དེ་རིང་ནི2025ལོའི་ཟླ05པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པ།

2025-05-07 15:09:26   |   167

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཞི་ཅིན་ཕིང་དང་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་ཀྲུང་གོ་དང་ཡོ་རོབ་བར་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པར་ཕན་ཚུན་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།

ཟླ5པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁི་སི་ཐཱ་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་རྣམ་གཉིས་བར་ཕན་ཚུན་ལ་གློག་འཕྲིན་བཏང་ནས། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་བར་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་ལ། རྒྱལ་སྤྱིའི་སྣེ་མང་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཉིས་དང་། འཛམ་གླིང་ཧྲིལ་པོ་ཅན་ལ་རྒྱབ་སྐྱོར་བྱེད་པའི་ཁྲོམ་ར་ཆེན་པོ་གཉིས་ཡིན་ལ། རྒྱལ་སྤྱིའི་སྣ་མང་རང་བཞིན་དར་སྤེལ་གཏོང་བའི་ཤེས་རིག་ཆེན་པོ་གཉིས་ཀྱང་ཡིན། ཕྱོགས་གཉིས་ཀའི་བར་འབྲེལ་བ་བཙུགས་ནས་ལོ་ངོ50ལོན་པའི་རིང་ལ། ཕྱོགས་གཉིས་ཀྱི་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་བར་འགྲོ་འོང་དམ་ཟབ་བྱུང་བ་དང་། ཕན་ཚུན་བར་གྲོས་མོལ་གྱི་མཉམ་ལས་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། ཕན་ཚུན་བར་མི་ཆོས་རིག་གནས་བརྗེ་རེས་གསོན་ཉམས་ལྡན་པའི་ངང་སྤེལ་བར་མ་ཟད། ཕན་ཚུན་བར་གྱི་ཕྱོགས་མང་མཐུན་སྦྱོར་ལ་ཕན་འབྲས་གཟེངས་སུ་ཐོན་པ་བླངས་ཡོད། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་ནི་འཛམ་གླིང་འདིའི་སྟེང་ཤུགས་རྐྱེན་ཆེན་པོ་ལྡན་པའི་ཕྱོགས་གཉིས་ཀྱི་འབྲེལ་བའི་གྲས་ཤིག་ཏུ་གྱུར་ཡོད་ཅིང་། འབྲེལ་བ་དེས་ཀྲུང་གོ་དང་ཡོ་རོབ་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་ཅིང་། མིའི་རིགས་ཀྱི་སྤྱི་ཚོགས་སླར་ཡང་འགག་རྩའི་དུས་སྐབས་སུ་བསླེབས་ཡོད། བདེ་ཐང་དང་བརྟན་བརླིང་ཡིན་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བས་ད་གཟོད་ཕན་ཚུན་ལ་གྲུབ་འབྲས་ཐོབ་ཐུབ་པར་མ་ཟད། འཛམ་གླིང་ལ་རེ་བའང་བསྩོལ་ཐུབ། ངས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུའུ་ཞི་ཁི་སི་ཐཱ་དང་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པ་གོ་སྐབས་སུ་བརྩིས་ནས། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཉམས་མྱོང་ཕྱོགས་བསྡོམས་དང་འཐབ་ཇུས་འབྲེལ་གཏུག་གཏིང་ཟབ་ཏུ་གཏོང་བ། ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་ཡིད་ཆེས་བྱེད་ཚད་ཇེ་དྲག་ཏུ་གཏོང་བ། རོགས་རེས་ཀྱི་ངེས་གནས་སྲ་གཏན་དུ་གཏོང་བ། ཕན་ཚུན་སྒོ་འབྱེད་རྒྱ་སྐྱེད་གཏོང་བ། ཕན་ཚུན་བར་གྱི་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བཅས་བྱས་ནས། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བའི་འབྱུང་འགྱུར་སྔར་ལས་མཛེས་སྡུག་ལྡན་པ་ཞིག་གསར་འབྱེད་བྱེད་འདོད་ཡོད། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀྱིས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་རྒྱུ་དང་། དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ། ཕྱོགས་རྐྱང་པའི་བཙན་དབང་ལ་ངོ་རྒོལ་བཅས་བྱས་ཏེ། འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་གདོང་གཏད་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་སྤྱི་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བར་མཉམ་དུ་སྐུལ་འདེད་བཏང་ནས། འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་། འཕེལ་རྒྱས། དར་རྒྱས་བཅས་ཀྱི་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འབུལ་འདོད་ཡོད།

