དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་སྣེ་ཁྲིད་དེ་སི་ཁྲོན་ཞིང་ཆེན་མེན་དབྱང་གྲོང་ཁྱེར་དུ་ཚོང་འགུག་རྟོག་ཞིབ་གནང་།

2025-05-22 09:28:57   |   355

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་ཆར།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་སི་ཁྲོན་ཞིང་ཆེན་མེན་དབྱང་གྲོང་ཁྱེར་ཧྲང་ཧེ་ཀྲུའུ་ཀོང་ཡ་འཐབ་ཇུས་ཚན་རྩལ་ཞིབ་འཇུག་གླིང་འཐབ་ཇུས་གསར་དར་ཐོན་ལས་ལྟེ་གནས་ཀྱི་གདན་ཞུས་ལྟར་རུ་སྣེ་ཁྲིད་དེ་སི་ཁྲོན་ཞིང་ཆེན་མེན་དབྱང་གྲོང་ཁྱེར་དུ་ཚོང་འགུག་རྟོག་ཞིབ་བྱེད་སྒོ་སྤེལ། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་དང་། ཉིང་རྡུལ་རྒྱུ་ཆ་དང་ཉིང་རྡུལ་འབར་རྫས་ཆེད་མཁས་པ། ཀྲུང་གོའི་ཉིང་རྡུལ་སྡེ་ཚོགས་ཀྱི་དབུ་བཞུགས་ཆེད་མཁས་པ། ཀྲུང་གོའི་རྡུལ་ཕྲན་ནུས་པའི་ཚན་རིག་ཞིབ་འཇུག་ཁང་གི་སྤྱི་ཁྱབ་བཟོ་སྐྲུན་པ་གཞོན་པ་ཧུའུ་ཧྲི་ལིན་ཚོགས་པ་དང་། ཞིབ་འཇུག་གླིང་གི་ལྟེ་བའི་ཁོངས་མི་དང་བརྗེ་རེས་གཏིང་ཟབ་གནང་ནས་མཉམ་ལས་ཀྱི་གོ་སྐབས་གསར་པ་མཉམ་དུ་འཚོལ་ཞིབ་བྱས།  ཤ་བོ་སྐྱབས་འཁོར་དང་བཅས་པ་ཀྲུང་གོ(མེན་དབྱང)ཚན་རྩལ་གྲོང་ཁྱེར་གསར་གཏོད་ཁང་དང་ཧྲང་ཧའེ་ཀྲུའུ་ཀོང་ཡ་འཐབ་ཇུས་ཚན་རྩལ་ཞིབ་འཇུག་ཁང་གི་འཐབ་ཇུས་གསར་དར་ཐོན་ལས་ལྟེ་གནས་ལ་ལྟ་སྐོར་བྱས་ནས་སྐྱེ་དངོས་ལེན་པ་དང་བཟོ་སྐྲུན། ཚད་བརྒལ་རྩིས་རྒྱག་ལྟེ་གནས་འཛུགས་སྐྲུན་སོགས་འཐབ་ཇུས་གསར་དར་ཐོན་ལས་ཀྱི་གསར་གཏོད་གྲུབ་འབྲས་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་ཕྱོགས་གཉིས་ཀྱིས་འབྲེལ་ཡོད་ལས་གཞི་ལག་བསྟར་བྱས་པ་དང་ལག་བསྟར་བྱེད་པ་སོགས་ཀྱི་གནས་ཚུལ་ཐད་གྲོས་བསྡུར་དང་སྤེལ་རེས་གནང་།

640.png

ཡོན་ཧྲི་ཧུའུ་ཧྲི་ལིན་དང་ཁོང་གི་ཚོགས་པས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་འཕེལ་རྒྱས་ཀྱི་དོན་སྙིང་སོགས་ཀྱི་ཐད་ནས་གནས་མཐུན་རྒྱུ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་ཀྱིས་རང་རྒྱལ་གྱི་ཉིང་རྡུལ་ཁྱབ་ཁོངས་ཀྱི་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་རྒྱས་བཤད་ཞིབ་ཕྲ་བྱས་པ་དང་། མཚོ་བྱང་དུ"གནས་མཐུན་རྒྱུ་ཚོད་ལྟའི་ཐོན་སྐྱེད་སྒྲིག་ཆས་དང་གནས་མཐུན་རྒྱུ་སྨན་རྫས་ཐོན་སྐྱེད་ལས་གཞི"འཛུགས་སྐྲུན་བྱེད་པའི་ཐོག་མའི་ཇུས་གཞི་དང་ལས་གཞི་དེ་མཚོ་བྱང་དུ་དོན་འཁྱོལ་བྱེད་པའི་འདོད་བློ་དང་དགོས་མཁོ་བཏོན།

