དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཁུལ་གྱི་ཟི་ལིང་ལས་བྱེད་རྒན་པའི་བྱ་འགུལ་ལྟེ་གནས་སུ་སོང་སྟེ་རྟོག་ཞིབ་གནང་།

2025-02-24 10:54:12   |   838

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཟི་ལིང་གྲོང་ཁྱེར་དུ་སོང་སྟེ་མཚོ་བྱང་ཁུལ་གྱི་ལས་བྱེད་རྒན་པའི་བྱ་འགུལ་ལྟེ་གནས(འཇོན་མིའི་ལས་ཤག)སུ་ལས་བྱེད་རྒན་པའི་བྱ་བ་དང་མཚོ་བྱང་འཇོན་མིའི་ལས་ཤག་འཁོར་སྐྱོད་གནས་ཚུལ་ལ་རྟོག་ཞིབ་གནང་ལ། དུས་མགོར་སྒྲུབ་སྐུལ་བྱས་པའི་བྱ་བའི་དོན་འཁྱོལ་གནས་ཚུལ་ལ་ཞིབ་བཤེར་བྱས།     

ཁུལ་ལས་བྱེད་རྒན་པའི་བྱ་འགུལ་ལྟེ་གནས་སུ་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་བྱ་འགུལ་ལྟེ་གནས་ཀྱི་རྒྱུན་གཏན་དོ་དམ་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་དང་རྒྱུས་ལོན་བྱས་ཤིང་། ཁུལ་ལས་བྱེད་རྒན་པའི་བྱ་བ་སྤེལ་བའི་གནས་ཚུལ་ལ་ཉན་ནས་བསྟན་དོན། ཁུལ་དང་རྫོང་གི་ལས་བྱེད་རྒན་པ་ཅུ་ཡིས་ཁུལ་ཨུའི་ལས་བྱེད་རྒན་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། “ནུབ་མཚོའི་དབུ་དཀར”བྱ་འགུལ་གཟའ་འཁོར་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། ཆིང་ཏའོ་རུ་སོང་སྟེ་ས་ཆ་གཞན་དུ་སློབ་སྦྱོང་དང་ཁམས་གསོ་བྱེད་ཐེངས་དང་པོ་སྤེལ་ལ། ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་རོལ་དབྱངས་ཚོགས་པ་གསར་འཛུགས་བྱས་ཤིང་། “ལས་བྱེད་རྒན་པ་མཚོ་བྱང་དུ་གནས་སྐོར”བྱེད་པ་དང་གསར་བརྗེའི་ཉམས་ཞིབ་བྱེད་སྒོ་སོགས་བྱེད་སྒོ་སྣ་ཚོགས་ཐེངས36སྒྲིག་འཛུགས་ཞིབ་ཚགས་བྱས་ལ། ཅིན་ཀྲའེ་དང་མིན་ཚུའེ་ལིག རྐང་ཚ་རྫོང་གི་ལས་བྲལ་ལས་འཁྱུར་ཏང་ཀྲི་པུ་སོགས་ལ་ཞིང་ཆེན་ཡོངས་ཀྱི“བཟང་པོ་དྲུག”གི་དཔེ་སྟོན་ཏང་ཀྲི་པུའི་བྱ་དགའ་ཐོབ་པ་དང་། ལྷག་པར་ཁུལ་དང་རྫོང་གི་ལས་བྱེད་རྒན་པ་ཅུ་ཡི་ལོ་རེར་གཉེར་བཞིན་པའི་ལོ་གསར་ཇ་སྟོན་ལ་ལས་བྱེད་རྒན་པས་མགྲིན་གཅིག་ཏུ་གདེང་འཇོག་བཟང་པོ་ཐོབ་པ་དང་།  ལས་བྱེད་རྒན་པའི་བྱ་བར་གྲུབ་འབྲས་གསར་པ་ཐོབ་པ་དང་ཡར་རྒྱས་གསར་པ་བྱུང་ཡོད་པས་གྲུབ་འབྲས་ཁས་ལེན་བྱེད་འོས་པ་ཞིག་རེད་ཟེར།  

