སྒྲིག་བསྒྱུར། སངས་དོན།
གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་རྒྱུས་ལོན་བྱས་པ་ལྟར་ན། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་གྱོད་གཞི་ཐོ་འགོད་དང་མཐུན་སྦྱོར་ཐག་གཅོད་བྱས་པའི་ཞིང་བ་ལས་ཀ་བའི་ཟླ་ཕོགས་ཆད་འགྱངས་ཀྱི་གྱོད་གཞི3899ཡོད་ལ། ཞིང་བ་ལས་ཀ་བའི་ཆད་འགྱངས་བྱས་པའི་ཟླ་ཕོགས་སྒོར་དུང་ཕྱུར2.4དངོས་སར་འབྱོར་བར་བྱས་ཡོད། ཞུ་གཏུག་བྱས་པའི་ཞིང་བ་ལས་ཀ་བའི་ཟླ་ཕོགས་ཆད་འགྱངས་ཀྱི་གྱོད་གཞི་ཐག་གཅོད་བྱས་ཚད100%རུ་སླེབས་ཡོད་པས་ཕན་འབྲས་ལྡན་པའི་སྒོ་ནས་མང་ཚོགས་མང་པོ་ཞིག་གིས་སེམས་ཁུར་བྱེད་པའི་”ཟླ་ཕོགས“གནད་དོན་ཐག་གཅོད་བྱས་ཡོད།