དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོའི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཞིབ་སློབ་གནས་སྐོར་ལྟ་ཞིབ་ཚོགས་པ་མཚོ་བྱང་མདོ་ལར་ཡོང་ནས་ལྟ་ཞིབ་བྱེད་སྒོ་སྤེལ།

2025-05-28 17:19:00   |   134

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5བའི་ཚེས26ནས27ཉིན་བར། སློབ་གསོ་དང་ཚན་ཞིབ། རིག་གནས་ཐོན་ལས་སོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པས་གྲུབ་པའི་རྟོག་དཔྱོད་ལྟ་ཞིབ་ཚོགས་པ་མཚོ་བྱང་མདོ་ལ་རུ་འཛོམས་ཏེ་ཉིན2རིང་གི་སྐྱེ་ཁམས་ཞིབ་སློབ་ཡུལ་སྐོར་ལྟ་ཞིབ་བྱེད་སྒོ་མགོ་བརྩམས་ཤིང་། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་གསར་གཏོད་རྣམ་པ་དང་མ་འོངས་ལམ་ཕྱོགས་འཚོལ་ཞིབ་བྱས།

01.jpg

02.jpg

ཀང་ཧྥུའུ་ཡིས་མདོ་ལ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་སྐྱེ་ཁམས་གནས་སྐོར་ལྟ་ཞིབ་ཚོགས་པ་ལ་དགའ་བསུ་ཟོལ་མེད་བྱས་ཤིང་། མདོ་ལ་རྫོང་གི་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་བྱས།

ལྟ་ཞིབ་ཚོགས་པ་འཁོར་བཅས་སྔ་རྗེས་སུ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གསོ་སྤེལ་ས་ཚིགས་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ཚན་ཞིབ་རྟེན་གཞི། ཨ་མྱེས་སྟོང་སོའི་ནགས་ཀློང་སྒར་འདེབས་རྟེན་གཞི། བཙུན་མོ་སྒང་ལྗོངས་ཁུལ། བློན་པོ་བྱ་རྒོད་ལྗོངས་ཁུལ། བར་དམ་གྲོག་རོང་ཆེན་མོ་སོགས་སུ་ཕྱིན་ནས་སྒྲོག་འགྲེལ་ལ་ཉན་ཞིང་། ས་གནས་ལྟ་སྦྱོང་དང་། ཡུལ་དངོས་བརྗེ་རེས་སོགས་རྣམ་པས་མདོ་ལ་རྫོང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་སྐྱེ་ཁམས་ཞིབ་སློབ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།

03.jpg

ལྟ་ཞིབ་ཚོགས་པ་ཐོག་མར་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གསོ་སྤེལ་ས་ཚིགས་སུ་ཕྱིན་ཅིང་། བར་ཐག་ཉེ་བོ་ནས་གསའ་དང་གཙོད། ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་སྲུང་སྐྱོབ་དང་གསོ་སྤེལ་ལས་དོན་ལ་ལྟ་ཞིབ་བྱས། ཆེད་མཁས་པ་རྣམས་ཀྱིས་མདོ་ལ་རྫོང་གི་གྲང་ངར་ཆེ་བའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས་ཤིང་། འདི་རུ་རྨས་ཕོག་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་འོས་འགན་ལྕི་མོ་འཁུར་ཡོད་པ་མ་ཟད་འདི་ནི་སྐྱེ་ཁམས་སློབ་གསོའི་རང་བྱུང་སློབ་ཁང་ཡིན་པས་སྐྱེ་ཁམས་ཞིབ་སློབ་ལ་གསོན་ཉམས་དོད་པོའི་ཉམས་ལེན་ཡུལ་དངོས་མཁོ་སྤྲོད་བྱས། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་རྒྱུན་རིང་ཚན་ཞིབ་རྟེན་གཞི་རུ། ལས་དོན་མི་སྣས་མདོ་ལ་རིང་མོའི་སྐྱེ་ཁམས་མ་ལག་གི་བརྟག་དཔྱད་གྲུབ་འབྲས་ངོ་སྤྲོད་ཞིབ་ཕྲ་གནང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་དང་ཚན་ཞིབ་ལག་ལེན་གྱི་མཉམ་འདྲེས་གཏིང་ཟབ་མངོན་པར་མཚོན་ནས། སྐྱེ་ཁམས་ཞིབ་སློབ་ཡུལ་སྐོར་ལ་ཚན་རིག་གི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས།

