དེ་རིང་ནི2025ལོའི་ཟླ05པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ད་ལོར། “རྩེ་གྲ་གཉིས”ཅན་གྱི་མཐོ་སློབ་དངོས་གཞིའི་ཚན་ཁག་ལ་སླར་ཡང་མི་ཁྲི2མང་དུ་བསྡུ་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།

2025-03-07 14:54:26   |   683

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དཔལ་འབྱོར་བརྗོད་དོན་གཙོ་བོ་ཡིན་པའི་གསར་འགོད་པའི་ཚོགས་འདུ་ཚེས6ཉིན་འཚོགས། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་འཕེལ་རྒྱས་བཅོས་སྒྱུར་དང་། ནོར་སྲིད་སྔོན་རྩིས། ཚོང་དོན། དངུལ་རྩ་དངུལ་འཛིན་སོགས་ཀྱི་གནད་དོན་ཐད་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བཏབ།

རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེང་ཧྲ་ཅེ་ཡིས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་རྒྱ་ཆེར་གཏོང་རྒྱུ་དང་། འོས་འགན་སློབ་གསོའི་སློབ་གྲྭ་སྤུས་ལེགས་གསར་པ་ཁྲི་གཅིག་བསྐྲུན་རྒྱུ། སྤུས་ལེགས་མཐོ་འབྲིང་དཀྱུས་མ་སྟོང་ཕྲག་ཙམ་བསྐྲུན་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས། དེ་དང་ཆབས་ཅིག་མཐོ་རིམ་སློབ་གསོའི་སྤུས་ཚད་མཐོར་འདེགས་དང་རིམ་སྤོར་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། “རྩེ་གྲ་གཉིས”འཛུགས་སྐྲུན་བྱེད་པའི་མཐོ་སློབ་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ་བསྡུ་བའི་གཞི་ཁྱོན་སྔར་བས་ཇེ་ཆེར་བཏང་སྟེ། ད་ལོར་མི་ཁྲི2སླར་ཡང་མང་དུ་བསྡུ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན། མདོར་ན། ང་ཚོས་ཕྲུ་གུ་སྔར་ལས་མང་བས་སྔར་ལས་དྲང་གཞག་དང་སྔར་ལས་སྤུས་ལེགས་ཀྱི་སློབ་གསོ་དང་ལེན་བྱེད་ཐུབ་པར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད།

1.jpg


མཉམ་སྤྱོད།
Loading...