དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་མཚོ་སྔོན་པོའི“ཞལ་སྒོ་འབྱེད་དུས”བྱེད་སྒོ་སྐབས་དང་པོའི་མདའ་བཞི་ཡན་ལག་ཚོགས་རའི་གྲ་སྒྲིག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱས།

2025-03-14 11:05:23   |   1213

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་འཐབ་ཕྱོགས་དང་པོའི་བྱ་བའི་བྱེད་ཐབས་མཐའ་འཁྱོངས་བྱས་ཏེ། མཚོ་སྔོན་པོའི་ཉེ་འགྲམ་གྱི་མཁའ་དམག་ས་དམག་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་གནས་རྙིང་དང་མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིར་སོང་སྟེ་མཚོ་སྔོན་པོའི“ཞལ་སྒོ་འབྱེད་དུས”བྱེད་སྒོ་སྐབས་དང་པོའི་མདའ་བཞི་ཡན་ལག་ཚོགས་རའི་གྲ་སྒྲིག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱས་པ་མ་ཟད། ཡུལ་དངོས་ནས་གཞུང་ལས་ཚོགས་འདུ་འཚོགས་ནས་ལས་ཀའི་བླང་བྱ་ཞིབ་ཕྲ་བཏོན།

1.png

ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་མདའ་བཞི་རྫོང་གི་བྱེད་སྒོའི་གྲ་སྒྲིག་ལས་དོན་གྱི་སྙན་ཞུར་ཉན་པ་དང་། ས་གནས་ས་ཐོག་ཏུ་བྱེད་སྒོ་སྤེལ་ཡུལ་བཀོད་སྒྲིག་དང་། བྱེད་སྒོ་སྒྲིག་འཛུགས། སྟ་གོན་དྲིལ་སྒྲོག་སོགས་གྲ་སྒྲིག་ལས་དོན་ལ་ལྟ་ཞིབ་བྱས། ཁོང་གིས་བསྟན་དོན། “མཚོ་སྔོན་པོའི་ཞལ་སྒོ་འབྱེད་དུས། མི་ཚེ་ཡི་དུས་སྐབས་ཡག་ཤོས”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་“ཞལ་སྒོ་འབྱེད་དུས”ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་ནི་ང་ཚོས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དུས་ཡུན་ཧྲིལ་པོ་དང་དུས་ཚིགས་ཡོངས་ཀྱི་གནས་སྐོར་དང་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་བཀོད་སྒྲིག་ལག་བསྟར་བྱེད་པའི་བྱེད་ཐབས་ཞིབ་ཕྲ་ཞིག་ཡིན་ལ། མཚོ་བྱང་གི་དཔྱིད་དུས་གནས་སྐོར་ལ་སྐུལ་འདེད་གཏོང་བའི་མགོ་རྩོམ་ས་གལ་ཆེན་ཞིག་ཀྱང་ཡིན་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་སྐྲུན་པའི་གསར་གཏོད་བྱེད་ཐབས་ཤིག་ཀྱང་ཡིན། ཁུལ་ཐད་གཏོགས་སྡེ་ཁག་ཁག་དང་རྐང་ཚ་རྫོང་། མདའ་བཞི་རྫོང་བཅས་ཀྱིས་ཟླ3པའི་ཚེས20ཉིན་ཏེ་དཔྱིད་མཉམ་ཉིན་གྱི་མཚོ་སྔོན་པོའི“ཞལ་སྒོ་འབྱེད་དུས”ཀྱི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་དང་གྲ་སྒྲིག་ཡག་པོ་བྱས་ཏེ་མཚོ་སྔོན་པོའི“ཞལ་སྒོ་འབྱེད་དུས”ལ་བརྟེན་ནས་ཁུལ་ཡོངས་ཀྱི་གནས་སྐོར་ཐོན་ལས་འཕེལ་རྒྱས་ལ་རོགས་རམ་བྱེད་དགོས།

