དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་བཅར་གླེང་བྱས་པ།(དང་པོ)

2023-01-15 20:20:49   |   148

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།   གངས་ལྗོངས་འཕྲིན་གསར།


བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ལྡན་ལེགས་ཆར་གཞི་ཚུགས་ནས་བདེ་ཐང་མཚོ་བྱང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།    

—ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་གཡང་སྐལ་བཟང་བསམ་འགྲུབ་ལ་བཅར་འདྲི་བྱས་པ། 

10.jpg

རང་ཉིད་ནི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་གསར་བ་ཞིག་ཡིན་པའི་ཆ་ནས།    ཨུ་ཡོན་རྒན་པར་སློབ་སྦྱོང་ནན་ཏན་བྱེད་པ་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་རེ་འདུན་ལ་རྒྱུས་ལོན་བྱེད་པ།    ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ།    ཐེངས་འདིའི་ཚོགས་འདུའི་དགོངས་དོན་ལ་གོ་བ་ནན་ཏན་ལེན་པར་མ་ཟད།    ཚོགས་འདུའི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་རྒྱུ་ཡིན། མ་འོངས་པའི་བྱ་བའི་ཐད་གཤམ་གསལ་ཕྱོགས་ལྔའི་ཐད་ཀྱི་བྱ་བ་ནན་ཏན་གྱིས་ལེགས་པར་བསྒྲུབ་དགོས་པ་སྟེ།    གཅིག་ནས་ལས་སྒོའི་སློབ་སྦྱོང་ལ་ཤུགས་བསྣན་ནས་ནང་དུ་གདན་འདྲེན་པ་དང་ཕྱི་རུ་མངག་གཏོང་བྱེད་པ།    གཅིག་བསྡུས་ཀྱིས་གསོ་སྐྱོང་སྦྱོང་བརྡར་བྱེད་པ་བཅས་ཟུང་དུ་སྦྲེལ་བའི་བྱེད་ཐབས་སྤྱད་དེ་ལས་སྒོ་གསོ་སྐྱོང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས་སྨན་བཅོས་དང་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན།   གཉིས་ནས་སྨན་བཅོས་སྤུས་ཚད་ལྟ་བཤེར་བྱ་བར་ཤུགས་བསྣན་ཏེ་ཟླ་རེར་སྨན་ཁང་ཡོངས་ཀྱི་སྨན་བཅོས་སྤུས་ཚད་ལྟ་བཤེར་བྱེད་སྒོ་སྤེལ་ནས་རིམ་པ་གསུམ་པའི་སྨན་པ་དཀའ་བཅུ་བས་སྡོད་ཁང་ཞིབ་བཤེར་དང་བཅོས་དཀའ་བའི་ནད་དཔེ་གྲོས་བསྡུར་སོགས་སྨན་བཅོས་ལྟེ་བའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་སྨན་བཅོས་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་ཡིན། གསུམ་ནས་གཙོ་གནད་ཆེད་ཚན་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ་སྨན་ཁང་གིས་ཆེད་ལས་ཚན་ཁག་གི་མཁྲེགས་ཆས་འཛུགས་སྐྱོང་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ལེགས་ཆའི་ནད་རིགས་སྨན་བཅོས་ཇུས་གཞི་འཐུས་ཚང་དུ་བཏང་སྟེ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་རྒྱུ་ཡིན། བཞི་ནས་པྲོག་གསར་ནད་དུག་འགོས་ནད་ཀྱི“འགོས་ནད་ཁ་བའི་རིགས་ལ་དོ་དམ་རིམ་པ་ཁ་བའི་བྱེད་ཐབས་སྤྱོད་པའི”སྐོར་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་རྒྱུན་གཏན་གྱི་རིམས་ནད་འགོག་སྡོམ་དང་སྨན་རྫས་གསོག་འཇོག སྨན་བཅོས་སྐྱོབ་བཅོས། ནད་གཞི་ལྕི་མོར་ལྟ་ཞིབ་ཚད་ལེན་དང་བརྒྱུད་འདྲེན་སོགས་ཀྱི་བྱ་བ་ནན་ཏན་ངང་བསྒྲུབས་ནས་ནད་པར་སྨན་བཅོས་བྱེད་པའི་དགོས་མཁོ་འགན་ལེན་བྱེད་རྒྱུ་ཡིན། ལྔ་ནས་བོད་སྨན་ལས་སྣོན་བྱེད་ནུས་མུ་མཐུད་ཆེ་རུ་བཏང་ནས་སྨན་རྫས་སྒྲིག་ཆས་ཁ་སྣོན་བྱེད་པ་དང་ཐོན་སྐྱེད་བཟོ་རྩལ་ལེགས་སུ་གཏོང་བ། སྨན་རྫས་ཞིབ་བཤེར་ལག་རྩལ་འཐུས་ཚང་དུ་གཏོང་བ། སྨན་རྫས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་ནད་པར་བདེ་འཇགས་དང་ནུས་ལྡན། སྟབས་བདེ་བཅས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་ཡིན།  དེ་མིན་གཞན་རང་གི་བྱ་བ་ལེགས་པར་བསྒྲུབས་པའི་དུས་མཚུངས་སུ་སྲིད་གྲོས་ཨུ་ཡོན་གྱི་ལས་ཁུར་ནན་ཏན་གྱིས་སྒྲུབ་པ་དང་། སྲིད་གྲོས་ཀྱི་གྲོས་ཚོགས་སྣ་ཚོགས་ནང་ཧུར་ཐག་ཞུགས་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་རེ་འདུན་རྒྱུས་ལོན་བྱེད་པ། སྲིད་ཞུགས་སྲིད་གླེང་བྱེད་པ། གྲོས་གཞི་དུས་ཐོག་ཏུ་འབུལ་བ་བཅས་བྱས་ནས་སྲིད་གྲོས་ཀྱིས་བསྒྲུབ་རྒྱུར་སྤྲད་པའི་ལས་འགན་སོ་སོ་ནན་ཏན་གྱིས་ལེགས་འགྲུབ་བྱེད་རྒྱུ་ཡིན་ཞེས་བཤད།    

ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་ཆེད་ཐབས་འདོན་ཇུས་འདོན་བྱེད་པ།

—ཞིང་ཆེན་སྲིད་གྲོས་ཀྱི་འཐུས་མི་མ་ཡོན་ཧྲིན་ལ་བཅར་འདྲི་བྱས་པ། 

11.jpg

ཐོག་མར་ང་རང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་དུ་བདམས་ཐུབ་པ་ནི་ཧ་ཅང་ཟིག་བརྗིད་ལྡན་པའི་དོན་ཞིག་རེད། མཚོ་བྱང་དམངས་གཉེར་ཁེ་ལས་ཀྱི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ངས་ཐེངས་འདིའི་གོ་སྐབས་དམ་འཛིན་བྱས་ནས། ཉམས་མྱོང་ཕུན་སུམ་ཇེ་ཚོགས་དང་། རང་ཉིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཚོགས་ཆེན་གྱི་སྙན་ཞུ་སོ་སོར་ནན་ཏན་གྱིས་ཉན་པ། ཚོགས་ཆེན་གྱི་གྲོས་རིམ་སོ་སོ་ནན་ཏན་ངང་ལག་བསྟར་བྱེད་རྒྱུ་ཡིན་པར་མ་ཟད། ང་ཚོས་མདའ་བཞི་རྫོང་གི་མཐོ་སྒང་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུའི་ཐད་ཀྱི་གནས་ཚུལ་ལ་གཞིགས་ནས་ཚོགས་ཆེན་ལ་གྲོས་གཞི་ཕུལ་རྒྱུ་ཡིན་ཞིང་། གཙོ་བོ་ནི་སྔོན་ལ་ཚད་ལྡན་དུ་བཏང་རྗེས། བྱེ་མ་གསེར་ལྡན་དང་བྱེ་གླིང་སོགས་ཡུལ་སྐོར་བྱ་ཡུལ་བཞི་ཚད་ལྡན་ངང་གཉེར་སྐྱོང་བྱས་ཏེ་མཚོ་སྔོན་པོ་སྐོར་བའི་ལམ་ཐིག་མ་ལག་ལ་གསོན་ཤུགས་བསྣན་ནས་མདའ་བཞི་རྫོང་གི་ཡུལ་སྐོར་ལས་རིགས་ལ་སྒུལ་ཤུགས་དེ་ལས་ཆེ་བ་སྣོན་རྒྱུའི་གྲོས་གཞི་འདོན་རྒྱུ་ཡིན།       

ཚོགས་འདུ་མཇུག་སྒྲིལ་རྗེས། ངས་ངེས་པར་དུ་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་ཡག་པོ་དང་སློབ་སྦྱོང་ཡག་པོ་བྱས་ནས་སྲིད་གྲོས་ཨུ་ཡོན་གྱི་ལས་ཁུར་ནན་ཏན་ངང་སྒྲུབ་པ་དང་རང་འཁྲིའི་བྱ་བ་ཡག་པོ་བསྒྲུབས་ཏེ་ང་ཚོ་མཚོ་བྱང་གི་དམངས་གཉེར་ཁེ་ལས་པ་དང་མཉམ་དུ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རང་ཉིད་ཀྱི་ལེགས་སྐྱེས་དབུལ་རྒྱུ་ཡིན་ཞེས་བཤད།  


མཉམ་སྤྱོད།