ཡོ་རོབ་མནའ་འབྲེལ་གྱི་མགོ་ཁྲིད་པས་བསྟན་དོན། འདས་ཟིན་པའི་ལོ་ངོ50རིང་ལ། ཀྲུང་གོས་ལོ་རྒྱུས་སྟེང་དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་འབྱུང་ཚད་ཆེས་མགྱོགས་ཤོས་མངོན་འགྱུར་བྱས་ཡོད། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་བར་འབྲེལ་བ་རྒྱ་ཁྱབ་ཏུ་བཙུགས་ཏེ། ཕྱོགས་གཉིས་ནི་སོ་སོའི་ཚོང་དོན་རོགས་ཟླ་གལ་ཆེན་དུ་གྱུར་ནས། ཕྱོགས་གཉིས་ཀའི་མི་དམངས་ཀྱི་བདེ་སྐྱིད་དང་དཔལ་འབྱོར་འཕེལ་རྒྱས་དར་རྒྱས་ཡོང་བར་བྱས་རྗེས་ཆེན་པོ་བཞག་ཡོད། མིག་སྔར་འཛམ་གླིང་ཧྲིལ་པོའི་ངེས་གཏན་མེད་པའི་རང་བཞིན་དང་ས་བབ་ཆབ་སྲིད་ཀྱི་འགྱུར་ལྡོག་ཧ་ཅང་རྒོད་པའི་རྒྱབ་ལྗོངས་འདིའི་འོག་ཏུ། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོའི་བར་གྱི་ཟླ་གྲོགས་འབྲེལ་བ་ཟབ་སྤེལ་གཏོང་བ་དང་འགྲོ་འོང་མཉམ་ལས་ལ་ཤུགས་སྣོན་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་རྩ་དོན་ལ་སྲུང་སྐྱོབ་བྱེད་པ། ལག་གདང་སྦྲེལ་ནས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་འཇལ་བ། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས། དར་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་། ཁི་སི་ཐཱ་དང་ཧྥུན་ཏི་ལའེ་ཨིན་བཅས་ཀྱིས་ཀྱང་ཕན་ཚུན་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས། ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ། ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ངེས་གནས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་བརྟན་བརླིང་རང་བཞིན་དང་འཛུགས་སྐྲུན་རང་བཞིན། གཉིས་ཕན་རང་བཞིན། འཛམ་གླིང་ཧྲིལ་པོའི་རང་བཞིན་བཅས་སྔར་ལས་ཆེ་རུ་བཏང་ནས། འཛམ་གླིང་ལ་བརྟན་བརླིང་རང་བཞིན་དང་དགེ་མཚན་ལྡན་པའི་ནུས་ཤུགས་སྔར་ལས་གང་མང་སྣོན་འདོད་ཡོད།

ཡོ་རོབ་མནའ་འབྲེལ་གྱི་མགོ་ཁྲིད་པས་བསྟན་དོན། འདས་ཟིན་པའི་ལོ་ངོ50རིང་ལ། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ནས་རྒྱ་ཆེར་འགྲོ་བཞིན་ཡོད། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་གདོང་གཏད་དེ། ཕྱོགས་མང་རིང་ལུགས་དང་བརྟན་བརླིང་གི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་འདོད་ཡོད།


མཉམ་སྤྱོད།