དེ་རིང་ནི2025ལོའི་ཟླ06པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་མཐོ་རྒྱུགས་ཀྱི་གྲ་སྒྲིག་བྱ་བར་བཀོད་འདོམས་གནང་།

2025-06-05 14:38:07   |   650

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6པའི་ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཚོ་བྱང་ཁུལ་མཐོ་འབྲིང་དང་པོ་དང་ཁུལ་སློབ་གསོ་རྒྱུགས་ལེན་བཀོད་འདོམས་ལྟེ་གནས་སུ་ཕྱིན་ཏེ། ཡུལ་དངོས་ནས་མཐོ་རྒྱུགས་ཀྱི་གྲ་སྒྲིག་བྱ་བར་བཀོད་འདོམས་གནང་སྟེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མཐོ་རྒྱུགས་བྱ་བའི་སྐོར་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་གྲ་སྒྲིག་བྱ་བ་བཀོད་འདོམས་སྐབས་ཀྱི་གསུང་བཤད་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་མཐུན་སྦྱོར་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། ཕྱོགས་ཡོངས་ནས་མཐོ་རྒྱུགས་ལ་མཐུན་རྐྱེན་གང་ལེགས་སྦྱར་ནས་རྒྱུགས་སྤྲོད་སློབ་མ་ཚང་མས་དྲང་གཞག་དང་། བདེ་འཇགས། དྲོ་སྐྱིད་བཅས་ཀྱི་ཁོར་ཡུག་ཁྲོད་ནས་ཆུ་ཚད་ཆེས་ལེགས་ཤོས་འདོན་སྤེལ་ཐུབ་པར་འགན་ལེན་ཏན་ཏིག་བྱེད་དགོས་ཟེར།

图片1.png

མཚོ་བྱང་ཁུལ་མཐོ་འབྲིང་དང་པོ་རུ། ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་བརྙན་ལམ་ལྟ་སྐུལ་ཚོད་འཛིན་ཁང་གི་འཁོར་སྐྱོད་དང་རྒྱུགས་རའི་སྒྲིབ་ཡོལ་སྒྲིག་བཀོད། རྒྱུགས་ཤོག་གདུབ་ཟུམ་དོ་དམ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ནས་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་རྒྱུགས་ཤོག་ལེན་པ་དང་སྐྱེལ་བ། བཀྲམ་པ། སྤྲོད་ལེན། བདག་ཉར་སོགས་ཀྱི་ལྷུ་ཚིགས་སོ་སོའི་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་མོ་བྱས་ཏེ། རྒྱུགས་ལེན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་དགོས། ཞིབ་ཕྲ་ནས་མགོ་བཙུགས་ཏེ་སློབ་གྲྭ་དང་ཐོག་ཁང་ནང་གི་ཁོར་ཡུག་འཕྲོད་བསྟེན་དོ་དམ་མི་ལེགས་པ་དང་འཕྲོད་བསྟེན་མི་གཙང་བ་སོགས་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་ཏེ། རྒྱུགས་སྤྲོད་སློབ་མར་མཛེས་ཤིང་གཙང་བའི་ཁོར་ཡུག་ཅིག་གཏོད་དགོས་ཟེར།

