དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ངལ་རྩོལ་ནི་ཆེས་གཟི་བརྗིད་ཆེ་བ་ཡིན། མི2426ལ་གཟེངས་བསྟོད་ཐོབ་པ།

2025-04-28 17:05:13   |   54

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


1~1.jpg

ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་དེ་ཟླ4པའི་ཚེས28ཉིན་གྱི་སྔ་དྲོར་པེ་ཅིང་དུ་འཚོགས་ཤིང་། མི2426ལ་གཟེངས་བསྟོད་ཐོབ། དེའི་ནང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང1670དང་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ756ཚུད་ཡོད།

འདི་ནི་རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པ་དཔྱད་འདེམས་དང་གཟེངས་བསྟོད་བྱེད་ཐེངས17པ་ཡིན། ཞིང་ལས་དང་ནགས་ལས། ཕྱུགས་ལས། ཉ་ལས། བཟོ་སྐྲུན་ལས་རིགས་སོགས་སྲོལ་རྒྱུན་ལས་རིགས་ཀྱི་ངལ་རྩོལ་པ་ཕུད། ད་དུང་བཟོ་རྩལ་མཛེས་རྩལ་མཁས་ཅན་དང་ཆའང་རིགས་ཀྱི་འཚེམ་དྲུབ་ལག་རྩལ་མཛུབ་ཁྲིད་པ་སོགས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་པ་དང་དེ་བཞིན་མངག་སྐྱེལ་མཁན། མྱུར་སྐྱེལ་མཁན། ཁྱིམ་ལས་ཞབས་ཞུའི་གསོ་སྦྱོང་པ་སོགས་ལས་རིགས་གསར་པའི་ངལ་རྩོལ་པ་འདུ།

ངལ་རྩོལ་ནི་ཆེས་གཟི་བརྗིད་ཆེ་བ་ཡིན། མིང་རེ་རེས་དུས་རབས་གསར་པའི་ངལ་རྩོལ་པའི་རྒྱལ་གཅེས་བསམ་བློ་དང་གསར་གཏོད་ནུས་པ་མཚོན་བཞིན་ཡོད།

གསར་འགོད་པ་ཡེ་ཧའོ་མིང་དང་ཧྥན་ཞི་ཡིན།


མཉམ་སྤྱོད།