དེ་རིང་ནི2025ལོའི་ཟླ06པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་པ།

2025-06-11 16:26:34   |   75

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


 ཟླ6པའི་ཚེས10ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་ཟབ་མོ་དང་གོ་བ་གཏིང་ཟབ་ལེན་པ་དེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་ལག་བསྟར་ཟབ་མོ་བྱེད་པ་དང་ཟུང་འབྲེལ་བྱས་ནས། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་ཧེང་དབྱི་པིང་གདན་དྲངས་ནས་ཟུར་ཁྲིད་སྙན་ཞུ་ཕུལ་བར་མ་ཟད། “སྲིད་བྱས་ལྟ་བ་ཡང་དག་བརྟན་པོར་འཛུགས་པ་དང་དམིགས་ཡུལ་འདུ་ཤེས་བརྟན་པོར་བསྐྱེད་དེ། སྤྱོད་ཚུལ་སྒྱུར་བ་དང་འགན་སྒྲུབ་ཁག་ཁུར། དམངས་ལ་བདེ་སྐྱིད་སྐྲུན་པ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་བརྗེ་རེས་བགྲོ་གླེང་སྤེལ།

ཀྲུང་དབྱང་གི་མཛུབ་སྟོན་ཚན་ཆུང་དང་པོའི་ཚན་གཙོ་ལི་ཅིན་པིན་དང་ཚན་གཙོ་གཞོན་པ་ཡུའུ་ཝེ་ཕིང་དང་བཅས་པའི་ཁོངས་མི་རྣམས་ཚོགས་འདུར་ཕེབས་ནས་མཛུབ་སྟོན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ལུའོ་ཏུང་ཁྲོན་དང་མགོན་པོ་བཀྲ་ཤིས། ལིའུ་ཆི་ཧྥན། ཝང་ལི་མིང་། ལིའུ་མའེ་ཕིན། ཝང་ཝེ་ཏུང་། ཀྲའོ་ཡུའེ་ཞ་སོགས་ལྟེ་གནས་ཚན་ཆུང་གི་ཁོངས་མིས་བརྗེ་རེས་བགྲོ་གླེང་བྱས་པ་དང་། ལྟེ་གནས་ཚན་ཆུང་གི་ཁོངས་མི་གཞན་གྱིས་ཡིག་ཐོག་གི་གཏམ་བཤད་རྒྱུ་ཆ་སྤྲད།

ཚོགས་ཐོག་ནས། ཧུང་དབྱི་པིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ཀློག་འགྲེལ་ཟབ་མོ་བྱས་ཤིང་། ཚན་རིག་དང་མཐུན་པའི་མ་ལག་དང་ཕུན་སུམ་ཚོགས་པའི་ནང་དོན། མྱོང་ཚོར་སོགས་ཀྱི་ཕྱོགས་ལ་དམིགས་ནས་རྒྱུད་ཁོངས་ལྡན་པའི་ཟུར་ཁྲིད་བྱས། ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་མགྲིན་གཅིག་ཏུ། ཟུར་ཁྲིད་སྙན་ཞུ་ནི་བརྗོད་དོན་གསལ་བ་དང་ནང་དོན་ཞིབ་ཆ་ཡིན་པ། དབང་གྲགས་ལྡན་ལ་ངོ་མཚར་ཆེ། བགྲོ་གླེང་གིས་གནད་དོན་ཕྱོགས་སྟོན་དང་མི་མཐོང་དོན་མཐོང་། ནད་འཇོམས་ལུས་བདེ་བཅས་རྒྱུན་འཁྱོངས་བྱས་ཡོད་པས། ཕན་འབྲས་ཀྱིས་ཕྱུག་པའི་ཆབ་སྲིད་གཞུང་ལུགས་ཀྱི་སློབ་ཁྲིད་ཐེངས་གཅིག་དང་ཉེན་བརྡ་སློབ་གསོའི་སློབ་ཁྲིད་ཐེངས་གཅིག ལག་ལེན་མཛུབ་སྟོན་གྱི་སློབ་ཁྲིད་ཐེངས་གཅིག་བཅས་ཡིན་པར་འདོད།