640 (1).png

ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཐོན་ཁུངས་ཀྱི་གནས་ཚུལ་དང་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས། ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་དང་གསར་བཟོ་རྟེན་གཞི་དང་པོ་གཉིས་གཉིས་གཅིག་གནས་རྙིང་གི་གཞི་རྩའི་གནས་ཚུལ་ངོ་སྤྲོད་གནང་སྟེ། ཧྲང་ཧེ་ཀྲུའུ་ཀོང་ཡ་འཐབ་ཇུས་ཚན་རྩལ་ཞིབ་འཇུག་གླིང་ནི་ཉིང་རྡུལ་ཁྱབ་ཁོངས་ཀྱི་འཐབ་ཇུས་ཚན་རྩལ་ལས་སྟེགས་ཤིག་ཡིན་པའི་ངོས་ནས་ཡོན་ཧྲི་ཧུའུ་ཧྲི་ལིན་སོགས་རྩེར་སོན་ཚན་རྩལ་རིགས་གཅིག་མཁས་ཅན་ཚོགས་པ་འདུས་ཡོད་པས་ཉིང་རྡུལ་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཉེར་སྤྱོད། ཚད་བརྒལ་རྩིས་རྒྱག་ནུས་པ་འཛུགས་སྐྱོང་། སྐྱེ་དངོས་ལེན་པ་དང་བཟོ་སྐྲུན་སོགས་ཁྱབ་ཁོངས་སུ་སྔོན་ཐོན་གྱི་ལག་རྩལ་གསོག་འཇོག་དང་ཐོན་ལས་ཅན་གྱི་ཉམས་མྱོང་ལྡན་པས་ཚན་རྩལ་གསར་གཏོད་དང་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བའི"སྒུལ་བྱེད་འཕྲུལ་འཁོར"ལྟ་བུའི་ངོས་འཛིན་གནང་། ཐེངས་འདིའི“གནས་མཐུན་རྒྱུ་ཚོད་ལྟའི་ཐོན་སྐྱེད་སྒྲིག་ཆས་དང་གནས་མཐུན་རྒྱུ་སྨན་རྫས་ཐོན་སྐྱེད་ལས་གཞི“མཚོ་བྱང་དུ་དོན་འཁྱོལ་ཡོད་པ་དེ་མཚོ་བྱང་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཁ་ཕྱོགས་དང་ཐོན་ལས་གླིང་ཁུལ་གྱི་ནུས་པའི་གནས་གཏན་འཁེལ་དང་མཐུན་ཡོད། མཚོ་བྱང་གིས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་དང་སྲིད་ཇུས་རོགས་སྐྱོར་སོགས་ཀྱི་ཐད་ནས་ལས་གཞི་དེ་གང་མགྱོགས་ལག་བསྟར་བྱེད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུའུ་ཀོང་ཡ་འཐབ་ཇུས་ཚན་རྩལ་ཞིབ་འཇུག་གླིང་གི་འཐབ་ཇུས་གསར་དར་ཐོན་ལས་ལྟེ་གནས་ཀྱིས་གང་མགྱོགས་ཆེད་མངགས་མི་སྣ་མངགས་ནས། མཚོ་བྱང་དུ་ཡུལ་དངོས་ནས་རྟོག་ཞིབ་དང་བརྟག་ཞིབ་བྱས་ཏེ་ལས་གཞི་འདེམས་ཡུལ་སོགས་འབྲེལ་ཡོད་འཛུགས་སྐྲུན་ཆ་རྐྱེན་སྔ་ཙམ་གཏན་འཁེལ་བྱ་རྒྱུ་དང་། དེ་དང་ཆབས་ཅིག་ཀྲུའུ་ཀོང་ཡ་འཐབ་ཇུས་ཚན་རྩལ་ཞིབ་འཇུག་གླིང་གི་འཐབ་ཇུས་གསར་དར་ཐོན་ལས་ལྟེ་གནས་དང་ཀྲེང་ཞིན་རྫས་འགྱུར་བཟོ་ལས(སི་ཁྲོན)ཚད་ཡོད་སྤྱི་གཉེར་ཁང་སོགས་དང་ཚད་བརྒལ་རྩིས་རྒྱག ཅད་སྐྱུར་སོགས་ཁྱབ་ཁོངས་སུ་རང་ངོས་ལེགས་ཆ་འདོན་སྤེལ་བྱས་ནས་མཉམ་ལས་ཀྱི་བར་མཐོངས་དེ་བས་མང་བ་འཚོལ་ཞིབ་བྱ་རྒྱུའི་རེ་བ་ཡོད་ཟེར།

640 (2).png

ཧྲང་ཧེ་ཀྲུའུ་ཀོང་ཡ་འཐབ་ཇུས་ཚན་རྩལ་ཞིབ་འཇུག་གླིང་འཐབ་ཇུས་གསར་དར་ཐོན་ལས་ལྟེ་གནས་ཀྱི་ཀྲུའུ་རིན་ཁྲེན་ཞིན་དང་། ཁུལ་གྱི་མགོ་ཁྲིད་ཆན་གོ་ཆིན། ཁུལ་འཕེལ་སྒྱུར་ཨུ་ལྷན་དང་ཁུལ་བཟོ་འཕྲིན་ཅུ་ཡིས་འགན་འཁུར་བློ་མཐུན་བཅས་ཞུགས་ཡོད།


མཉམ་སྤྱོད།