དེ་རིང་ནི2025ལོའི་ཟླ06པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་འཐབ་ཇུས་ཀྱི་གོ་གནས་སུ་འཇོག་དགོས་པའི་སྐོར་གླེང་བ།

2025-06-03 09:44:39   |   85

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། སློབ་བརྩོན་རྒྱལ་སྟོབས།   བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20250506092536.jpg

“十五五”时期,必须把因地制宜发展新质生产力摆在更加突出的战略位置,以科技创新为引领、以实体经济为根基,坚持全面推进传统产业转型升级、积极发展新兴产业、超前布局未来产业并举,加快建设现代化产业体系。

——习近平2025年4月30日在部分省区市“十五五”时期经济社会发展座谈会上的讲话

“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་སུ། ངེས་པར་དུ་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་འཐབ་ཇུས་ཀྱི་གོ་གནས་སུ་བཞག་ནས། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་དང་དངོས་གཞིའི་དཔལ་འབྱོར་རྨང་གཞིར་བྱེད་པ་དང་། ཕྱོགས་ཡོངས་ནས་སྲོལ་རྒྱུན་ཐོན་ལས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། གསར་དར་ཐོན་ལས་ཧུར་ཐག་སྒོས་འཕེལ་རྒྱས་གཏོང་བ། འབྱུང་འགྱུར་ཐོན་ལས་མཉམ་འཛིན་ལ་སྔོན་ཚུད་ནས་བཀོད་སྒྲིག་བཅས་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་མགྱོགས་སུ་གཏོང་དགོས།

——ཞི་ཅིན་ཕིང་གིས2025ལོའི་ཟླ4པའི་ཚེས30ཉིན་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་ཅིག་གི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།


མཉམ་སྤྱོད།