640.png

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། མཚོ་བྱང་འཕེལ་རྒྱས་ཐད་ཐོབ་པའི་ཡར་རྒྱས་དང་འགྱུར་ལྡོག ཐོབ་པའི་གྲུབ་འབྲས་བཅས་ཀྱི་ཐོག་ཏུ་ལས་བྱེད་རྒན་པས་དཀའ་སྤྱད་འབད་བརྩོན་དང་བློ་གྲོས། སེམས་ཤུགས་བཅས་གཅིག་ཏུ་འདུས་ཡོད་ལ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་གྱི“སྔོན་ཐོན་གཉིས”ཀྱི་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་དང་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི“སྔོན་ཐོན་གཉིས”ཀྱི་འཐུས་མི་དང་མཇལ་འཛོམས་སྐབས་གནང་བའི་གསུང་བཤད་ཀྱི་བླང་བྱ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ནུས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་སེམས་ཁུར་དང་གཅེས་སྐྱོང་ཞབས་ཞུའི་བྱ་བ་ཡག་པོར་སྒྲུབ་ནས་ལས་བྱེད་རྒན་པའི་ཚོར་སྣང་དང་ཞུགས་སྣང་། ཐོབ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཏེ། གཅིག་ནས་བྱ་བའི་ཆུ་ཚད་མཐོ་རུ་གཏོང་དགོས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་ནུབ་ལམ་དམག་དཔུང་གི་སྙིང་སྟོབས་རྒྱུན་འཛིན་ལ་བརྟེན་ནས་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དང་ལྕགས་རི་རིང་བོ་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་གཏམ་རྒྱུད་ཡག་པོར་བཤད་དགོས། བསམ་བློ་ཆབ་སྲིད་སློབ་གསོ་དམ་འཛིན་ཏན་ཏིག་བྱས་ཏེ་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་ཆེ་རུ་གཏོང་དགོས། ལས་བྱེད་རྒན་པ་ཚོགས་འདུ་གལ་ཆེན་དང་བྱེད་སྒོ་གལ་ཆེན་ནང་གདན་ཞུ་ཧུར་ཐག་བྱེད་དགོས་པ་དང་། ལས་བྱེད་རྒན་པས་ཁུལ་ཡོངས་ཀྱི་ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་དང“སྤྱི་གླིང་གཉིས་དང་བཙན་ས་གཅིག”འཛུགས་སྐྱོང་སོགས་ལྟེ་བའི་བྱ་བར་དོ་ཁུར་བྱེད་པར་ཁྲིད་སྟོན་བྱས་ཏེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས། གཉིས་ནས་ཞབས་ཞུའི་འདུ་ཤེས་ཆེ་རུ་གཏོང་དགོས། ལས་བྱེད་རྒན་པའི་བསམ་ཚུལ་དང་དགོས་མཁོ། རེ་བ་བཅས་ལ་དམིགས་ནས་སྟེགས་ལྒང་དང་ཕིང་ཕང་སྤོ་ལོའི་བྱེད་སྒོ་ཁང་། སྨྱན་མང་གཟུགས་ཁང་། ཡིག་གཟུགས་ཁང་། ཞབས་བྲོ་ཁང་། དཔེ་ཀློག་ཁང་། བདེ་ཐང་ཁང་ཆུང་སོགས་བྱེད་ནུས་ཁུལ་མུ་མཐུད་ཇེ་ལེགས་སུ་བཏང་སྟེ། བེད་མེད་ཐོན་ཁུངས་བཀོལ་སྤྱོད་དང་བསྡུ་སྒྲིལ་བྱེད་དགོས། སྐད་འཕྲིན་སྤྱི་སྟེགས་གཉེར་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་དགོས་པ་དང་། གསར་བརྗེའི་ཉམས་ཞིབ་དང་ཡུལ་གཞན་དུ་ཁམས་གསོ། བདེ་ཐང་བརྟག་དཔྱད་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱས་ཏེ་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས། གསུམ་ནས་བྱ་བའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། རྩ་འཛུགས་སྡེ་ཁག་གིས་གཅིག་གྱུར་འཆར་འགོད་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཟི་ལིང་དུ་བཅའ་སྡོད་བྱས་པའི་རྫོང་བཞིའི་ལས་བྱེད་ངལ་གསོ་ཁང་གི་སྟོབས་ཤུགས་འདོན་སྤེལ་བྱས་ནས་བྱ་བ་སོ་སོ་ཡག་པོར་སྒྲུབ་དགོས་པ་དང་། ནོར་སྲིད་སྡེ་ཁག་གིས་རང་འགུལ་ངང་ལས་བྱེད་རྒན་པའི་བྱ་འགུལ་ལྟེ་གནས་ཀྱི་རྒྱུན་གཏན་འཁོར་སྐྱོད་གྲོན་དངུལ་འགན་སྲུང་ཡག་པོ་བྱེད་དགོས་ཟེར།  

