དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་རྒྱུན་ལས་ཨུ་ལྷན་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་ཉེར་བདུན་པ་འཚོགས་པ།

2025-04-24 09:59:21   |   254

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས22ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་རྒྱུན་ལས་ཨུ་ལྷན་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་ཉེར་བདུན་པ་འཚོགས། ཁུལ་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སུའུ་བདུན་ཅུ་དང་། བན་བཀྲ་ཤིས་དོན་འགྲུབ། ཝང་ཞིན་ཧུའེ་བཅས་དང་དེ་བཞིན་དྲུང་ཆེ་དང་ཨུ་ཡོན་བཅས་ཁྱོན་མི24ཚོགས་འདུར་ཞུགས། དེ་ཁྲིམས་ལས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན། བན་བཀྲ་ཤིས་དོན་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་།

1.jpg

ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ལེའུ་གསུམ་པའི་རྒྱལ་ཁབ་སྒྲིག་གཞིའི་དོན་ཚན་བརྒྱ་རྩ་ལྔ་པ་ནས་བརྒྱ་རྩ་བཅུ་གཅིག་བར་གྱི་ནང་དོན་སློབ་སྦྱོང་བྱས་པ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས》ཀྱི་ནང་དོན་འགྲེལ་བཤད་དང་དེ་བཞིན་ལེའུ་དང་པོའི་སྤྱིའི་རྩ་དོན་གྱི་དོན་ཚན་དང་པོ་ནས་ལྔ་པའི་ནང་དོན་སློབ་སྦྱོང་བྱས་པ་དང་། ཁུལ་མི་དམངས་སྲིད་གཞུང་གི་ལོ་འཁོར་གོང་མའི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་གི་དམིགས་འབེན་ལེགས་འགྲུབ་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་། ཁུལ་མི་དམངས་སྲིད་གཞུང་གི《ཁུལ་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་མ་ལག་འཛུགས་སྐྲུན་དང་རིམ་པ་གསུམ་པའི་སྨན་ཁང་གསར་འཛུགས་ཀྱི་གནས་ཚུལ་སྙན་ཞུ》ཡི་གྲོས་ཞིབ་བསམ་འཆར་བསྒྲུབས་པའི་མཇུག་འབྲས་སྙན་ཞུ་དང་། ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི2024ལོའི་ཚད་ལྡན་ཡིག་ཆ་ཐོ་འགོད་ཞིབ་བཤེར་ལས་དོན་གནས་ཚུལ་གྱི་སྙན་ཞུ་བཅས་ལ་ཉན་ཏེ་གྲོས་ཞིབ་བྱས། ཚོགས་འདུའི་ཐོག་འབྲེལ་ཡོད་མི་དོན་བསྐོ་འཐེན་གྱི་དོན་ཚན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་གསར་དུ་བསྐོ་གཞག་བྱས་པའི་མི་སྣར་བསྐོ་གཞག་ཡི་གེ་སྤྲད་པ་དང་འབྲེལ་རྩ་ཁྲིམས་དམ་འཇོག་མཛད་སྒོ་ཡང་འཚོགས།

ཁུལ་དཔོན་གཞོན་པ་ཧན་ཧྲི་དང་ཁུལ་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱི་འགན་འཁུར་བ་ཚོགས་འདུར་ཟུར་ཞུགས་བྱས།


མཉམ་སྤྱོད།