05.jpg

ཨ་མྱེས་སྟོང་སོ་དང་བཙུན་མོ་དམར་ཡག་མ། བློན་པོ་བྱ་རྒོད་ལྗོངས་ཁུལ་བཅས་སུ། ནགས་ཚལ་སྟུག་པོ་དང་མཚར་དུ་དངར་བའི་རི་ཆུ། ཁྱད་པར་དུ་འཕགས་པའི་ས་གཤིས་བཅས་ཀྱིས་ལྟ་ཞིབ་ཚོགས་པ་འཁོར་དང་བཅས་པའི་ཡིད་དབང་འཕྲོག་ཅིང་། གྲུ་ཟུར་རེ་རེར་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་དང་རིག་གནས་ཀྱི་རང་མདངས་ཀྱིས་ཁེངས་ལ། སྐྱེ་ཁམས་ཞིབ་སློབ་ཡུལ་སྐོར་ལམ་ཐིག་གི་ཇུས་འགོད་ལ་གདམ་གསེས་སྣ་མང་མཁོ་འདོན་བྱས། བར་དམ་གྲོག་རོང་ཆེན་མོའི་རྔམ་ཟིལ་ལྡན་པའི་རང་བྱུང་སྣང་བརྙན་དང་ཕུན་སུམ་ཚོགས་པའི་རང་བྱུང་གི་ལྗོངས་རྣམ་བཅས་ཀྱིས། ལྟ་ཞིབ་ཚོགས་པའི་ཁོངས་མི་རྣམས་ལ་མདོ་ལ་རྫོང་གི་སྐྱེ་དངོས་སྣ་མང་རང་བཞིན་དང་ཁྱད་པར་རང་བཞིན་ལ་ཉམས་སུ་མྱོང་དུ་བཅུག

06.jpg

ལྟ་ཞིབ་ཚོགས་པའི་ཆེད་མཁས་པས་བསྟན་དོན། མདོ་ལ་རྫོང་ལ་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཐོན་ཁུངས་འཛོམས་ཤིང་སྐྱེ་ཁམས་ཞིབ་སློབ་ཡུལ་སྐོར་གྱི་གབ་ཤུགས་ཆེས་ཆེར་མངའ། ཕྱོགས་གཅིག་ནས་ཐོན་ཁུངས་སྡུད་སྒྲིལ་ལ་གཙིགས་མཐོང་བྱེད་དགོས་པ་སྟེ། ལྗོངས་གནས་སོ་སོའི་ཁྱད་ཆོས་རྒྱུན་མར་སྦྲེལ་ནས་མ་ལག་རང་བཞིན་དང་རྒྱུན་མཐུད་རང་བཞིན་གྱི་སྐྱེ་ཁམས་ཞིབ་སློབ་ལམ་ཐིག་བསྐྲུན་དགོས་ལ། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བརྗོད་དོན་གཙོ་བོར་བྱས་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གསོ་སྤེལ་ས་ཚིགས་དང་ཉེ་འཁོར་གྱི་རང་བྱུང་སྐྱེ་ཁམས་ལྗོངས་ཁུལ་ཟུང་དུ་འབྲེལ་ཐོག མཉམ་ཞུགས་བྱེད་མཁན་གྱིས་སྲོག་ཆགས་སྐོར་གྱི་ཤེས་བྱར་རྒྱུས་ལོན་ཐུབ་པར་མ་ཟད་སྲོག་ཆགས་ཀྱི་འཚོ་གནས་ཁོར་ཡུག་ལ་ཉམས་སུ་མྱོང་ཐུབ་པར་བྱ་དགོས། ཕྱོགས་གཅིག་ནས་སྤུས་རྟགས་འཛུགས་སྐྲུན་དང་དྲིལ་སྒྲོག་ཁྱབ་རྡལ་ལ་ཤུགས་སྣོན་རྒྱག་དགོས་པ་སྟེ། སྨྱན་སྦྱོར་གསར་བའི་སྟེགས་བུར་བརྟེན་ནས་དྲིལ་སྒྲོག་རྒྱུ་ཆ་སྤུས་ལེགས་བཟོ་བ་དང་། མདོ་ལ་རྫོང་གི་སྐྱེ་ཁམས་ཞིབ་སློབ་ཀྱི་ཁྱད་ཆོས་དང་འགུག་ཤུགས་མངོན་པར་མཚོན་ནས། གནས་སྐོར་བ་སྔར་བས་མང་པོ་དང་སྒོས་སུ་གཞོན་ནུ་ལོ་ཆུང་གི་དོ་ཁུར་འཐོབ་པར་བྱ་དགོས།

སྐབས་དེར། ལྟ་ཞིབ་ཚོགས་པ་ད་དུང་དམར་དམག་ནུབ་ལམ་དམག་བཅིངས་འགྲོལ་དམག་དམག་དཔུང་གཉིས་པའི་རྗེས་དྲན་གླིང་དུ་ཕྱིན་ནས་གསར་བརྗེའི་ཞིབ་སློབ་བྱེད་སྒོ་སྤེལ།


མཉམ་སྤྱོད།