དེ་རིང་ནི2025ལོའི་ཟླ05པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཆེས་གོ་སླ་བའི་སྲིད་གཞུང་གི་ལས་དོན་སྙན་ཞུ།

2025-03-05 15:08:27   |   1693

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། ཀྲུང་དབྱང་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་། 


 སྤྱི་ཟླ3པའི་ཚེས5ཉིན། ཙུང་ལི་ལི་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕུལ་བའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་དོན་གནད་བསྡུས།

微信图片_20250305152356.jpg

གཅིག 2024ལོའི་ལས་དོན་ལ་ཕྱིར་མིག་ལྟ་བ།  

རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་སྡོམ་འབོར5%འཕར་ཡོད། ཐེངས་དང་པོར་འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི1.4ལ་སླེབས། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་ཁྲི1256གསར་དུ་བསྣན་ཡོད། ནུས་ཁུངས་གསར་པའི་རླངས་འཁོར་ལོ་རེའི་ཐོན་ཚད་ཁྲི1300ལས་བརྒལ་ཡོད།      

གཉིས། ད་ལོའི་སྔོན་དཔག་དམིགས་ཚད་གཙོ་བོ།

 རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་སྡོམ་འབོར5%ཡས་མས་འཕར་རྒྱུ་དང་།  གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་ཁྲི1200ཡན་གསར་དུ་སྣོན་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད2%ཡས་མས་སླེབས་རྒྱུ། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི1.4ལ་སླེབས།  སྡེ་ཚན་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་སྡོམ་འབོར་གྱི་ནུས་ཁུངས་ཟད་གྲོན3%ཡས་མས་མར་ཆག་རྒྱུ། 

གསུམ། ད་ལོའི་གཙོ་གནད་ལས་དོན་ཁག་གཅིག 

 ནོར་སྲིད་ཐད། མཚལ་ཡིག་གི་ཚད4%ཡས་མས་ལྟར་བཀོད་སྒྲིག་བྱེད་རྩིས་ཡོད་པ་དང་། མཚལ་ཡིག་གི་གཞི་ཁྱོན་ལོ་གོང་མ་ལས་སྒོར་དུང་ཕྱུར་ཁྲི1.6འཕར་རྒྱུ།  

སྲིད་གཞུང་གི་མ་འཇོག་ཐད། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་སྒོར་དུང་ཕྱུར་ཁྲི4.4བཀོད་སྒྲིག་བྱེད་རྩིས་ཡོད་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར5000འཕར་རྒྱུ་ཡིན་ལ། སྡོམ་རྩིས་བྱས་ན་སྲིད་གཞུང་གི་བུ་ལོན་གྱི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི11.86གསར་དུ་བསྣན་ནས་ལོ་གོང་མ་ལས་སྒོར་དུང་ཕྱུར་ཁྲི2.9མང་དུ་ཕྱིན་རྒྱུ། 

དམིགས་བསལ་རྒྱལ་བུན་གྱི་ཐད། ཡུན་རིང་ལས་བརྒལ་བའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་ཁྲི1.3འགྲེམས་སྤེལ་བྱེད་རྩིས་ཡོད་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར3000འཕར་རྒྱུ། དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར5000འགྲེམས་སྤེལ་བྱེད་རྩིས་ཡོད།  

འཛད་སྤྱོད་ཀྱི་ཐད། འཛད་སྤྱོད་སྐུལ་སྤེལ་གཏོང་བའི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱ་རྒྱུ། ཡུན་རིང་ལས་བརྒལ་བའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར3000བཀོད་སྒྲིག་བྱས་ནས་འཛད་རྫས་རྙིང་པ་གསར་བརྗེ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།

 སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་ཐད། ཚོང་ལས་རྣམ་པའི་འཇིག་རྟེན་འཕུར་སྐྱོད་ལས་གཞི་དང་དམའ་དབྱིངས་དཔལ་འབྱོར་སོགས་གསར་དར་ཐོན་ལས་བདེ་འཇགས་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྐྱེ་དངོས་བཟོ་སྐྲུན་དང་། ཚད་རྡུལ་ཚན་རྩལ། གཟུགས་ལྡན་རིག་ནུས། 6Gསོགས་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་བྱེད་དགོས། བཟོ་སྐྲུན་ལས་རིགས་གྲངས་འཛིན་ཅན་དུ་འགྱུར་བའི་རིགས་སྒྱུར་མགྱོགས་སུ་གཏོང་དགོས། རིག་ནུས་དྲ་སྦྲེལ་ནུས་ཁུངས་གསར་པའི་རླངས་འཁོར་དང་། མིས་བཟོས་རིག་ནུས་ཁ་པར། གློག་ཀླད། རིག་ནུས་འཕྲུལ་ཆས་མི་སོགས་རིག་ནུས་མཐའ་སྣེ་རབས་གསར་པ། དེ་བཞིན་རིག་ནུས་བཟོ་སྐྲུན་སྒྲིག་ཆས་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ། 

