དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་དུས་རབས་གསར་པའི་ས་ཆུ་སྲུང་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

2023-01-05 11:56:08   |   132

རྩོམ་སྒྲིག  སངས་དོན།      ཡོང་ཁུངས།  གངས་ལྗོངས་མེ་ལོང་།


ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་དུས་རབས་གསར་པའི་ས་ཆུ་སྲུང་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

བསམ་འཆར་ལས་བསྟན་དོན། ས་ཆུ་སྲུང་འཛིན་ནི་གཙང་པོ་དང་ཆུ་བོར་སྲུང་སྐྱོབ་བྱེད་པ་དང་བཅོས་སྐྱོང་བྱེད་པའི་རྩ་བའི་བྱེད་ཐབས་ཤིག་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལྡོག་དུ་མེད་པའི་བླང་བྱ་ཞིག་ཡིན། སྐྱེ་ཁམས་སྔོན་ལ་འཇོག་པ་དང་དེར་སྲུང་སྐྱོབ་བྱ་རྒྱུ་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་དམངས་འཚོར་འགན་ལེན་བྱེད་པ། བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་དང་ཕྱོགས་བསྡུས་ངང་སྲིད་ཇུས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་གསར་གཏོད་དང་གསོན་ཤུགས་འཕེལ་བར་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས།

བསམ་འཆར་ལས་བཏོན་པའི་དམིགས་འབེན་གཙོ་བོ་ནི། ཉིས་སྟོང་ཉེར་ལྔ་ལོར་སླེབས་སྐབས་ས་ཆུ་སྲུང་འཛིན་གྱི་སྒྲིག་སྲོལ་ལམ་སྲོལ་དང་ལས་ཀའི་མ་ལག་སྔར་ལས་འཐུས་ཚང་དུ་ཕྱིན་ཡོད་པ་དང་། དོ་དམ་གྱི་ཕན་ནུས་སྔར་ལས་ཆེ་རུ་ཕྱིན་ཡོད་པ། མིས་བཟོས་ས་ཆུ་ཤོར་བར་དོ་དམ་ཚོད་འཛིན་ནུས་ལྡན་བྱེད་ཐུབ་པ། གཙོ་གནད་ས་ཁུལ་གྱི་ས་ཆུ་ཤོར་བའི་གནད་དོན་ལ་ནུས་ལྡན་ངང་བཅོས་སྐྱོང་བྱེད་ཐུབ་པ། །ས་ཆུ་ཤོར་བའི་གནས་ཚུལ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། རྒྱལ་ཡོངས་ཀྱི་ས་ཆུ་སྲུང་འཛིན་བྱེད་ཚད་བརྒྱ་ཆའི་དོན་གསུམ་ལ་སླེབས་པར་བྱེད་དགོས། ཉིས་སྟོང་སོ་ལྔ་ལོར་སླེབས་སྐབས། མ་ལག་ཆ་ཚང་བ་དང་མཉམ་སྒྲུབ་ལས་ཆོད་ཆེ་བའི་ས་ཆུ་སྲུང་འཛིན་གྱི་སྒྲིག་སྲོལ་ལམ་སྲོལ་ཁྱོན་ཡོངས་ནས་གྲུབ་པར་བྱེད་པ་དང་། མིས་བཟོས་ས་ཆུ་ཤོར་བའི་གནད་དོན་ལ་ཁྱོན་ཡོངས་ནས་ཚོད་འཛིན་ཐུབ་པར་བྱེད་པ། གཙོ་གནད་ས་ཁུལ་གྱི་ས་ཆུ་ཤོར་བའི་གནད་དོན་ལ་ཁྱོན་ཡོངས་ནས་བཅོས་སྐྱོང་ཐུབ་པ། རྒྱལ་ཡོངས་ཀྱི་ས་ཆུ་སྲུང་འཛིན་བྱེད་ཚད་བརྒྱ་ཆའི་དོན་ལྔ་ལ་སླེབས་པར་བྱེད་པ། སྐྱེ་ཁམས་མ་ལག་གི་ས་ཆུ་སྲུང་འཛིན་གྱི་ནུས་པ་མངོན་གསལ་ཆེ་རུ་ཕྱིན་པ་བཅས་མངོན་འགྱུར་བྱེད་དགོས།


མཉམ་སྤྱོད།