དེ་རིང་ནི2025ལོའི་ཟླ06པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

2025-06-09 08:57:59   |   87

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས94པ་ཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། འབྲེལ་ཡོད་སྙན་ཞུར་ཉན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ཏེ་ལག་བསྟར་དོན་འཁྱོལ་གྱི་བྱ་བ་བཀོད་སྒྲིག་བྱས།

1.jpg

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་སློབ་གསོ་དེ་མངོན་གསལ་དོད་པའི་གནས་སུ་བཞག་ནས་སློབ་སྦྱོང་དང་ཞིབ་བཤེར། བཅོས་སྒྲིག་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སེམས་སུ་ཟུག་ཅིང་ལག་ལེན་ཐུབ་པར་བྱེད་དགོས། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”གྱི་དམིགས་ཚད་བླང་བྱར་དམིགས་ནས། ཐོན་ལས་ཀྱི“གནས་བཞི”དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོར་འགྱུར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། མཚོ་བྱང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ཐོན་ལས་མ་ལག་མགྱོགས་མྱུར་སྒོས་འཛུགས་དགོས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ཏེ་འབྲུབ་འགོག་ཐན་འགོག་གི་ཆབ་སྲིད་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་ཀྱིས་ཕྲག་ཏུ་འཁུར་ནས་འབྲུབ་འགོག་ཐན་འགོག་གི་བྱ་བའི་འགན་ཁུར་སོ་སོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁུལ་ཡོངས་ཀྱི་འབྲུབ་འགོག་ཐན་འགོག་གི་གནས་བབ་བདེ་འཇགས་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བཏང་ནས་རྒྱུན་མཐུད་སྒོས་ཕུགས་བསམ་དང་དད་སེམས་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱས་ནས་དཔལ་ཡོན་གྱི་དར་སྲོལ་དར་སྤེལ་ཤུགས་ཆེན་བྱེད་པ་དང་།  རྡུལ་ཕྲན་མཁར་གྱི་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་གསར་བརྗེའི་ཉམས་ཞིབ་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་ཟེར།

2.jpg

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་རོགས་སྐྱོར་ཉིན་མོ་ཐེངས་སོ་ལྔ་པ་སླེབས་ལ་ཉེ་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཞབས་ཞུའི་འགན་སྲུང་ལ་སྔར་ལས་ཤུགས་བསྣན་ནས་དབང་བོ་སྐྱོན་ཅན་གྱི་གཞི་རྩའི་འཚོ་བར་འགན་སྲུང་དང་། ལས་ཞུགས། བདེ་ཐང་སོགས་ཀྱི་བྱ་བར་གཙོ་གནད་ཐོག་དམ་འཛིན་བྱས་ཏེ་དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་དྲ་བ་དམ་ཟབ་འཛུགས་པ་དང་། དབང་བོ་སྐྱོན་ཅན་གྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྒོས་སྲ་བརྟན་དུ་བཏང་ནས་དབང་བོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་བཀོད་སྒྲིག་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚན་རིག་དང་མཐུན་པའི་ཐབས་ཇུས་དང་དམངས་གཙོའི་ཇུས་གཞི། ཁྲིམས་ལྟར་ཐབས་ཇུས་བཅས་རྒྱུན་འཁྱོངས་བྱས་ཏེ། “243”འཕེལ་རྒྱས་ཀྱི་བཀོད་པ་དང“མཚོ་བྱང་ལྔ”འཛུགས་སྐྲུན་དམིགས་འབེན་ལ་དམིགས་ནས།   བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་དངོས་ཡོད་གནས་ཚུལ་གསལ་རྟོགས་བྱེད་པ། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བོར་བཟོ་བ་བཅས་བྱས་ཏེ་སྔར་ལས་མང་བའི་མཚོ་བྱང་གི་ལས་གཞི་རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་འཆར་འགོད་ནང་འཇུག་རྒྱུའི་བརྩོན་ལེན་བྱེད་དགོས་ཟེར།