640 (1).png

ཤ་བོ་སྐྱབས་ཀྱིས་མཚོ་བྱང་འཇོན་མིའི་ལས་ཤག་ཏུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། འཇོན་མིའི་ལས་ཤག་འཛུགས་སྐྲུན་དམ་འཛིན་བྱ་རྒྱུ་ནི་འཇོན་མི་བསྡུ་རུབ་དང་ཤེས་རིག་ནང་འདྲེན་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་།  འཇོན་མིའི་སྟོབས་ལྡན་ཁུལ་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་གཞི་རྟེན་དང་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན་པས། རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས་དང་གཏེར་ལྔ་སྡེ་ཚོགས། ཀྲུང་གོ་ཧ་ཡང་སྡེ་ཚོགས། ཀྲུང་གོ་འབྲུ་རིགས་སྡེ་ཚོགས་བཅས་དང་། ལྷག་པར་ཧྲན་ཏུང་ཞིང་ཆེན་གྱི་མཚོ་སྐྱོར་ལས་བྱེད་འཇོན་མི195ལ་ཞབས་ཞུ་འགན་སྲུང་བྱེད་བྱེད་པའི་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབ་སྟེ། འཇོན་མིའི་ལས་ཤག་གི་ནུས་པ་འདོན་སྤེལ་ཏན་ཏིག་ཡག་པོ་བྱེད་དགོས། ཁུལ་དང་རྫོང་གི་ལས་བྱེད་རྒན་པ་ཅུ་ཡིས་ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུ་དང་མཉམ་དུ་འཇོན་མིའི་ལས་ཤག་དོ་དམ་གྱི་འགན་འཁྲི་ཏན་ཏིག་འཁུར་དགོས་པ་དང་། ཞག་སྡོད་ཁུལ་དང་སྤྲོ་གསེང་ཁུལ་སོགས་ཀྱི་བྱེད་ནུས་བཀོད་སྒྲིག་ཇེ་ལེགས་སུ་བཏང་ནས་རྒྱུན་ལྡན་གྱི་དོ་དམ་ལ་ཤུགས་སྣོན་དགོས་ཟེར།   

640.jpg

ཁུལ་གྱི་མགོ་ཁྲིད་སུང་ཞུག་ཙུང་དང་། སི་ཅི་ཧྲིན། ཀརྨ་ཚེ་རིང་། དེ་བཞིན་ཁུལ་ཨུའི་རྩ་འཛུགས་པུ་དང་ཁུལ་ནོར་སྲིད་ཅུ། ཁུལ་ལས་ཁུངས་ལས་དོན་དོ་དོམ་ཅུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་སོགས་རྟོག་ཞིབ་ལ་ཞུགས།    


མཉམ་སྤྱོད།