དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་འགྲེམ་ཚོགས་སྐབས་ཉི་ཤུ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

2025-05-26 09:12:55   |   117

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས།  མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་འགྲེམ་ཚོགས་སྐབས་ཉི་ཤུ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན།  སྐབས་འདིའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་འགྲེམ་ཚོགས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་དང་། ཁྱབ་ཁོངས་བརྗེ་རེས་དང་མཉམ་ལས་ཟབ་སྤེལ་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ལ་དམ་དུ་དམིགས་ཡོད་པ་དང་།  འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ལྡན་ཞིང་། འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཀྲུང་གོའི་ནུབ་རྒྱུད་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུར་ཕན་ཡོད་ཀྱི་སྟེགས་བུ་བསྐྲུན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  མཐུན་སྒྲིལ་བྱས་ན་ད་གཟོད་མཉམ་དུ་རྒྱལ་ཐུབ་ལ། ལག་གདང་སྦྲེལ་ན་ད་གཟོད་མཉམ་དུ་མདུན་སྐྱོད་བྱེད་ཐུབ། ང་ཚོས་ཐེངས་འདིའི་འགྲེམ་ཚོགས་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་སོ་སོའི་གྲོགས་པོའི་བར་སྔར་ལས་རྒྱུས་ལོན་ཟབ་མོ་བྱེད་པ་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ།  མཉམ་ལས་ཟབ་སྤེལ་བཅས་བྱས་ཏེ། ཕྱོགས་མང་ཉོ་ཚོང་གི་སྒྲིག་སྲོལ་དང་འཛམ་གླིང་ཡོངས་ཀྱི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་པོའི་ངང་གེགས་མེད་ཡོང་བར་མཉམ་དུ་སྲུང་སྐྱོབ་བྱེད་དགོས་ཤིང་། འཛམ་གླིང་གི་དཔལ་འབྱོར་དར་རྒྱས་གོང་འཕེལ་ཡོང་བར་སྒུལ་ཤུགས་གསར་པ་སྩོལ་འདོད་ཡོད།

ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་འགྲེམ་ཚོགས་སྐབས་ཉི་ཤུ་པ་ཉིན་དེར་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ་འཚོགས་མགོ་བརྩམས་པ་དང་། བརྗོད་དོན་གཙོ་བོ་ནི“བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་སྒུལ་ནུས་ཆེ་རུ་གཏོང་བ་དང་། སྒོ་འབྱེད་རྒྱ་བསྐྱེད་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན་ལ། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས།


མཉམ་སྤྱོད།