图片2.png

ཁུལ་སློབ་གསོ་རྒྱུགས་ལེན་བཀོད་འདོམས་ལྟེ་གནས་སུ་ཤ་བོ་སྐྱབས་ཀྱིས་འཇུ་ལག་རྫོང་ཨུ་དང་ཁུལ་སློབ་གསོ་ཅུ། ཁུལ་བཟོ་འཕྲིན་ཅུ་བཅས་ཀྱི་བྱ་བའི་སྙན་ཞུར་ཉན་ཏེ་མཐོ་རྒྱུགས་བྱ་བར་ཡུལ་དངོས་སུ་བཀོད་གཏོང་བྱས་ནས་བསྟན་དོན། ད་ལོ་ནི་མཚོ་བྱང་ཁུལ་གྱི་མཐོ་རྒྱུགས་ཕྱོགས་བསྡུས་བཅོས་བསྒྱུར་ལག་བསྟར་རྗེས་ཀྱི་རྒྱུགས་ཐེངས་ཐོག་མ་ཡིན་པས། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་མཐོ་རྒྱུགས་ཀྱི་བདེ་འཇགས་བརྟན་ལྷིང་གི་གལ་ཆེན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་འགན་འཁྲི་ནན་དཀྲིས་བྱས་ཏེ་ཚད་གཞི་མཐོ་ཤོས་དང་བླང་བྱ་ནན་ཤོས། བྱེད་ཐབས་དངོས་སྒྲུབ་བཅས་ལ་བརྟེན་ནས་ཕྱོགས་ཡོངས་དང་སྦྲེལ་ཐག་ཡོངས་ཀྱི་མཐོ་རྒྱུགས་བདེ་འཇགས་འགོག་སྲུང་མ་ལག་བཙུགས་ནས་མཐོ་རྒྱུགས་རྒྱུགས་ཤོག་བདེ་འཇགས་དང་རྒྱུགས་སྤྲོད་བདེ་བླག་ཡོང་བ། བཅོས་བསྒྱུར་བརྟན་ལྷིང་ངང་ལག་བསྟར་བྱ་རྒྱུ་བཅས་འགན་ལེན་བྱེད་དགོས་ཟེར་ཞོར་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྤྱི་བདེ་དང་འགྲིམ་འགྲུལ་ཉེན་རྟོག་པ། འགྲིམ་འགྲུལ། གྲོང་ཁྱེར་ལྟ་སྐུལ། འཕྲོད་བསྟེན་སོགས་འགན་ནུས་སྡེ་ཁག་གིས་ཞབས་ཞུའི་བྱ་ཐབས་སྔར་ལས་ཤུགས་བསྣན་ཏེ་རྒྱུགས་སྤྲོད་སློབ་མར་བདེ་འཇགས་དང་བགྲོད་བསྐྱོད། བཟའ་སྡོད། སྨན་བཅོས་འཕྲོད་བསྟེན། འཛེར་སྒྲ་བཅོས་སྐྱོང་སོགས་ཕྱོགས་བསྡུས་ཞབས་ཞུའི་འགན་སྲུང་མཁོ་འདོན་བྱེད་དགོས། རིམ་པ་སོ་སོའི་གྲོང་ཁྱེར་ལྟ་སྐུལ་དང་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས“རྒྱུགས་ལེན་ས་ཚིགས་ཀྱི་ཉེ་འཁོར་ཁོར་ཡུག་གཙང་འགྱུར”སོགས་ཆེད་དོན་བྱ་སྤྱོད་མུ་མཐུད་སྤེལ་ནས་རྒྱུགས་ལེན་ས་ཚིགས་ཀྱི་ཉེ་འཁོར་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱུགས་སྤྲོད་སློབ་མར་ལྷིང་འཇགས་ཀྱི་རྒྱུགས་ལེན་ཁོར་ཡུག་ཅིག་བསྐྲུན་དགོས། རིམ་པ་སོ་སོའི་བཟོ་འཕྲིན་སྡེ་ཁག་གིས་རྒྱུགས་ལེན་ས་ཚིགས་ཉེ་འཁོར་གྱི་གློག་ཁབ་ལེན་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་སྐུད་མེད་གློག་གི་བརྡ་རྟགས་ཀྱི་ཁྱད་ཆོས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་དགོས་པ་དང་ཕྱོགས་ཡོངས་ནས་རྒྱུགས་ལེན་སྐུད་མེད་གློག་གི་བདེ་འཇགས་བཀག་རྒྱ་བརྟན་པོར་འཛུགས་དགོས། རིམ་པ་སོ་སོའི་དྲིལ་སྒྲོག་པུ་དང་སྤྱི་ཚོགས་ལས་དོན་པུ་ཡིས་དང་བླངས་ཞབས་ཞུའི་རུ་ཁག་མི་འདྲ་བ་བཙུགས་ནས་རྒྱུགས་སྤྲོད་སློབ་མ་བྱམས་བརྩེའི་སྒོ་ནས་རྒྱུགས་རར་སྐྱེལ་བ་དང་། སྨན་བཅོས་འགན་ལེན། དཔང་ཡིག་མྱུར་སྒྲུབ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་རྒྱུགས་སྤྲོད་སློབ་མར་སྤྱི་ཚོགས་ཀྱི་དྲོ་སྐྱིད་དང་ཐུགས་ཁུར་གང་ལེགས་སྒོས་ཚོར་དུ་འཇུག་དགོས། རིམ་པ་སོ་སོའི་དྲ་འཕྲིན་སྡེ་ཁག་གིས་ཆ་འཕྲིན་ཡོངས་བསྒྲགས་དང་གླེང་ཕྱོགས་ཀྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་བསྣན་ནས་དུས་ཐོག་ཏུ་མཐོ་རྒྱུགས་ཀྱི་འབྲེལ་ཡོད་ཆ་འཕྲིན་གནད་ལ་འཁེལ་བའི་སྒོ་ནས་ཡོངས་བསྒྲགས་བྱས་ཏེ། སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་སློག་ནས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་རྒྱུགས་ལེན་གྱི་འགུལ་རྣམ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་ཐུབ་པར་འགན་ལེན་བྱེད་དགོས། རིམ་པ་སོ་སོའི་སློབ་གསོའི་སྡེ་ཁག་གིས་རྒྱུགས་སྤྲོད་སློབ་མར་མི་ཆོས་ཐུགས་ཁུར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། མཐོ་རྒྱུགས་ལ་གྲ་སྒྲིག་བྱེད་པ་དང་རྒྱུགས་རར་བསྐྱོད་པའི་དངོས་ཡོད་ཀྱི་དཀའ་ཁག་ལ་དམིགས་ནས་ལག་ཁྱེར་ཁ་པར་དང་དཔེ་ཁུག་སོགས་རྒྱུགས་སྤྲོད་སློབ་མའི་དངོས་རྫས་ཉར་ཚགས་བྱ་ཡུལ་ཞིབ་ཚགས་སྒོས་བཙུགས་ནས་རྒྱུགས་སྤྲོད་སློབ་མར་སྟབས་བདེ་མཁོ་འདོན་བྱེད་དགོས། སྐབས་སྔོན་མའི་སློབ་གྲྭ་གྲགས་ཅན་དུ་རྒྱུགས་འཕྲོད་པའི་ཕུལ་བྱུང་སློབ་མ་རང་འགུལ་ངང་གདན་འདྲེན་ཞུས་ནས་མཐོ་རྒྱུགས་སུ་ཞུགས་ལ་ཉེ་བའི་རྒྱུགས་སྤྲོད་སློབ་མ་ཚོར་སེམས་གཏམ་བཤད་དེ་ངར་ཤུགས་བསྩོལ་དགོས། མཐོ་རྒྱུགས་མཇུག་སྒྲིལ་རྗེས་རྒྱུགས་སྤྲོད་སློབ་མར་སྤུས་ལེགས་ཀྱི་སྟབས་བདེའི་དང་བླངས་ཞབས་ཞུ་མཁོ་འདོན་བྱེད་པ་སྔ་མོ་ནས་འཆར་འགོད་བྱས་ཏེ། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་དྲིལ་སྒྲོག་ཚོགས་འདུ་དང་བློ་འདྲི་ཚོགས་འདུ་སྣ་ཚོགས་གཉེར་དགོས་པ་དང་། ཧུར་ཐག་སྒོས་ཁ་པར་དང་དྲ་ཐོག ཐད་གཏོང་སོགས་ཀྱི་བློ་འདྲིའི་བྱ་ཐབས་བརྒྱུད་དེ་བློ་འདྲི་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་གཏོང་དགོས་ཟེར།   

ཁུལ་གྱི་མགོ་ཁྲིད་ཧ་ཝུན་ཞུག་གིས་བཀོད་གཏོང་ལ་འགྲོ་རོགས་བྱས། བཀོད་འདོམས་ཚོགས་འདུ་བརྙན་ལམ་རྣམ་པའི་ཐོག་ནས་འཚོགས་ཤིང་། རྫོང་བཞིར་ཡན་ལག་ཚོགས་ར་བཙུགས་ཡོད། ཁུལ་ཨུའི་སློབ་གསོ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཚོགས་ར་གཙོ་བོར་ཞུགས།  


མཉམ་སྤྱོད།