ཝུའུ་ཞའོ་ཅུན་གྱིས་གསུང་བཤད་ཁྲོད་ནན་གྱིས་བསྟན་དོན། སྲིད་བྱས་ལྟ་བ་ཡང་དག་བརྟན་པོར་འཛུགས་པ་དང་དམིགས་ཡུལ་འདུ་ཤེས་བརྟན་པོར་སྐྱེད་པ་ནི་གུང་ཁྲན་ཏང་མིའི་མངོན་པར་གསལ་བའི་ཆབ་སྲིད་ཀྱི་རང་མདངས་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཆེ་ཕྱོགས་དང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དངོས། ཏང་ཡོན་ལས་བྱེད་པའི་འགན་འཁྲི་རིན་ཐང་བཅས་དང་འབྲེལ་ཡོད་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་སྐུལ་ཁྲིད་ནུས་པ་སྔར་ལས་ལེགས་པར་བཏོན་ཏེ། སྲིད་བྱས་ལྟ་བ་ཡང་དག་བརྟན་པོར་འཛུགས་པ་དང་དམིགས་ཡུལ་འདུ་ཤེས་བརྟན་པོར་སྐྱེད་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ངེས་པ་དོན་གྱིས་ཇེ་དྲག་ཏུ་གཏོང་དགོས། ཀྲུང་དབྱང་གི་མཛུབ་སྟོན་ཚན་ཆུང་དང་པོའི་མཛུབ་སྟོན་སྐུལ་ཁྲིད་འོག བསླབ་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། སྲིད་བྱས་ལྟ་བར་གོ་ནོར་ཐེབས་པ་དང་སྣང་མེད་དུ་འཇོག་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པ་སོགས་ཀྱི་བསམ་བློའི་འབྱུང་རྩའི་གནད་དོན་དབྱེ་ཞིབ་ཟབ་མོ་བྱས་ཏེ། སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་ཏང་ཡོན་ལས་བྱེད་པའི་འགན་སྒྲུབ་ཁག་ཁུར་དང་ལས་སྒྲུབ་ལས་གཏོད་ཐོག་ངེས་པ་དོན་གྱིས་མངོན་པར་བྱེད་དགོས། སྲིད་བྱས་ལྟ་བ་ཡང་དག་བརྟན་པོར་འཛུགས་པ་དང་དམིགས་ཡུལ་འདུ་ཤེས་བརྟན་པོར་སྐྱེད་པ་དེ་ངེས་པ་དོན་གྱིས་ནང་གི་བསམ་བློར་སྒྱུར་བ་དང་ཕྱིའི་བྱ་སྤྱོད་དུ་སྒྱུར་བ། དཀའ་སྡུག་ས་ཁུལ་གྱི“དམིགས་བསལ་སྨྲ་བ”དང“ཁ་གསབ་སེམས་ཁམས”མཐའ་གཅིག་ཏུ་སེལ་བ། མི་དམངས་ཀྱི་ལངས་ཕྱོགས་བརྟན་པ་དང་རང་འགུལ་གྱིས་ཁག་ཁུར་བྱས་ཡོད་བྱེད་པ། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་བྱས་ཆེ་ཤོས་འདི་སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་མོའི་བར་ལ་འབྲི་བ་དང་། མང་ཚོགས་ཀྱི་སེམས་པའི་གཏིང་ལ་བརྐོ་དགོས།

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེད་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་སྒྲིག་ཨུའི་ལྟ་ཨུ་དང་ཞིང་ཆེན་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན། ཀྲུང་དབྱང་གི་མཚོ་སྔོན་དུ་བཅའ་སྡོད་བྱས་པའི་སྨྱན་སྦྱོར་གྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས། །


མཉམ་སྤྱོད།