དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་སྐོར་གྱི་ཤེས་བྱ་ཆིག་བརྒྱ་མ། (མུ་འགོད 10)

2023-01-10 09:07:24   |   129

རྩོམ་སྒྲིག  སངས་དོན།  ཡོང་ཁུངས།  མཚོ་སྔོན་བོད་ཡིག་གསར་འགྱུར།


46.(                   )ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོའི་བྱེད་ནུས་ཡིན་ལ། དེ་ནི་ཆེས་རྒྱ་ཆེ་བ་དང་ཆེས་བདེན་དངོས། ཆེས་བེད་ཆོད་པའི་དམངས་གཙོ་ཡིན།

དྲི་ལན།    བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ

47.ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་དགོས་ཤིང་། (                   )དང་མི་དམངས་རྣམས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཞི་མཐུན་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

དྲི་ལན།     ཏང་གིས་མགོ་ཁྲིད་པ

48.(                )བྱེད་པའི་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་བཏང་སྟེ། རྒྱ་ཆེ་བའི་མི་དམངས་རྣམས་གོ་རིམ་ལྡན་པའི་སྒོ་ནས་ཆབ་སྲིད་ནང་ཞུགས་ཐུབ་པ་བྱ་རྒྱུ་དང་། མི་དམངས་རྣམས་ཁྲིམས་ལྟར་དམངས་གཙོའི་འདེམས་བསྐོ་དང་དམངས་གཙོའི་གྲོས་མོལ། དམངས་གཙོའི་ཇུས་གཅོད། དམངས་གཙོའི་དོ་དམ་བཅས་བྱ་ཐུབ་པར་ཁེག་ཐག་བྱེད་དགོས།

དྲི་ལན། མི་དམངས་རྣམས་རང་ཁྱིམ་རང་བདག

49.ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུ་དང་། (                    )དང་ཨུ་ཡོན་གྱིས་རིགས་ཁོངས་ཁག་གིས་མང་ཚོགས་ལ་འབྲེལ་གཏུགས་བྱེད་པའི་ལམ་ལུགས་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས།

དྲི་ལན། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ


མཉམ་སྤྱོད།