དེ་རིང་ནི2025ལོའི་ཟླ06པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བཞི་པ་འཚོགས་པ། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་།

2025-06-10 15:32:08   |   44

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཁུལ་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བཞི་པ་འཚོགས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཤིང་། 2024ལོའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བར་ཕྱོགས་བསྡོམས་བྱས་པ་དང་། 2025ལོའི་གཙོ་གནད་བཅོས་སྒྱུར་ལས་འགན་བཀོད་སྒྲིག་བྱས།

图片1.jpg

ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཤ་བོ་སྐྱབས་ཀྱིས་ཚོགས་འདུར་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ཆན་གོ་ཆིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཨའེ་ཧུང་། ཁུལ་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཚོགས་འདུར་ཞུགས།

ཚོགས་འདུའི་ཐོག་ན་ནིང་ཁུལ་ཡོངས་ཀྱི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ནས་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་། ཁུལ་ཨུའི་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། གཙོ་གནད་མངོན་གསལ་དོད་པོ་དང་འབེན་ཕྱོགས་སུ་ཤུགས་བཏང་ནས། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ"མཚོ་བྱང་ལྔ"འཛུགས་སྐྲུན་ལ་དམིགས་ནས་བྱེད་ཐབས་གསར་གཏོད་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་བཅོས་སྒྱུར་ལ་ཚད་བརྒལ་གསར་བ་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཟེར།

图片2.jpg

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཐོན་ལས་འབུར་ཐོན་ཡིན་པའི་བཅོས་སྒྱུར་དམ་འཛིན་བྱས་ནས་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་ལ་དམིགས་ནས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི"གཅིག་ཅན་དགུའི"བཟོ་སྐྲུན་ཆ་ཚང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང"མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི"ས་ཁོངས་སྤྱི་སྤྱོད་ཆས་རྟགས་སྐྱེད་སྲིང་ཡག་པོ་བྱས་ཏེ། ཚད་གཞི་མཐོ་བའི་སྒོ་ནས་མཚོ་སྔོན་པོའི་གནས་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་ཉམས་ལེན་ས་ཚིགས6གདང་སྒྱུར་རིམ་སྤར་བྱེད་པ་འབུར་ཐོན་དམ་འཛིན་བྱེད་དགོས། ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་ལྗང་མདོག་ཕྱོགས་བསྡུས་ནུས་རྒྱུ་གླིང་ཕྲན་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ་ནུས་རྒྱུ་གཙང་མའི་ཐོན་ལས་ཁྱུ་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་དགོས་པ་དང་ཚོང་འགུག་བྱེད་སྟངས་གསར་གཏོད་བྱས་ཏེ། ཕྱི་ཕྱོགས་དང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་ལས་གཞི་གལ་ཆེན་ཇུས་འགོད་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་ཇེ་བརྟན་དུ་གཏོང་དགོས། འཛད་སྤྱོད་ཀྱི་མངོན་མེད་ནུས་པ་སྔོག་འདོན་གཏིང་ཟབ་བྱས་ཏེ་འགྲན་སྡུར་བྱེད་སྒོ་གལ་ཆེན་མུ་མཐུད་དུ་སྤེལ་ནས་ཞིང་ལས་དང་ལུས་རྩལ། རིག་གནས། གནས་སྐོར། ཚོང་གཉེར་བཅས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་འབུར་ཐོན་ཡིན་པའི་བཅོས་སྒྱུར་ལ་དམ་འཛིན་བྱས་ནས"སྤྱི་གླིང་གཉིས་དང་བཙན་ས་གཅིག"གཏོད་རྒྱུར་དམིགས་ནས"རྒྱལ་ཁབ་སྤྱི་གླིང་གཉིས"འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཕྱི་རོལ་རྐང་བགྲོད་དང་རི་འཛེག སྒར་འདེབས་སོགས་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ"རི་གཉིས"ཀྱི་རིགས་པའི་གཞུང་ལུགས་གཞན་སྒྱུར་གྱི་བགྲོད་ལམ་ཤར་གཏོང་ཐུབ་པར་བྱེད་དགོས། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་དགོས་པ་དང་། ཉམས་ཞིབ་བྱེད་སྟངས་གསར་གཏོད་བྱས་ནས་ཞིང་ཆེན་ཕྱི་ནང་ལ་ཁ་ཕྱོགས་པའི་གསར་བརྗེའི་ཉམས་ཞིབ་རྟེན་གཞི་རྒྱུན་མཐུད་ངང་བསྐྲུན་དགོས། དམངས་འཚོ་འབུར་ཐོན་ཡིན་པའི་བཅོས་སྒྱུར་ལ་དམ་འཛིན་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་གནས་སྐོར་དང་འཐེན་ཐུག་དཔལ་འབྱོར། རྡོ་བརྐོས་སོགས་མི་རིགས་རིག་གནས་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་དགོས། སློབ་གསོ་ཕྱོགས་བསྡུས་བཅོས་སྒྱུར་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་སྒྱུར་དེ་གཅིག་གྱུར་དམ་འཛིན་བྱས་ནས་སྤྱི་ཚོགས་འགན་སྲུང་སྒྲིག་གཞི་དང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། བཅོས་སྐྱོང་འབུར་ཐོན་ཡིན་པའི་བཅོས་སྒྱུར་ལ་དམ་འཛིན་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱེད་པ་དང་། ཁྱད་ལྡན་ཆས་རྟགས་དང་དཔེ་མཚོན་ཉམས་མྱོང་སྐྱེད་སྲིང་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་ནས"ཆུང་བ་དྲུག"གི་བྱ་བའི་བྱེད་ཐབས་དང"སོ་ལྟ་ཁྲི་སྟོང"སོགས་གཞི་རིམ་བཅོས་སྐྱོང་གི་ཉམས་མྱོང་ཁྱབ་གདལ་དང་བེད་སྤྱོད་ཤུགས་ཆེན་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཏང་སྲིད་མགོ་ཁྲིད་ལས་བྱེད་པས་མགོ་ཁྲིད་ནས་བཅོས་སྒྱུར་གལ་ཆེན་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་དོན་འཁྱོལ་ནན་ཏན་དང་། འགན་འཁྲིའི་སྦྲེལ་ཐག་ནན་དཀྲི་བྱེད་པ། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་བཅས་བྱས་ཏེ། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གྱི་བྱེད་ཐབས་གལ་ཆེན་ཚན་རིག་དང་མཐུན་པའི་སྒོས་ནས་འཆར་འགོད་བྱེད་པ་དང་། དཔེ་སྟོན་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་བཅོས་སྒྱུར་གྲུབ་འབྲས་ཁག་ཅིག་ནུས་ཤུགས་ཡོད་རྒུས་བཏོད་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་གལ་ཆེན་གྱི་ཐབས་ཇུས་བཀོད་སྒྲིག་དང་རང་བརྟེན་གསར་གཏོད་བཅོས་སྒྱུར་བྱེད་ཐབས་རྩ་བ་ཚུགས་ཤིང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་ཁུལ་ཨུའི་བཅོས་སྒྱུར་ཟབ་སྤེལ་ཨུ་ལྷན་གྱི2024ལོའི་བྱ་བའི་སྙན་ཞུ་དང་། 2025ལོའི་བྱ་བའི་གཙོ་གནད་དང་འབྲེལ་ཡོད་བཅོས་སྒྱུར་གྱི་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།


མཉམ་སྤྱོད།