དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་རྐང་ཚ་རྫོང་དུ་སྐྱེ་ཁམས་གནས་སྐོར་དང་སྐྱེ་ཁམས་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས།

2025-04-14 11:03:43   |   616

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་དུ་སྐྱེ་ཁམས་གནས་སྐོར་དང་སྐྱེ་ཁམས་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་ཕྱིན་པ་དང་། ཡིད་ཆེས་བརྟན་པོར་བཅངས་ཏེ་དངོས་སྒྲུབ་སྔོན་ཐོན་བརྩོན་ལེན་བྱེད་པ་དང་། གནམ་སྔོ་ལ་ཆུ་དྭངས་ཤིང་རྩྭ་ལྗང་བའི་སྐྱེ་ཁམས་ལེགས་ཆར་བརྟེན་ནས་མཚོ་སྔོན་པོའི་བྱ་གཟིགས་དུས་ཚིགས་ནུས་ཤུགས་ཡོད་རྒུས་སྐྲུན་དགོས་པ་ནན་གྱིས་བསྟན།

1.png

རྐང་ཚ་རྫོང་གི་མཁར་གསར་ལམ་ཆེན་གྱི་རྒྱལ་ཁོངས་ལྗང་སྒྱུར་སྡོང་འཛུགས་ནགས་སྐྲུན་ས་ཚིགས་དང་ཧོང་ཡུས་ཞིང་རའི་རྨོ་བསྐྱུར་ནགས་འདེབས་ས་ཚིགས་སུ་ཤ་བོ་སྐྱབས་ཀྱིས་རྒྱལ་ཁོངས་ལྗང་སྒྱུར་གྱི་སྡོང་འཛུགས་ནགས་སྐྲུན་ལས་དོན་སྤེལ་བའི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས། ཁོང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང་“བྱང་གསུམ་”ལས་གྲྭའི་འགག་སྒྲོལ་ལས་ཀའི་སྐུལ་འདེད་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ། “སྤུས་འདེགས”དང་“ལས་དར” དམངས་ཕན” བཅས་ལ་དམིགས་ཏེ། དཔྱིད་དུས་ཀྱི་དུས་ཚིགས་བཟང་བོ་དམ་འཛིན་གྱིས་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོ་ཏན་ཏིག་སྤེལ་དགོས་ལ། བྱེད་ཐབས་མང་པོ་མཉམ་དུ་སྤྱད་ནས་ནགས་ཚལ་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།  སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་“ཀུའོ་མིང་དབྱི་གཅེས་སེམས་ཚོགས་པའི”མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་ལ་བཀའ་དྲིན་ཞུ་བའི་སྤྱི་ཕན་ནགས་ཚལ་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། ལྗང་སྒྱུར་གྲུབ་འབྲས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། ཧོང་ཡུས་ཞིང་རའི་རྨོ་བསྐྱུར་ནགས་འདེབས་ཁུལ་གྱི་སྤུས་འབྲས་ལེགས་གཏོང་ལས་དོན་ཏན་ཏིག་བསྒྲུབས་ཏེ་སྲད་དཀར་དང་། ལྕུམ། སྟར་བུ་སོགས་ཀྲུང་བོད་སྨན་སྣ་འདེབས་འཛུགས་ཀྱི་ཤུགས་ཆེ་རུ་བཏང་སྟེ་ཁེ་ལས་བདག་གཉེར་གྱི་ཡོང་འབབ་མཐོར་འདེགས་བྱེད་དགོས།

