དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱིས་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས།

2025-03-24 15:06:00   |   510

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་། 


 ཉེ་ཆར།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་འཛུགས་སྐྱོང་ལས་དོན་མགོ་ཁྲིད་ཚན་ཆུང་གིས་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། ཀྲུང་དབྱང་གི་ཏང་འཛུགས་སྐྱོང་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་དང་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་གི《ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་ལག་བསྟར་གཏིང་ཟབ་སྤེལ་བའི་སྐོར་གྱི་བརྡ་སྦྱོར》གྱི་དགོངས་དོན་དངོས་འབེབས་བྱས་ཏེ། རང་ཞིང་གི་སློབ་སྦྱོང་སློབ་གསོ་ལས་དོན་བཀོད་སྒྲིག་མགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་ཏང་ཨུའི་ཏང་འཛུགས་སྐྱོང་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས། 

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་ལག་བསྟར་གཏིང་ཟབ་བྱེད་པར་ཚད་མཐོའི་མཐོང་ཆེན་མཛད་པ་དང་། སྐུ་དངོས་ཀྱིས་བརྗོད་དོན་གཏན་འབེབས་འཆར་འགོད་གནང་བ་དང་གསུང་བཤད་གལ་ཆེན་སྤེལ་བ། མཛུབ་སྟོན་གལ་ཆེན་གནང་བ་བཅས་ཀྱིས་སྒོ་ནས། སློབ་སྦྱོང་སློབ་གསོ་སྤེལ་བར་ཁ་ཕྱོགས་གསལ་སྟོན་གནང་། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་ལག་བསྟར་གཏིང་ཟབ་སྤེལ་བ་ནི། བརྗོད་དོན་སློབ་གསོ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་ཟབ་སྤེལ་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བསམ་སྦྱོར་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཐོག་ངེས་པ་དོན་གྱིས་གཅིག་གྱུར་ཡོང་བར་བྱེད་པ། སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དངོས་འབེབས་དང་ཟུང་འབྲེལ་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཟུང་འབྲེལ་བྱེད་པ། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”མཇུག་བསྡུ་བ་དང“ལོ་ལྔའི་འཆར་གཞི་བཅོ་ལྔ་པ”འགོད་པ། མཐོ་ས་སྐྲུན་པ་དང་གནས་བཞི་འཛུགས་སྐྲུན་བཅས་དང་ཟུང་འབྲེལ་བྱེད་པ། སློབ་སྦྱོང་སློབ་གསོ་ལག་པ་གཉིས་ཀྱིས་འཛིན་པ་དང་གཉིས་ལ་སྐུལ་བ་སྒྲུབ་ཐུབ་པར་བྱེད་པ། ཏང་ཡོན་ལས་བྱེད་པས་གཏན་འབེབས་སློབ་པ་དང་འགུལ་སྐྱོད་མཐོང་བར་སློབ་སྦྱོང་སྣེ་ཁྲིད་བྱས་ཏེ། སློབ་སྦྱོང་སློབ་གསོའི་ཐབས་ལམ་རེ་རེ་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ལ་འགྱུར་དུ་བཅུག་ནས། སློབ་སྦྱོང་སློབ་གསོ་ཟབ་ཅིང་དངོས་ལ་འབེབས་པར་སྐུལ་འདེད་གཏོང་དགོས། 

