་པ།

10.ཀུན་ཕན་དངུལ་རྩའི་འཕེལ་རྒྱས་ལ་ཞབས་ཞུ་བྱེད་པ།

11.སྤྱི་ཚོགས་འགན་སྲུང་གྲོན་དངུལ་སྤྲོད་པར་དངུལ་ལྷོད་ཡངས་དང་གྲོན་དངུལ་གཅོག་པའི་སྲིད་ཇུས་དངོས་འབེབས་བྱེད་པ། 

12.ལྗང་མདོག་དང་ཐཱན་ཉུང་བའི་འཛད་སྤྱོད་ལ་ཡར་སྐུལ་བྱེད་པ།

13.མུ་མཐུད་དུ་འཛད་སྤྱོད་ཀྱི་གཏིང་ཤུགས་སྔོག་འདོན་བྱེད་པ།

ཁྲལ་སྒྲུབ་འགྲོ་ལུགས་སྟབས་བདེ་བཟོ་བའི་ཐད་དུ། 

1.གནད་དུ་ཁེལ་བའི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་བྱེད་པ།

2.བྱེད་ཐབས་སྣ་ཚོགས་ཀྱིས་སྲིད་ཇུས་ཟུར་ཁྲིད་ལ་ཤུགས་སྣོན་རྒྱག་པ།

3.སྲིད་ཇུས་ལོངས་སྤྱོད་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ།

4.དངུལ་ཁང་དང་དཔྱ་ཁྲལ་ལས་ཁུངས་མཉམ་འབྲེལ་གྱིས་སྲིད་ཇུས་ལོངས་སྤྱོད་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་པ།

5.མཉེན་གཤིས་ཁྲིམས་འཛིན་གྱིས་ཁོར་ཡུག་བཟང་པོ་གཏོད་པ།

6.རེ་འདུན་དང་ལེན་གྱི་ཐབས་ལམ་ཤར་གཏོང་ཐུབ་པར་བྱེད་པ།

7.ཁྲལ་བསྡུའི་གྲངས་གཞི་ཆེན་པོ་སྔོག་འདོན་གཏིང་ཟབ་བྱེད་པ།


མཉམ་སྤྱོད།