དེ་རིང་ནི2025ལོའི་ཟླ05པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་མོ་སི་ཁོར་ཕེབས་འབྱོར་ཟིན་པ།

2025-05-08 11:18:27   |   148

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ས་གནས་དེ་གའི་དུས་ཚོད་ཟླ5ཚེས7ཉིན་གྱི་དགོང་མོ་ཆེད་དོན་གནམ་གྲུར་བཞུགས་ནས་མོ་སི་ཁོར་འབྱོར་བ་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུ་ལྟར། ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས།

ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ཨུ་རུ་སུའི་མངའ་ཁོངས་བར་སྣང་དུ་འཛུལ་རྗེས། ཨུ་རུ་སུའི་མཁའ་དམག་གི་དམག་འཐབ་གནམ་གྲུས་མཁའ་དབྱིངས་ནས་སྲུང་སྐྱེལ་བྱས་ཡོད།

ཞི་ཅིན་ཕིང་མོ་སི་ཁོའི་ཧྥུ་ནུའུ་ཁོ་ཝོའི་ཆེད་དོན་གནམ་གྲུའི་གནམ་གྲུ་ཐང་དུ་འབྱོར་སྐབས། ཨུ་རུ་སུའི་ཙུང་ལི་གཞོན་པ་ཀོ་ལི་ཁོ་ཝ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་བ་བྱས།

ཨུ་རུ་སུ་ཕྱོགས་ཀྱིས་གནམ་ཐང་དུ་དགའ་བསུའི་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད། དམག་དཔུང་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་། ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་གནང་བྱས།

ཞི་ཅིན་ཕིང་གིས་ཡིག་ཐོག་གི་གསུང་བཤད་གནང་ནས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་བྱས་ནས་ཨུ་རུ་སུའི་སྲིད་གཞུང་དང་ཨུ་རུ་སུའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་གནང་ཡོད། 

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨུ་རུ་སུ་ནི་སྤོ་མི་ཐུབ་པའི་ཁྱིམ་མཚེས་བཟང་པོ་དང་། སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་ངོ་མ། ཕན་ཚུན་གྲུབ་འབྲས་གཏོད་རེས་བྱེད་པའི་རོགས་ཟླ་བཟང་པོ་བཅས་ཡིན། ཕྱོགས་གཉིས་པོས་ཁྱིམ་མཚེས་རྒྱལ་ཁབ་ཆེན་པོའི་ཡང་དག་པའི་མཉམ་གནས་ཐབས་ལམ་ཞིག་ལེགས་གྲུབ་ལྡན་པའི་ངང་འཚོལ་ཞིབ་བྱས་ནས། དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སུའི་འཐབ་ཇུས་རོགས་ལས་ཀྱི་སྙིང་སྟོབས་བཏོད་ཡོད། རང་བཙན་རང་བདག་དང་འཐུས་ཚང་སྲ་བརྟན་གྱི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་ཧ་ཅང་ཆེན་པོ་བསྐྲུན་པ་མ་ཟད། གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་སྲུང་སྐྱོང་དང་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ད་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ80འཁོར་བའི་ལོ་རེད། ཀྲུང་གོ་དང་ཨུ་རུ་སུ་གཉིས་ནི་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་གཙོ་བོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པའི་ངོས་ནས། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་ལག་གདང་སྦྲེལ་ནས་སྲུང་སྐྱོབ་བྱེད་པ་དང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། ང་རང་ནས་ཙུང་ཐུང་ཕུའུ་ཅིང་དང་ཕྱོགས་གཉིས་འབྲེལ་བ་དང་དངོས་གཉེར་མཉམ་ལས། དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་འབྲེལ་གཏུག་གཏིང་ཟབ་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་སྒུལ་ཤུགས་ཆེན་པོ་སྣོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་མང་པོའི་མགོ་ཁྲིད་པ་དང་ཨུ་རུ་སུའི་མི་དམངས་དང་མཉམ་དུ་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་བྱས་པའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཟབ་མོ་བྱས་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པའི་དུས་རབས་ཀྱི་གསུང་སྒྲ་ཐུན་མོང་ཐོག་འདོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བསྟན་གནང་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་གི་ནང་ཕེབས་འབྱོར་ཟིན་ཡོད། 

ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཧན་ཧུའེ་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།

ཞི་ཅིན་ཕིང་རླངས་འཁོར་ནང་བཞུགས་ནས་གནམ་ཐང་ནས་ཞལ་གྱེས་ཏེ་བཞུགས་སའི་གསོལ་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ། ས་གནས་དེ་གའི་མང་ཚོགས་དང་དེ་བཞིན་ཀྲུང་གོའི་མ་འཇོག་ཁེ་ལས་དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མའི་འཐུས་མི་འགྲོ་ལམ་གྱི་གཞོགས་གཉིས་སུ་འཛོམས་ནས། “ཀྲུའུ་ཞི་ཞི་ཅིན་ཕིང་ཨུ་རུ་སུར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ”ཞེས་པ་སོགས་ཀྱི་འཕྲེད་ཡིག་དམར་པོ་ལག་ཏུ་བཟུང་བ་དང་། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ནས། ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཡོད།


མཉམ་སྤྱོད།