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དུས་དང་རྣམ་པ་ཀུན་ཏུ་བརྗོད་དོན་ལ་དམིགས་པ་དང་། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་འབུར་དུ་དོད་ནས་ཤུགས་སྣོན་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྒྲིག་ལམ་བཙན་པོ་དང་ལུགས་སྲོལ་ནན་མོ་འདི་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། སྤྱོད་ཚུལ་ལེགས་པོ་སྤྱད་ནས་སློབ་སྦྱོང་སློབ་གསོ་སྤེལ་བ། ཚད་གཞི་ནན་མོ་དང་བླང་བྱ་ནན་མོས་ལུས་བཤེར་རང་བསྲང་བྱས་ཏེ། སློབ་སྦྱོང་ལ་སྤུས་ཀ་ཡོད་པ་དང་ཞིབ་བཤེར་ལ་ཤུགས་ཡོད་པ། བཅོས་སྒྱུར་ལ་ཕན་འབྲས་ཡོད་པ་བཅས་ཁག་ཐེག་བྱེད་དགོས། སློབ་སྦྱོང་ཟབ་སྤེལ་འབུར་དུ་དོད་པ་དང་། མ་ཡིག་གི་ཆོས་ཉིད་ཡང་དག་པར་ཁོང་དུ་ཆུད་ཅིང་སྙིང་བཅུད་དོན་གནད་གོ་བ་ཟབ་མོ་ལེན་པ། སྒེར་གྱི་རང་སྦྱོང་དང་ཐུན་མོང་སློབ་སྦྱོང་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། དཔེ་ཀློག་འཛིན་གྲྭ་བརྒྱུད་ནས་མིག་དཔེ་སློབ་པ་དང་གཞུང་ལུགས་སློབ་སྦྱོང་གི་ལྟེ་གནས་ཚན་ཆུང་བརྒྱུད་ནས་རྒྱུན་རྣམ་དུ་སློབ་པ། གཅིག་སྡུད་བརྗེ་རེས་བགྲོ་གླེང་བརྒྱུད་ནས་ཟབ་མོར་སློབ་པ། རིགས་དབྱེ་མཛུབ་སྟོན་ལ་ཤུགས་བསྣན་ནས་གནད་སྨིན་དུ་སློབ་པ་བཅས་བྱེད་དགོས། དངོས་བཤེར་དངོས་བཅོས་སྒྲུབ་ཐུབ་པར་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱེད་པའི་ཕྱོགས་ན་གནས་པའི་འབུར་ཐོན་གནད་དོན་ཕྱོགས་ཡོངས་ནས་ཞིབ་བཤེར་དང་གཅིག་སྡུད་བཅོས་སྐྱོང་བྱེད་པ། གྱོད་གཞིར་བརྟེན་ནས་ཀུན་སྤྱོད་དང་སྒྲིག་ལམ། བཅའ་ཁྲིམས། འགན་འཁྲི་བཤད་པ་བཅས་སྤེལ་ཏེ། སྲོལ་འཛུགས་ལུགས་སློང་མཉམ་དུ་ལེགས་པར་འཛིན་དགོས། སྒོ་འབྱེད་སློབ་གསོ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཡིད་ཚིམ་ཚད་དང་ཐོབ་སྣང་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་བརྟག་བཤེར་བྱེད་པ། མང་ཚོགས་ཀྱི་ལྟ་རྟོག་སྐྱོན་བརྗོད་རང་རྟོགས་ཀྱིས་དང་ལེན་བྱེད་པ། བསམ་པའི་བརྩེ་གདུང་འཁྱེར་ནས་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲེལ་རེ་ཐག་གཅོད་ལེགས་པོ་བྱས་ཏེ། མང་ཚོགས་ལ་སློབ་སྦྱོང་སློབ་གསོས་བསྐྱེད་པའི་ཉམས་འགྱུར་གསར་པ་དང་འཕོ་འགྱུར་གསར་པ་ཚོར་དུ་འཇུག་དགོས། འགན་འཁྲི་ནན་འཛིན་དངོས་འཛིན་བྱེད་པ་དང་། རྩ་འཛུགས་མགོ་ཁྲིད་ཇེ་དྲག་ཏུ་གཏོང་བ། རིགས་དབྱེ་མཛུབ་སྟོན་ལ་ཤུགས་སྣོན་པ། རྩ་ལག་སྤྱི་འདོམས་ལ་མཐོང་ཆེན་བྱེད་པ། བདེན་འཚོལ་དངོས་གཉེར་འབུར་དུ་དོད་པ་བཅས་ཀྱི་སྒོ་ནས། ཐེངས་འདིའི་ཚོགས་འདུ་མཚོན་རྟགས་སུ་བྱས་ཏེ། རང་ཞིང་གི་སློབ་སྦྱོང་སློབ་གསོ་ཕྱོགས་ཡོངས་ནས་མགོ་རྩོམ་དགོས།

 ཞིང་ཆེན་གྱི་མགོ་ཁྲིད་ཝང་ལི་མིང་དང་ལིའུ་མའེ་ཕིན། ཝང་ཝེ་ཏུང་། ཀྲང་ཅིན་ཀང་། ཀྲའོ་ཡུའེ་ཞ། ཝང་ཏ་ནན། ཝུའུ་ལ་ཙི་པའེ་ཁུ་རེ་སུའུ་ལི་ཧན། ཀྲུའུ་ཞང་ཧྥེང་། ཧི་ལུའུ་ཁྲུན་བཅས་ཚོགས་འདུར་ཞུགས། །


མཉམ་སྤྱོད།