དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གི་འཐུས་མི་ཚོགས་པས་ཚོགས་པ་སྒྲིག་པའི་གྲོས་ཚོགས་འཚོགས།

2023-01-14 23:51:53   |   215

སྒྲིག་སྒྱུར།  སངས་དོན།


        ཟླ1པོའི་ཚེས14ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་གྱི་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་བྱང་ཁུལ་གྱི་འཐུས་མི་ཡིས་འཐུས་མིའི་ཚོགས་པ་སྒྲིག་པའི་གྲོས་ཚོགས་འཚོགས། 

3.bmp

        གྲོས་ཚོགས་ཀྱིས་ཤ་བོ་སྐྱབས་ཚོགས་གཙོ་དང་། དབྱང་ཧའེ་ལུང་དང་ཝང་ཀྲུང་དབྱི་ཚོགས་གཙོ་གཞོན་པར་འདེམས་སྒྲུག་བྱས། འཐུས་མི་ཚོགས་པའི་གནས་སྐབས་ཀྱི་ཏང་ཀྲི་པུའུ་བཙུགས་པ་དང་། ཤ་བོ་སྐྱབས་ཀྱིས་ཧྲུའུ་ཅིའི་འགན་བཞེས། དབྱང་ཧའེ་ལུང་དང་ཝང་ཀྲུང་དབྱི་ཡིས་ཧྲུའུ་ཅི་གཞོན་པའི་འགན་བཞེས། གྲོས་ཚོགས་ཐོག་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོ་འཆར་ཟིན་དང་རེབ་འདིའི་ཚོགས་ཆེན་གྱི་གྲོས་རིམ་འཆར་ཟིན་ལ་གྲོས་བསྡུར་བྱས་པ་རེད།

4.bmp

       གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་ནི་མཚོ་སྔོན་ཞིང་ཆེན་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་བཀོད་པའི་འཆར་གཞི་དང“ལྔ་བཅུ་བཞི་བའི”འཆར་གཞི་བདེ་བླག་ངང་ལག་བསྟར་བྱེད་པར་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་ལ་ཤུགས་རྐྱེན་གཏིང་ཟབ་དང་དོན་སྙིང་གལ་ཆེན་ལྡན་པ་ཡིན། འཐུས་མི་རྣམ་པས་བསམ་བློ་གཅིག་གྱུར་དང་ངོས་འཛིན་གཅིག་སྒྲིལ་བྱས་ཏེ“གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“འདུ་ཤེས་བཞི”ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ཏེ་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་དང་ལས་འགན་འདུ་ཤེས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་མཚོ་བྱང་གི་སྣང་བརྙན་ལེགས་པར་མངོན་ཏེ། ཚོགས་ཆེན་གྱི་ལས་དོན་ཁག་སྤུས་ཚད་མཐོ་བའི་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། རང་འགན་ལྷུར་ལེན་དང་འགན་འཁྲི་གཙང་སྒྲུབ་ཀྱིས་ཚོགས་འདུའི་སྙན་ཞུ་ཁག་དང་གྲོས་ཆོད་ཁག་ལ་གྲོས་ཞིབ་ཡག་པོ་བྱེད་པ་དང་། འདེམས་བསྐོའི་ལས་འགན་ཁག་ལེགས་སྒྲུབ་ཡག་པོ་བྱས་ནས་སྤྱི་ཚོགས་ཀྱི་རིམ་པ་ཁག་གི་བསམ་འཆར་མཚོན་པར་བྱེད་དགོས། སྒྲིག་ཁྲིམས་ནན་སྲུང་དང་མཐའ་ཚད་བརྟན་སྲུང་སྒོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང“གཏན་འགོག་བཅུ”སོགས་ཀྱི་སྒྲིག་ཁྲིམས་གཏན་འབེབས་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཚོགས་འདུའི་སྒྲིག་སྲོལ་དང་སྒྲིག་ཁྲིམས། རིམས་ནད་འགོག་སྡོམ་སོགས་གཏན་འབེབས་ཀྱི་བླང་བྱ་ཁག་རང་རྟོགས་ངང་བརྩི་སྲུང་ཞུས་ནས་ཚོགས་ཆེན་བདེ་བླག་ངང་སྤེལ་བ་དང་སྤྱོད་གཙང་གཞུང་དྲང་ཡོང་བར་འགན་ལེན་བྱེད་དགོས།


མཉམ་སྤྱོད།