2.png

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། སྐྱེ་ཁམས་སྲུང་སྐྱོང་གཙོ་གནད་ཐོག་དམ་འཛིན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གཅིག་ནས་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་བྱེད་སྒོ་སྤེལ་སའི་བཀོད་སྒྲིག་ལས་དོན་ཡག་པོ་བྱས་ཏེ་དམག་སྒར་བཅུ་གཉིས་པའི་གནས་རྙིང་གི་ཞིབ་འཇུག་སློབ་སྦྱོང་བྱ་ཡུལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། མཚོ་འགྲམ་གྱི་འཁྱགས་དར་དང་ཉ་དང་། བྱ། དགོ་བ་སོགས་ཁྱད་ཆོས་ལྡན་པའི་གཞི་རྒྱུ་ལ་བརྟེན་ནས་བྱེད་སྒོའི་ལྟ་སྐོར་ལམ་ཐིག་འཆར་འགོད་ཞིབ་ཚགས་བྱེད་པ། སྒུལ་བདེའི་ཡུལ་ལྗོངས་ལྟ་སྐོར་སྟེགས་བུ་ལུགས་མཐུན་འཛུགས་པ། ངལ་གསོའི་སྟེགས་བུ་འཛུགས་པ་དང་ནུས་པའི་ཁུལ་ངོ་སྤྲོད་བྱེད་པའི་ལས་དོན་ནན་ཏན་གྱིས་ལེགས་པར་བསྒྲུབ་པ། མཚོ་འགྲམ་གྱི་གད་སྙིགས་དང་ལྕགས་ར་གཙང་སེལ་སོགས་ཁོར་ཡུག་བཅོས་སྒྲིག་ལས་དོན་ཏན་ཏིག་སྤེལ་བ་བཅས་བྱེད་དགོས། གཉིས་ནས་མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་ནས་མཚོ་སྔོན་པོའི་ལྗོངས་ཡོངས་ལ་བལྟ་ཐུབ་པའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། ལྡབ་མཐོ་རྒྱང་ཤེལ་སོགས་མཚོ་སྔོན་པོར་རྒྱང་ལྟ་བྱེད་པའི་སྒྲིག་ཆས་མང་དུ་བཏང་སྟེ།  གནས་སྐོར་བས་མཚོ་སྔོན་པོ་དང་དེ་བཞིན་ཁེ་ཐུར་བྱེ་བཅོས་ས་ཚིགས། བྱེ་མ་ལ་བདུན། བྱེ་གླིང་། མཚོ་སྙིང་། ལྷ་ཆབ་ཁུག བྱ་གླིང་སོགས་ལ་ལྟ་བདེ་བར་བྱེད་དགོས། རྟེན་གཞིའི་བྱེད་ནུས་ཁུལ་གྱི་བཀོད་སྒྲིག་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ། གནས་སྐོར་བར་རླུང་འགོག་གྲང་གཡོལ་བྱ་ཡུལ་མཁོ་འདོན་དང་།  གནས་སྐོར་པར་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་དགོས། གསུམ་ནས་ཕྱི་ཕྱོགས་ལ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་གི་སྨྱན་སྦྱོར་དང་ཞིང་ཆེན་གྱི་སྨྱན་སྦྱོར་དང་མཉམ་དུ་འབྲེལ་མཐུད་གཏིང་ཟབ་བྱས་ཏེ། དྲིལ་སྒྲོག་བརྙན་ཐུང་དང་བྱེད་སྒོ་ཐད་གཏོང་སོགས་དྲིལ་སྒྲོག་བྱེད་སྟངས་གསར་གཏོད་བྱས་ཏེ། དཔྱིད་དུས་མཚོ་སྔོན་པོར“ཞི་བའི་མཚོ་དར་འཕེན་སྟངས་དང་དྲག་པའི་མཚོ་དར་འཕེན་སྟངས་”གཉིས་ཡོད་པ་དང་འདབ་ཆགས་ལ་ལྟ་བ་སོགས་ཀྱི་གཏམ་རྒྱུད་ཡག་པོ་བཤད་དགོས་པ་དང་། དབྱར་དུས་སུ་གསེར་ཉ་ཡར་འགྲོ་དང་སྐྱེ་འཕེལ་ཆུ་རྒྱུན་གློད་པའི་གཏམ་རྒྱུད་ཡག་པོ་བཤད་དེ། མཚོ་སྔོན་པོའི“ཞལ་སྒོ་འབྱེད་དུས”སྐབས་དང་པོའི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཆེ་རུ་གཏོང་དགོས། བཞི་ནས་ཁོར་ཡུག་བཟང་པོ་བསྐྲུན་ནས་རྟ་རྒྱུག་བྱེད་སྒོ་དང་མཚོ་སྔོན་པོའི་ནོར་གནག བོད་ལུག དེ་བཞིན་མཚོ་སྔོན་གྱོ་རྒྱ་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཡག་པོ་སྤེལ་བ་དང་། ཆུ་འོག་པར་ཆས་ཀྱིས་ཡུལ་ལྗོངས་ལྟ་སྐོར་བྱེད་པ་སོགས་ཀྱི་རྣམ་གྲངས་འཚོལ་ཞིབ་བྱས་ཏེ་བྱེད་སྒོའི་རྣམ་པ་ཟབ་མོ་བསྐྲུན་དགོས།

