དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

2025-03-20 09:26:25   |   761

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས89པ་གཙོ་སྐྱོང་བྱས་ཏེ་འཚོགས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་ལས་ཀའི་སྙན་ཞུར་ཉན་ལ། འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས།

1.png

ཚོགས་ཐོག་ཏུ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྲུང་སྐྱོང་དང་འཕེལ་རྒྱས། གསོག་ཚད་དང་འཕར་ཚད། ཚོང་འགུགས་དང་ཚོང་འདེམས། ས་གནས་དེ་ག་དང་ས་བརྒལ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་དགོས། རྣམ་གྲངས་ལ་ཞིབ་མཆན་སྤྲོད་པའི་ཞབས་ཞུ་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱས་ཏེ། ཁེ་ལས་ལ་རོགས་རམ་བྱེད་པའི་བྱ་སྤྱོད་ལག་བསྟར་བྱ་རྒྱུ་དེ་ཁྲིད་སྟོན་དུ་བྱས་ནས་སྲིད་ཇུས་ཁག་དོན་འཁྱོལ་དམ་འཛིན་བྱེད་དགོས་ལ། ཚོང་འགུགས་དང་ཚོང་དོན་བདེ་འཇགས་ཀྱི་རྣམ་པ་བཟང་པོ་མུ་མཐུད་དུ་གཏོད་དགོས། རྣམ་གྲངས་ཀྱི་རྗེས་འདེད་ཞབས་ཞུའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཀྲུང་དབྱང་ཁེ་ལས་དང་ཧྲན་ཏུང་ཞིང་ཆེན་དང་འབྲེལ་མཐུད་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། བྱེད་ཐབས་མང་པོ་མཉམ་བཀོལ་བྱས་ནས་ཚོང་འགུགས་མ་དངུལ་འཇོག་པའི་རྣམ་གྲངས་ལག་ལེན་བསྟར་རྒྱུར་སྐུལ་འདེད་དང་། ཚོང་འགུགས་མ་དངུལ་འཇོག་པའི་ལས་ཀའི་སྤུས་ཚད་དང་ཕན་འབྲས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས།

2.png

ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་དགུ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དང་། ཞིང་ཆེན་ཨུ་ལྷན་གྱི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་“གཅིག་ཅན་བཅུ་”ཡི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་ཉེན་ཁ་སྔོན་འགོག་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་དམིགས་འབེན་དེ་མཚོ་བྱང་ཁུལ་དུ་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས།

3.png

ཚོགས་ཐོག་ཏུ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན། དེ་བཞིན་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཤེས་རྟོགས་གཏིང་ཟབ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་སྟེ་ ཏང་ཀྲུང་དབྱང་གི་སྲིད་ཕྱོགས་བྱེད་ཕྱོགས་ཆེན་པོ་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་དེ་མཚོ་བྱང་དུ་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་དགོས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་ཚ་རླབས་མགྱོགས་མྱུར་ངང་འཕྱུར་བར་བྱེད་དགོས་ལ། “1+10”ཡི་གཞི་རིམ་དང་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ། ཡིག་ཆ་ཨང་དང་པོའི་དྲིལ་སྒྲོག་དང་ཟུང་འབྲེལ་གྱིས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་གཞི་རིམ་གྱི་འཐབ་ཕྱོགས་དང་ཁྱིམ་ཚང་ཁྲི་སྟོང་བར་བརྒྱུད་བསྒྲགས་བྱ་དགོས། གསར་འགྱུར་སྨྱན་སྦྱོར་གྱིས་དྲིལ་སྒྲོག་སྤེལ་ཤུགས་ཆེ་རུ་བཏང་སྟེ་མཚོ་བྱང་གི་གཏམ་རྒྱུད་དང་མཚོ་བྱང་གི་རང་སྒྲ་དྲིལ་སྒྲོག་ཡག་པོ་བྱེད་དགོས། ཐོན་ལས“གནས་བཞི”ཡི་འཛུགས་སྐྲུན་དམིགས་ཚད་གཏན་འཁེལ་དང་། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་གསུམ་”ལ་དམིགས་ནས། སྐྱེ་ཁམས་སྲུང་སྐྱོང་དང་། ཐོན་ལས་འཕེལ་རྒྱས། གསར་བརྗེའི་ཞིབ་འཇུག དམངས་འཚོ་འགན་སྲུང་སོགས་གཙོ་གནད་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་སྟེ། གཙོ་གནད་ཐོད་བརྒལ་ལ་བརྟེན་ནས་ཁྱོན་ཡོངས་ཀྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་ཏུ་གཏོང་བར་སྐུལ་ཁྲིད་བྱ་དགོས། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་ལ་དམིགས་ནས། “མཐིལ་བརྟོལ་རྣམ་པའི”བརྟག་ཞིབ་ལ་ཤུགས་བསྣན་ཏེ། སྲིད་ཇུས་ཀྱི་ལག་ཆ་སྔོན་ནས་ཞིབ་འཇུག་དང་འཆར་འགོད་བྱེད་དགོས་ལ། གཙོ་གནད་ལས་དོན་དང་ལས་འགན་གལ་ཆེན་ཞིབ་ཕྲ་དང་། དངོས་འབེབས། བྱེ་བྲག་ཅན་བཅས་སུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་གེགས་རྣམ་སྔར་ལས་ལྷག་པའི་སྒོ་ནས་སེལ་དགོས།

4.png

ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། <<སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་སྐོར་ཞིབ་བྱ་བར་གཞོགས་འདེགས་བྱེད་པའི་གཏན་འབེབས>>ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། སྐོར་ཞིབ་བཅོས་སྒྲིག་བྱ་བ་ལེགས་སྒྲུབ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་འགུལ་སྐྱོད་ཀྱི་རང་རྟོགས་སྔར་བས་མཐོ་རུ་བཏང་ནས་བསམ་བློའི་ངོས་འཛིན་དང་འགན་འཁྲིའི་བླང་བྱ། ཐབས་ལམ་དང་བྱེད་ཕྱོགས་ཀྱི་སྟེང་དུ་སྐོར་ཞིབ་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ། བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་བཏོན་པའི་གནད་དོན་རེ་རེར་བཅོས་སྒྲིག་བྱེད་པ་དང་དོན་དག་ཚང་མར་ཨ་ལན་སློག་པ། དོན་དག་རེ་རེར་དོན་འཁྱོལ་ཡོང་པ་བཅས་འགན་ལེན་ཏན་ཏིག་བྱེད་དགོས།

ཚོགས་ཐོག་ཏུ་གསར་བརྗེའི་ཉམས་ཞིབ་དང་སློབ་གསོའི་གསོ་སྦྱོང་། དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་སོགས་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་།《མཚོ་བྱང་ཁུལ་གྱི་བུ་བཙའི་སྲིད་ཇུས་ལེགས་སྒྱུར་བྱས་ནས་མི་འབོར་ཡུན་རིང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》དང《2025ལོའི་ཁུལ་ཨུའི་སྐོར་ཞིབ་བྱ་བའི་འཆར་གཞི》སོགས་ལ་ཞིབ་འཇུག་གྲོས་འཆམ་བྱས།

ཚོགས་ཐོག་ཏུ་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།


མཉམ་སྤྱོད།