3.jpg

ཚོགས་འདུའི་ཐོག་བསྟན་དོན། ཧྲན་ཏུང་དང་མཚོ་སྔོན་གྱི་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་འཕེལ་རྒྱས་ཚོགས་ཆེན་སྐབས་གཉིས་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་། དམངས་འཚོར་འགན་སྲུང་བྱེད་པ། “འབྲེལ་གཏུག་གསུམ”ལ་སྐུལ་འདེད་གཏོང་བ། ལས་བྱེད་པ་གསོ་སྦྱོང་དང་འཇོན་མི་ནང་འདྲེན་བཅས་ལ་དམིགས་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ་ཧྲན་ཏུང་ཞིང་ཆེན་དང་འབྲེལ་གཏུག་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་སྦྱོང་རྟོག་ཞིབ་ཀྱི་གྲུབ་འབྲས་དེ་བྱ་བའི་དངོས་ཡོད་ཀྱི་ཕན་འབྲས་སུ་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། རྒྱུན་མཐུད་སྒོས་སྐྱེ་ཁམས་ཀྱི་ཕན་འབྲས་དང་སྤུས་ལེགས་ཕན་འབྲས། ཆས་རྟགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་སྟོབས་ཆེར་བཏང་ནས“123”Aརིམ་པའི་ལྗོངས་ཁུལ་གསར་སྐྲུན་གཏིང་ཟབ་ཏུ་བཏང་སྟེ། གསེར་དངུལ་ཐང-རྡུལ་ཕྲན་མཁར་དང་འཇུ་ལག་ལོག་དཀར་མེ་ཏོག་གི་རྒྱ་མཚོ་སོགས་རྒྱལ་ཁབ་ཀྱི5Aརིམ་པའི་གནས་སྐོར་ལྗོངས་ཁུལ་གསར་སྐྲུན་བྱ་བ་འབུར་ཐོན་སྒོས་དམ་འཛིན་བྱེད་དགོས་ཟེར།

ཚོགས་འདུའི་ཐོག མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པའི་བྱ་བའི་གནས་ཚུལ་སྙན་ཞུར་ཉན་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གཅིག་སྡུད་བཅོས་སྒྲིག་སྤེལ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ཚུར་ལེན་གནད་དོན་བཅོས་སྒྲིག་དམ་འཛིན་ཡག་པོ་བཅས་བྱས་ཏེ“བྲེལ་དཀའ་སྡུག་སྨོན”གྱི་གནད་དོན་ཐག་གཅོད་བྱས་ཏེ། བློ་བརྟན་འགྱུར་མེད་ངང་གཅིག་སྡུད་བཅོས་སྒྲིག་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་སྙན་ཞུར་ཉན་ནས་ནན་གྱིས་བསྟན་དོན། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་ཁུར་སེམས་དང་དུས་གཏུག་གི་བསམ་པར་བརྟེན་ནས་ཞིང་ཕྱུགས་ལས་ཐོན་སྐྱེད་དང་བཟོ་ལས་དཔལ་འབྱོར་འཁོར་སྐྱོད། གཏན་འཇགས་རྒྱུ་ནོར་མ་འཇོག དམངས་འཚོ་འགན་ལེན། སྤྱི་ཚོགས་ཀྱི་སིལ་ཚོང་། ཚོང་འགུག་མ་འདྲེན། རོང་འབྲོག་པའི་ཡོང་འབབ་འཕར་སྣོན་སོགས་གཙོ་གནད་བྱ་བར་དམིགས་ནས་གནད་དོན་ཁྲིད་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་དང་། རང་འགུལ་ངང་དཔེ་བསྡུར་ཚད་འཛིན་བྱས་ནས་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་འགན་ཞིབ་ཕྲ་དང་དབྱེ་འབྱེད་བྱེད་པ། ལྟ་སྐུལ་མཛུབ་ཁྲིད་དང་བཀོད་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་ལོ་སྟོད་ཀྱི“ཕྱེད་བརྒལ་གཉིས”ཀྱི་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོར་རྒྱག་པ་དང་བརྟན་པོ་ཡོང་བར་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་ད་དུང་འབྲེལ་ཡོད་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།


མཉམ་སྤྱོད།