2.png

བྱ་གླིང་དང་མཚོ་ཆུང་རྣ་ལུང་དུ་བརྟག་ཞིབ་བྱེད་དུས། ཤ་བོ་སྐྱབས་ཀྱིས་བསྟན་དོན། མཚོ་སྔོན་པོའི་ཡངས་ཤིང་རྒྱ་ཆེ་བའི་སྐྱེ་ཁམས་འདམ་རས་རྩ་ཆེ་བའི་ཉ་དང་འདབ་ཆགས་སྐྱེད་བསྲིང་བྱས་ཡོད་དེ། མཚོ་སྔོན་པོའི་གསེར་ཉ་ཡི་གསོག་ཚད་ཏུན་ཁྲི12.75ཟིན་པ་དེ2002ལོའི་ཐོག་མའི་སྲུང་སྐྱོང་དུས་དང་བསྡུར་ན་ལྡབ49འཕར་ཡོད་ཅིང་། ལོ་རེར་བྱ་རིགས་ཁྲི10ལྷག་ཙམ་གནས་སྤོ་གནས་སྡོད་བྱེད་ཀྱིན་ཡོད་པས་རྐང་ཚ་རྫོང་ནི་མིང་དང་མཐུན་པའི་ཉ་དང་བྱ་ཡི་ཞིང་ཁམས་ཤིག་ཏུ་གྱུར་ཡོད།  མཚོ་སྔོན་པོའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལེགས་པོ་བེད་སྤྱོད་ཡག་པོ་བྱས་ནས་རྒྱལ་སྤྱིའི་བྱ་ལ་དགའ་བའི་ཉིན་མོ་དང་། འཛམ་གླིང་དུས་བྱའི་ཉིན་དང་དེ་བཞིན་བྱ་གཅེས་གཟའ་འཁོར་སོགས་ཀྱི་བྱེད་སྒོ་ཡག་པོ་སྤེལ་དགོས་ལ། མཚོ་ཆུང་རྣ་ལུང་བྱ་གཟིགས་སྟེགས་བུ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་དང་། མཚོ་སྔོན་པོའི་བྱ་གླིང་དང་། ལྷ་ཆབ་ཁུག གསེར་ཉའི་ཁྱིམ་གཞིས་བཅས་ཀྱི་“བྱ་གཟིགས་གྲོང་རྡལ་ཆུང་ཆུང་”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། “བྱ་གཟིགས+རིག་གནས་གནས་སྐོར”གྱི་རྣམ་པ་ཧུར་ཐག་གཏོད་པ་དང་། ཕན་དབྱང་མཚེའུ་ཡི་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། མཚོ་སྔོན་རྒྱལ་ཁབ་གླིང་ཀའི་མཐུན་ཚོགས་དང་ཞིང་ཆེན་དང་ཁུལ་གྱི་པར་ལེན་མཐུན་ཚོགས་སོགས་གདན་འདྲེན་ཞུས་ནས་ཟླ4པ་ནས་ཟླ6པའི་བར་མཚོ་སྔོན་པོའི“བྱ་གཟིགས་དུས་ཚིགས”ཀྱི་བྱེད་སྒོ་སྤེལ་དགོས་པ་དང་། རང་བྱུང་སློབ་གསོ་དང་པར་ལེན་འགྲན་བསྡུར་སོགས་ཀྱི་བྱ་ཐབས་བརྒྱུད་ནས་དྲིལ་སྒྲོག་དང་ངོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “བྱ་གཟིགས”དཔལ་འབྱོར་གསོ་སྐྱོང་ཧུར་ཐག་བྱས་ཏེ། སྐྱེ་ཁམས་དམངས་ཕྱུག་ཡོང་བར་བྱེད་དགོས།

3.png

ཚེ་ཐར་གཏེར་ཁ་དང་ཚེ་ཐར་གདོང་ལེན་གཏེར་ཁར་ཤ་བོ་སྐྱབས་ཀྱིས་ས་གནས་ས་ཐོག་ཏུ་གཏེར་དོང་ཁ་སྐོང་དང་། གཟར་ངོས་བཅོས་སྐྱོང་། རྩྭ་འདེབས་ལྗང་མདོག་སླར་གསོ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་མ་ཟད། ཡུལ་དངོས་སྐུལ་འདེད་ཚོགས་འདུ་འཚོགས་ཏེ། འབྲེལ་ཡོད་སྡེ་ཚན་གྱི་ལས་ཀའི་སྙན་ཞུར་ཉན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས། ཁོང་གིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོར་འདེགས་བྱས་ཏེ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་དཔེ་མཚོན་གྱོད་དཔེ་བཅོས་སྒྲིག་དང་སྐོར་ཞིབ་གནད་དོན་བཅོས་སྒྲིག་བྱེད་པ་དེ་ཆབ་སྲིད་ཀྱི་རྒྱུགས་ཆེན་ཞིག་དང་སྐྱེ་ཁམས་ཀྱི་རྒྱུགས་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ནས་ལས་འགན་ཁག་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས། གནད་དོན་གྱི་ཞན་ཆ་ལ་མཐོང་ཆེན་དང་དམིགས་ཚད་ལས་འགན་ལ་དོ་སྣང་དམ་ཟབ་བྱས་ཏེ་ཚེ་ཐར་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་མཐའ་གཅིག་ཏུ་ལེགས་སྒྲུབ་མཐར་ཕྱིན་པ་བྱས་ནས་བཅོས་སྒྲིག་གིས་བརྟག་བཤེར་བཟོད་ཐུབ་པའི་འགན་ལེན་བྱ་དགོས། རོགས་ལས་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས་པ་སྟེ། ཁུལ་དང་རྫོང་སྲིད་གཞུང་དང་། ལས་རིགས་སྡེ་ཚོགས། ཁེ་ལས་བཅས་ཀྱིས་མཉམ་དུ་དམ་འཛིན་དང་ཐུན་མོང་བཅོས་སྐྱོང་། མཉམ་དུ་འགག་སྒྲོལ་བཅས་བྱས་ཏེ། ཚེ་ཐར་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི“ཉིན་གཉིས་བརྒྱའི་འགག་སྒྲོལ་བྱེད་སྒོ”ནུས་ཤུགས་གཅིག་སྡུད་ཀྱིས་སྤེལ་ཏེ། གཏེར་དོང་ཁ་གསབ་དང་རྩྭ་འདེབས་ལྗང་མདོག་སླར་གསོ་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་དགོས།

ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་མ་རུའུ་ཞང་། ཁུལ་ཐད་གཏོགས་འབྲེལ་ཡོད་ཚན་པ་དང་རྐང་ཚ་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་དང་དེ་བཞིན་ཞིང་ཆེན་གཞུང་རྒྱུ་ཨུ་ལྷན། མཚོ་སྔོན་སྐྱེལ་འདྲེན་ཚོགས་པ། ནུབ་མཚོ་རྡོ་སོལ་སྤྱི་གཉེར་བཅས་ཀྱི་འབྲེལ་ཡོད་འགན་འཁུར་པ་ཞུགས།


མཉམ་སྤྱོད།