དེ་རིང་ནི2025ལོའི་ཟླ06པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་གནས་སྐོར་ཁྲོམ་རའི་བྱེད་པོར་བྱ་དགའི་མ་དངུལ་སྒོར་ཁྲི169ཐོག་མར་སྤྲད་པ།

2025-06-09 16:25:46   |   226

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མཚོ་སྔོན་ཉིན་རེའི་ཚགས་པར་གློག་རྡུལ་པར་གཞི།   བཤེར་འབེབས།   རིན་ཆེན་ཚེ་རིང་།


“བྱ་དགའི་མ་དངུལ་སྒོར་ཁྲི20ནི་ང་ཚོས་གསར་གཏོད་འབད་བརྩོན་བྱས་པར་ཁས་ལེན་བྱས་པ་ཞིག་རེད། མ་འོངས་པར་རྣམ་གྲངས་ལེགས་སྒྱུར་རིམ་སྤོར་ཐད་སྤྱད་དེ་ལག་རྩལ་གསར་ཤོས་དེ་བས་མང་བ་ནང་འདྲེན་བྱས་ཏེ། གནས་སྐོར་བར་དེ་བས་ཕུན་སུམ་ཚོགས་པ་དང་དེ་བས་ཐུན་མོང་མ་ཡིན་པའི་རིག་གནས་གནས་སྐོར་གྱི་ཉམས་ལེན་མཁོ་འདོན་བྱ་རྒྱུ་ཡིན”ཞེས་ཟླ6པའི་ཚེས6ཉིན་མཚོ་བྱང་བོན་གྱཱ་རིག་གནས་གནས་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀླུ་རྒྱལ་ཆོས་འཕེལ་གྱིས་བཤད་པ་རེད། ཉེ་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་རིག་གནས་གནས་སྐོར་ཐོན་ལས་ཀྱི་ཆེད་དོན་བྱ་དགའི་མ་དངུལ་ཐོག་མར་སྤྲད་དེ་རིག་གནས་གནས་སྐོར་ཁེ་ལས29དང་མི་སྒེར་ལ་བྱ་དགའི་མ་དངུལ་སྒོར་ཁྲི169སྤྲད་དེ“དོན་གཉེར་མཁན་ལ་བྱ་དགའ་ཆེན་པོ་གནང་རྒྱུ་དང་ཐོན་ལས་སྦྲེལ་ཐག་འཕེལ་རྒྱས་གཏོང་བའི”བརྡ་རྟགས་དྲག་པོ་བཏང་བ་རེད།

ད་ཐེངས་ཀྱི་མ་དངུལ་རོགས་སྐྱོར་དེ་རིག་གནས་གནས་སྐོར་ཐོན་ལས་ཀྱི་འབྲེལ་ཐག་ཧྲིལ་པོར་དམིགས་པ་དང་སྤུས་རྟགས་གསར་གཏོད་དང་འགྲུལ་ཁུངས་ནང་འདྲེན། ཐོན་ལས་མཉམ་འདྲེས་སོགས་ཀྱི་ལྟེ་བའི་ལྷུ་ཚིགས་ལ་དམིགས་ནས་རིགས་ཆེ་གྲས4དང་རྣམ་གྲངས11ཚུད་པའི་བྱ་དགའི་སྲིད་ཇུས་མ་ལག་ཞིབ་ཚགས་ངང་བཙུགས་ཏེ། གནས་སྐོར་ལས་དོན་ཁང་གི་ཚོགས་པ་སྒྲིག་འཛུགས་དང་། རིག་གནས་དང་གནས་སྐོར་སྤུས་རྟགས་གཏོད་པ། རང་མོས་སྨྱན་སྦྱོར་གྱི་དྲིལ་བསྒྲགས་གཉེར་ཚོང་། འབྲེལ་ཡོད་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་བྱེ་བྲག་གི་བྱ་དགའི་ཚད་ཐིག་ཁ་གསལ་བཟོས་ནས་རིག་གནས་གནས་སྐོར་འཕེལ་རྒྱས་ཀྱི་གནད་འགག་ལྷུ་ཚིགས་སུ་གནད་ཁེལ་ཡར་སྐུལ་བྱ་རྒྱུ་རེད། བདམས་ཐོན་བྱུང་བའི་ཁེ་ལས་དང་མི་སྒེར་གང་རུང་དེ“དཔྱད་ཡིག་གི་ཐོག་མའི་ཞིབ་བཤེར་དང+ཆེད་མཁས་པས་དཔྱད་ཞིབ+སྤྱི་ཚོགས་ཀྱི་སྤྱི་བསྒྲགས”བཅས་རིམ་པ་བཞིན་འདེམས་སྒྲུག་ནན་པོ་བརྒྱུད་དགོས་པ་མ་ཟད། ལས་རིགས་འཕེལ་རྒྱས་ཀྱི་སྔོན་སྐྱོད་སྟོབས་ཤུགས་དང་གསར་གཏོད་གྱི་ཁ་ཕྱོགས་མཚོན་དགོས་པ་རེད། 

བྱ་དགའི་རོགས་སྐྱོར་མ་དངུལ་སྤྲོད་པའི་དམིགས་ཡུལ་ནི《མཚོ་བྱང་ཁུལ་གྱི་རིག་གནས་དང་གནས་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་བྱ་དགའི་རོགས་སྐྱོར་ལག་བསྟར་ཞིབ་སྲོལ(ཚོད་ལྟའི་ལག་བསྟར)》གྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རིག་གནས་གནས་སྐོར་ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱས་ཏེ། རིག་གནས་གནས་སྐོར་ཐོན་ལས་གསར་གཏོད་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། རོགས་སྐྱོར་མ་དངུལ་དུས་ཐོག་ཏུ་དམིགས་སར་འབྱོར་བ་དེས་ཁེ་ལས་ཀྱིས་རྣམ་གྲངས་དོན་འཁྱོལ་བྱེད་པ་མགྱོགས་སུ་གཏོང་བ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་རམ་འདེགས་བྱས་ནས་མི་སྒེར་གྱི་ཞིབ་འཇུག་དང་རྒྱུན་འཛིན་ལག་ལེན་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་རིག་གནས་དང་གནས་སྐོར་ཐོན་ལས་ལ་སྒུལ་ནུས་ཆེན་པོ་བསྣན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན།《ཞིབ་སྲོལ》དེ2024ལོའི་ཟླ8པའི་ཚེས26ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་གོ་ཆོད་དུས་ཚོད2026ལོའི་ཟླ8པའི་ཚེས25ཉིན་བར་ཡིན་པ་རེད།



མཉམ་སྤྱོད།