 སློབ་གསོའི་ཐད། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོའི་སློབ་གནས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། རིན་མེད་སློབ་སྔོན་སློབ་གསོ་རིམ་བཞིན་ཁྱབ་སྤེལ་གཏོང་རྒྱུ།

 ཁྲོམ་རའི་ཁོར་ཡུག་གི་ཐད། ཁེ་ལས་ཀྱི་དངུལ་ཆད་འགྱངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡུན་རིང་ཕན་ནུས་ལམ་སྲོལ་དོན་འཁྱོལ་བྱ་དགོས། ཁེ་ལས་དང་འབྲེལ་བའི་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ།

 སྒོ་འབྱེད་ཀྱི་ཐད། འཕྲིན་སྦྲེལ་དྲ་བ་དང་རིག་གནས་སོགས་ཀྱི་ཁྱབ་ཁོངས་གོ་རིམ་ལྡན་པའི་སྒོ་ནས་སྒོ་འབྱེད་པར་སྐུལ་འདེད་གཏོང་བ་དང་། གློག་འཕྲིན་དང་། སྨན་བཅོས། སློབ་གསོ་སོགས་ཀྱི་ཁྱབ་ཁོངས་སྒོ་འབྱེད་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། 

 སྡོད་ཁང་གི་ཐད། ས་ཁང་བདག་ཁོངས་ཀྱི་ཚོང་ར་བརྟན་པོ་ཡོང་བར་རྒྱུན་མཐུད་ངང་སྐུལ་འདེད་ཤུགས་ཆེན་གཏོང་དགོས། གྲོང་ཁྱེར་ནང་གི་གྲོང་སྡེ་དང་ཁང་རྙིང་ཉེན་ཅན་བསྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚོང་ཟོག་སྡོད་ཁང་ཉོ་སྒྲུབ་བྱེད་པར་སྐུལ་འདེད་གཏོང་དགོས། མུ་མཐུད་དུ་ཁང་བ་འགན་སྤྲོད་བྱ་བ་ལེགས་པོར་སྒྲུབ་རྒྱུ། 

གྲོང་གསེབ་དར་རྒྱས་གཏོང་བའི་ཐད། འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱ་དགོས།  ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་བྱེད་པའི་འབྲུ་རིགས་ཐོན་སྐྱེད་ཚོང་གཉེར་ཁུལ་དང་ཞིང་ཆེན་དབར་གྱི་འཕྲེད་ཕྱོགས་ཀྱི་ཁེ་ཕན་ཁ་གསབ་བྱེད་མགོ་བཙུགས་ནས་འབྲུ་རིགས་ཐོན་འབོར་ཆེ་བའི་རྫོང་ཆེན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་པའི་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་སྐྱེད་གཏོང་རྒྱུ།  

གྲོང་རྡལ་ཅན་གྱི་ཐད། ཆ་རྐྱེན་དང་མཐུན་པའི་ཞིང་ལས་སྤོ་སྒྱུར་མི་གྲངས་དེ་སྡོད་ཁང་འགན་སྲུང་མ་ལག་ནང་འཇུག་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་གསར་སྒྱུར་དང་གྲོང་རྡལ་གྱི་སྡོད་ཁུལ་རྙིང་པ་བསྒྱུར་བཀོད་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ། 

སྐྱེ་ཁམས་ཀྱི་ཐད། འབྱུང་འཕྲོད་འཛད་སྤྱོད་སྐུལ་སློང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྦགས་མེད་དང་ཐཱན་ཉུང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ། 

 ལས་ཞུགས་ཀྱི་ཐད། མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། བབ་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། རྩལ་ནུས་ཤེས་ལྡན་མི་སྣའི་ཐོབ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུ།  

སྨན་བཅོས་འཕྲོད་བསྟེན་གྱི་ཐད། སྨན་རྫས་གཅིག་སྡུད་བསྡུ་ལེན་སྲིད་ཇུས་ལེགས་སུ་བཏང་ནས་སྤུས་ཚད་དཔྱད་དཔོག་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་མིའི་སྨན་བཅོས་འགན་བཅོལ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་ཐད་ནས་མི་རེར་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་སོ་སོར་སྒོར30དང་སྒོར5སླར་ཡང་མཐོ་རུ་གཏོང་རྒྱུ། 

 སྤྱི་ཚོགས་འགན་སྲུང་གི་ཐད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་གྱི་མ་མཐའི་ཚད་གཞི་སླར་ཡང་སྒོར20མཐོ་རུ་གཏོང་རྒྱུ་དང་། བུ་བཙའི་ཐད་སྐུལ་འདེད་གཏོང་བའི་སྲིད་ཇུས་གཏན་འབེབས་བྱས་ནས་བྱིས་སྐྱོང་ཐད་ལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུ།      


མཉམ་སྤྱོད།