དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལི་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་དཔོན་པུའུ་ཨན་ལ་ཐུག་འཕྲད་གནང་བ།

2025-05-26 15:56:02   |   56

རྩོམ་སྒྲིག ཀླུ་མོ་མཚོ།   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   བཤེར་འབེབས། རིན་ཆེན་ཚེ་རིང་།


c17f5de24e7341c1ebe2b128b459116.jpg

ས་གནས་དེའི་དུས་ཚོད་ཟླ5པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་ཐོག་ཁང་ཆེན་མོ་ནས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་དཔོན་པུའུ་ཨན་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན།  ས་གནས་དེའི་དུས་ཚོད་ཟླ5པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་ཐོག་ཁང་ཆེན་མོ་ནས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་དཔོན་པུའུ་ཨན་ལ་ཐུག་འཕྲད་གནང་།

ལི་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ལ་པོ་ཝོའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཡོད། མིག་སྔའི་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། རྒྱལ་ཁབ་གཉིས་ཀྱིས་མཐུན་སྒྲིལ་མཉམ་ལས་སྔར་ལས་དམ་ཟབ་བྱ་དགོས། དེ་ནི་རང་སོ་སོའི་དེང་རབས་ཅན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་དོན་དངོས་ཀྱི་དགོས་མཁོ་ཡིན་ལ། ས་ཁུལ་དང་ཐ་ན་འཛམ་གླིང་ཞི་བདེ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་ཡང་ཕན་ཐོགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་མཐའ་འཁོར་ཕྱི་འབྲེལ་གྱི་དམིགས་བསལ་ཁ་ཕྱོགས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། ཧིན་རྡུ་ཉི་ཞི་ཡ་དང་སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་གཏོང་བ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གནད་དོན་གལ་ཆེན་ལ་རྒྱབ་སྐྱོར་བརྟན་པོ་བྱས་ཏེ།“གཙོ་ཁྲིད་ཆེན་པོ་ལྔའི”མཉམ་ལས་རྣམ་པ་སྲ་བརྟན་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་དེ་བས་མང་པོ་བསྐྲུན་འདོད་ཡོད། 

ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་ཁྲིམས་འཛུགས་སྒྲིག་གཞིའི་མཛའ་མཐུན་འགྲོ་འོང་དང་ཏང་དབར་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་འབྲེལ་གཏུག་དང་རྒྱལ་སྐྱོང་སྲིད་གཉེར་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་མཛའ་མཐུན་བྱ་གཞག་ལ་གྲུབ་འབྲས་དེ་བས་མང་པོ་ཐོན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་ཡ་ཝན་མྱུར་བགྲོད་ལྕགས་ལམ་སོགས་མཚོན་རྟགས་རང་བཞིན་དང་རྣམ་གྲངས་གལ་ཆེན་མཉམ་ལས་དམ་འཛིན་ཡག་པོ་བྱས་ཏེ། ཕྱོགས་གཉིས་ཀྱི་ཉོ་ཚོང་མ་འཇོག་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། དྲང་གཞག་མཛའ་མཐུན་གྱི་ཚོང་གཉེར་ཁོར་ཡུག་ཐུན་མོང་ཐོག་གཏོད་པ། གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་བཏང་སྟེ། ཆུ་ཚད་སྔར་ལས་མཐོ་བའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལམ་སྲོལ་གྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་ཐུན་མོང་ཐོག་སྲུང་སྐྱོང་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་བྱས་ནས། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས། བཙན་དབང་ཆབ་སྲིད་བཅས་ལ་ངོ་རྒོལ་བྱས་ཏེ། མཐུན་སྒྲིལ་དང་མཛའ་བརྩེ། མཉམ་ལས་བཅས་ཀྱི་ཝན་ལུང་དགོངས་དོན་དར་སྤེལ་བཏང་ནས། གོ་ལ་ཧྲིལ་པོའི་ཞི་བདེ་འཕེལ་རྒྱས་ཀྱི་བྱ་གཞག་ལ་བརྟན་བརླིང་རང་བཞིན་དང་ངེས་གཏན་རང་བཞིན་བསྩོལ་འདོད་ཡོད། 

པུའུ་ཨན་གྱིས་བསྟན་དོན། ཁྲིམས་འཛུགས་སྒྲིག་གཞིའི་འགྲོ་འོང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་གྲོགས་ཐད་དོན་སྙིང་གལ་ཆེན་ལྡན། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་ཞུས་པ་དང་། ད་ལོར་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར75ལོན་པ་དང་ཝན་ལུང་ཚོགས་འདུ་འཚོགས་ནས་ལོ་འཁོར70ལོན་པ་གོ་སྐབས་སུ་བརྩིས་ནས། སྔ་འཛིན་ཕྱི་གཏོད་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་བར་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་དང་སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོར་བསླེབས་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་བསྐྲུན་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གནས་བབ་ལ་རྒྱབ་སྐྱོར་བྱས་པར་བསྔགས་བརྗོད་བྱེད་པ་དང་། ས་ཁོངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ས་ཁུལ་ཞི་བདེ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཧིན་རྡུ་ཉི་ཞི་ཡས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་། ཞི་བདེའི་བྱ་ཐབས་ཐོག་ནས་མི་མཐུན་པའི་ཆ་སེལ་རྒྱུའི་འདོད་ཚུལ་འཛིན་གྱིན་ཡོད།ཀྲུང་གོ་ཕྱོགས་དང་ཕྱོགས་མང་ལས་དོན་གྱི་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དུས་བབ་ཀྱི་ངེས་གཏན་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་པ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱེད་འདོད་ཡོད།


མཉམ་སྤྱོད།