དེ་རིང་ནི2025ལོའི་ཟླ05པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་དང་ཤར་གཏོང་འགན་ལེན་ལས་དོན་ལ་བརྟག་ཞིབ་བཀོད་གཏོང་གནང་བ།

2025-05-06 10:53:25   |   143

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་དང་ཤར་གཏོང་འགན་ལེན་ལས་དོན་ལ་བརྟག་ཞིབ་བཀོད་གཏོང་བྱེད་སྐབས། ནན་མོ་དང་དོན་དངོས། ཞིབ་ཚགས་བཅས་ཀྱི་སྒོ་ནས་བདེ་འཇགས་དང་ཤར་གཏོང་ཐུབ་པ་འགན་ལེན་བྱེད་པ་དང་། སེམས་ཤུགས་དང་བརྩེ་སེམས། ནུས་ཤུགས་བསྩལ་ཏེ་དམངས་ཚིས་ལ་ཕན་པ་བསྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

020e4298fb084f3ecfaa9a1285f6435.jpg

ཟླ5ཚེས5ཉིན། ཞིང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ལུའོ་ཏུང་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་ཞིང་ཆེན་སྤྱི་བདེ་ཐིང་དུ་ཕེབས་ནས། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་དང་ཤར་གཏོང་འགན་ལེན་ལས་དོན་ལ་བརྟག་ཞིབ་དང་བཀོད་གཏོང་བྱས་པ་དང་འབྲེལ་ལས་རེས་ལས་སྲུང་མི་སྣར་དུས་ཆེན་གྱི་འཚམ་འདྲི་ཞུས་པ་རེད། པར་འདི་ནི་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ལམ་དྲའི་འཁོར་སྐྱོད་རྟོག་འཇལ་དང་འཕྲལ་སྡོམ་ཐག་གཅོད་ལྟེ་གནས་སུ་ལུའོ་ཏུང་ཁྲོན་གྱིས“ལྔ་གཅིག”ངལ་གསོའི་རིང་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་བདེ་འཇགས་དང་ཞབས་ཞུ་འགན་ལེན་ལས་དོན་གྱི་སྙན་ཞུར་ནན་ཏན་ངང་གསན་པ་དང་། གཙོ་གནད་ལམ་དུམ་དང་མཛེས་ལྗོངས་ཁུལ་ཁག་གཅིག་གི་འགྲིམ་འགྲུལ་འགན་ལེན་ལས་དོན་ལ་བརྙན་ལམ་བཀོད་གཏོང་བྱེད་བཞིན་པ་རེད། མཚོ་སྔོན་ཉིན་རེའི་ཚགས་པར་གྱི་སྨྱན་སྦྱོར་གསར་འགོད་པ་ཆི་གོ་པེའོ་ཡིས་པར་བླངས།

ཟླ5ཚེས5ཉིན། ཞིང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ལུའོ་ཏུང་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་ཞིང་ཆེན་སྤྱི་བདེ་ཐིང་དུ་ཕེབས་ནས་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་དང་ཤར་གཏོང་འགན་ལེན་ལས་དོན་གྱི་གནས་ཚུལ་ལ་བརྟག་ཞིབ་དང་བཀོད་གཏོང་བྱས་ཏེ། ལས་རེས་ལས་མིར་དུས་ཆེན་གྱི་འཚམ་འདྲི་ཞུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་དོན་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་ཕོད་པ། ནན་མོ་དང་དོན་དངོས། ཞིབ་ཚགས་བཅས་ཀྱི་སྒོ་ནས་བདེ་འཇགས་དང་ཤར་གཏོང་ཐུབ་པ་འགན་ལེན་བྱེད་པ་དང་། སེམས་ཤུགས་དང་བརྩེ་སེམས། ནུས་ཤུགས་བསྩལ་ཏེ་དམངས་ཚིས་ལ་ཕན་པ་བསྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ལམ་དྲའི་འཁོར་སྐྱོད་རྟོག་འཇལ་དང་འཕྲལ་སྡོམ་ཐག་གཅོད་ལྟེ་གནས་སུ་ལུའོ་ཏུང་ཁྲོན་གྱིས“ལྔ་གཅིག”ངལ་གསོའི་རིང་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་བདེ་འཇགས་དང་ཞབས་ཞུ་འགན་ལེན་ལས་དོན་སྙན་ཞུར་ནན་ཏན་ངང་གསན་པ་དང་། གཙོ་གནད་ལམ་དུམ་དང་མཛེས་ལྗོངས་ཁུལ་ཁག་གཅིག་གི་འགྲིམ་འགྲུལ་འགན་ལེན་ལས་དོན་ལ་བརྙན་ལམ་བཀོད་གཏོང་བྱས། ཁོང་གིས“ལྔ་གཅིག”ངལ་གསོའི་དུས་ཚོད་མཇུག་སྒྲིལ་ཉེར་ཡོད་པ་དང་བསྟུན་ནས་ཞིང་ཆེན་ཡོངས་སུ་ཕྱིར་ལོག་བྱེད་མཁན་མང་ཤོས་ཀྱི་དུས་སུ་སླེབས་པས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་། དུས་བབ་ལ་གནད་སྨིན་ཞིབ་འཇུག་དང་། བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་བྱེད་ཐབས་བཅས་སྤྱད་དེ་ལམ་དྲའི་འཁོར་སྐྱོད་ལས་ཕྱོད་ཆེ་རུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་ལམ་དྲའི་རྟོག་འཇལ་དང་ཆ་འཕྲིན་མཉམ་སྤྱོད། འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་དང་ལས་དོན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁ་ལོ་བ་དང་འགྲུལ་པ་ཚོར་བདེ་འཇགས་དང་། ཞིབ་ཚགས། སྟབས་བདེ་བཅས་ཀྱི་ཤར་བགྲོད་ཁོར་ཡུག་མཁོ་འདོན་བྱེད་དགོས་ལ། ཞིང་ཆེན་གྱི་གུང་གསེང་རིང་ཕྱིར་ལོག་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་དང་བརྟན་ལྷིང་། ནུས་ཆེ། གོ་རིམ་ལྡན་པ་བཅས་ཡོང་བ་འགན་ལེན་བྱེད་དགོས་པ་ནན་བཤད་གནང་། 

ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་སྤྱི་ཁྱབ་རུ་ཁག་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་སུ་ཕེབས་ཏེ། ལུའོ་ཏུང་ཁྲོན་གྱིས་བརྙན་ལམ་སྦྲེལ་མཐུད་ཀྱི་གཙོ་གནད་ལས་སྒྲུབ་ས་ཚིགས་ཁག་གཅིག་ཏུ་དུས་ཐོག་ཏུ་བགྲོད་ལམ་ཤར་གཏོང་ལས་དོན་སྤེལ་ཚུལ་ཤེས་རྟོགས་བྱས། བཀོད་འདོམས་བཀོད་གཏོང་དང་ཆ་འཕྲིན་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉེན་རྟོག་པ་བཀོད་སྒྲིག་ལ་སྤྱི་འདོམས་བྱེད་པ། འགྲིམ་འགྲུལ་ལམ་སྟོན་དང་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱེད་པ། གནས་སྐོར་རླངས་འཁོར་འགན་གཙང་ལེན་དང་། ཐག་རིང་འགྲུལ་སྐྱེལ་རླངས་འཁོར། ཉེན་ཡོད་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་རླངས་འཁོར། འགྲུལ་སྐྱེལ་གྲུ་གཟིངས་སོགས་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཁྲིམས་འཛིན་ཚད་ལྡན་དང་སྤྲོ་སེམས་འཁོལ་བའི་ཞབས་ཞུ་མཉམ་འདྲེས་ཡོང་དགོས། དཔེ་དབྱིབས་ཆེན་པོ་ལྟེ་བར་བྱེད་པའི་འགྲིམ་འགྲུལ་དོ་དམ་གྱི“རིག་ནུས་ཀླད་ཆེན”མགྱོགས་མྱུར་བསྐྲུན་ནས་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་འཆར་འགོད་དང་དོ་དམ་ཐབས་ཇུས། འཕྲལ་སྡོམ་དང་ལེན་གྱི་མྱུར་ཚད་དང་ནུས་པ་ཆེ་རུ་ནུས་ལྡན་བཏང་ནས། ནུས་ཤུགས་ཡོད་རྒུས་ཉེན་ཁ་སྔོན་འགོག་དང་བྱུར་རྐྱེན་སེལ་བ། ཤར་གཏོང་འགན་ལེན་བཅས་བྱེད་དགོས། འཕྲལ་སྡོམ་དང་འགྲིམ་འགྲུལ། གནམ་གཤིས་སོགས་སྡེ་ཁག་དང་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། འགྲིམ་འགྲུལ་བདེ་འཇགས་ཀྱི་དྲན་སྐུལ་དང་གནམ་གཤིས་ཀྱི་སྔོན་བརྡ་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པ་དང་། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་བདེ་འཇགས་ངང་ཕྱིར་སྐྱོད་དང་བདེ་བླག་ངང་ཕྱིར་ལོག་པར་འགན་ལེན་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་ཞེས་ནན་བཤད་གནང་།


མཉམ་སྤྱོད།