3.jpg

བརྟག་དཔྱད་ཞིབ་འཇུག་བྱེད་སྐབས། ཤ་བོ་སྐྱབས་ཀྱིས་རིག་གནས་གནས་སྐོར་གྱི་གཙོ་གནད་ལས་དོན་ལེགས་པར་བསྒྲུབ་པར་དམིགས་ནས་ཞིབ་ཕྲའི་བླང་བྱ་བཏོན་པ་སྟེ།    མཚོ་སྔོན་པོའི“ཞལ་སྒོ་འབྱེད་དུས”བྱེད་སྒོ་སྐབས་དང་པོ་གོ་སྐབས་སུ་བརྩིས་ནས་དམག་སྒར་བཅུ་གཉིས་པའི་གནས་རྙིང་གྲུང་འགྱུར་བེད་སྤྱོད་ཆུ་ཚད་དང་མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་ཁྱོན་ཡོངས་འཛུགས་སྐྲུན་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། མཐོན་པོ་སྒང་དང་དམག་སྒར་བཅུ་གཉིས་པ་གཉིས་ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ110ཡོད་ལ། མཚོ་སྔོན་པོའི་འགྲམ་གྱི་ཟི་ལིང་གྲོང་ཁྱེར་དང་ཐག་ཉེ་ཤོས་ཀྱི་ཞིབ་འཇུག་སློབ་སྦྱོང་ས་ཚིགས་ཡིན་པ་སོགས་འགྲིམ་འགྲུལ་གནས་ཡུལ་གྱི་ལེགས་ཆ་དྲིལ་སྒྲོག་ཡག་པོ་བྱེད་དགོས། མཛེས་ལྗོངས་ཁུལ་དང་ཞིབ་འཇུག་སློབ་སྦྱོང་བྱ་ཡུལ་གྱི་ཆུ་དང་། གློག ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བྱེད་པ་གཙོ་གནད་ཐོག་དམ་འཛིན་བྱེད་དགོས་ལ། མཛེས་ལྗོངས་ཁུལ་དང་བགྲོད་ལམ་མཐའ་འཁོར་གྱི་སྡོང་འཛུགས་ལྗང་འགྱུར་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས། གནས་སྐོར་ཞབས་ཞུ་ལྟེ་གནས་ཀྱི་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་གཏོང་བ། རྟ་ཞོན་པ་དང་མདའ་འཕེན་པ་སོགས་ཉམས་ལེན་བྱ་ཡུལ་བཀོད་སྒྲིག་འཐུས་ཚང་དུ་བཏང་སྟེ། མཐོན་པོ་སྒང་སྒར་འདེབས་རྟེན་གཞི་དང་ཕྱི་རོལ་རྟེན་གཞི་དུས་བཀག་ལྟར་སྒོ་ཕྱེ་ནས་མགྲོན་པོ་བསུ་རྒྱུའི་འགན་ལེན་བྱེད་དགོས་པ་མ་ཟད། རྒྱལ་ཡོངས་ཀྱི་འགྲོ་ལམ་བདག་སྐྱོང་ལག་རྩལ་གསར་པ་བཞི་དང་འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་ཀྱི་ཡུལ་དངོས་ཉམས་མྱོང་སྤེལ་རེས་ཚོགས་འདུ་དང་། མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་བཞི་པའི་མཇུག་སྒྲིལ་མཛད་སྒོ་གཉེར་རྒྱུར་གྲ་སྒྲིག་གང་ལེགས་བྱེད་དགོས་ཞེས་བཤད།

ཁུལ་གྱི་མགོ་ཁྲིད་ཀྲང་ཐའོ་དང་མ་རུའུ་ཞང་། ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པ། དེ་བཞིན་མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་བཅས་ཞུགས།


མཉམ་སྤྱོད།