དེ་རིང་ནི2025ལོའི་ཟླ06པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས“མཚོ་སྔོན་ཚོང་གཏམ་གྲོས་ཚོགས”ཀྱི་མཚོ་བྱང་འགྲེམས་ཁང་གི་འགྲེམས་སྟོན་ལ་ལྟ་སྐུལ་མཛུབ་སྟོན་གནང་།

2025-06-25 09:50:21   |   57

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཟི་ལིང་གྲོང་ཁྱེར་དུ“ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་གཏམ་གྲོས་ཚོགས་སྐབས26པའི”མཚོ་བྱང་འགྲེམས་ཁང་གི་འགྲེམས་སྟོན་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་གནང་སྐབས་ནན་གྱིས་བསྟན་དོན། མཚོ་བྱང་གི་ཁྱད་ཆོས་དང་མཚོ་བྱང་གི་མངོན་གསལ་དོད་པའི་ལེགས་ཆར་དམིགས་ནས་འགྲེམས་ཁུལ་གྱི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། འགྲེམས་སྟོན་དངོས་རྫས་ཀྱི་རིགས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་མཚོ་བྱང་གི་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས“མཚོ་སྔོན་ཚོང་གཏམ་གྲོས་ཚོགས”ཐོག་མངོན་དུ་འཇུག་དགོས་པ་དང་། ཐོན་རྫས་འགྲེམས་སྟོན་བརྗོད་གཞིར་བྱས་ཏེ་མི་སྔར་ལས་མང་པོས་མཚོ་བྱང་ཤེས་རྟོགས་དང་རྒྱུས་ལོན་བྱེད་དུ་བཅུག་སྟེ“དག་སྣང་མཚོ་བྱང་། མདོག་ལྔའི་གཡང་ས”རུ་ཡོང་དུ་འཇུག་དགོས་ཟེར།

图片1.jpg

图片2.jpg

ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་མཚོ་བྱང་འགྲེམས་ཁང་གི་རྫོང་བཞིའི་འགྲེམས་ཁུལ་གྱི་འགྲེམས་སྟོན་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་ས་ཁོངས་སོ་སོའི་འགན་འཁུར་བློ་མཐུན་དང་བརྗེ་རེས་གཏིང་ཟབ་བྱས་ཏེ་རྫོང་སོ་སོའི་འགྲེམས་སྟོན་དངོས་རྫས་ཀྱི་རིགས་དང་གྲ་སྒྲིག་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ་ཁོས་བསྟན་དོན། “མཚོ་སྔོན་ཚོང་གཏམ་གྲོས་ཚོགས”ནི་ས་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་གར་སྟེགས་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཕྱི་ནང་དུ་མཚོ་བྱང་གིས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད་ཐོབ་པའི་གྲུབ་འབྲས་དྲིལ་སྒྲོག་དང་འགྲེམས་སྟོན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་ཡིན་པས། ཐེངས་འདིའི་འགྲེམས་ཚོགས་དེ་གར་སྟེགས་སུ་བྱས་ནས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱི་ཆས་རྟགས་དར་སྤེལ་གཏོང་དགོས། རྫོང་བཞི་དང་ཁུལ་བཟོ་ལས་ཆ་འཕྲིན་ཅུ་ཡིས་གནས་བབ་མཐོ་རུ་གཏོང་བ་དང་འགན་འཁྲི་དམ་ཟབ་གཏོང་བ། མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་བྱེད་སྒོ་ཕུན་སུམ་ཚོགས་པར་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས། ཁྱད་ཆོས་ལྡན་པའི་འགྲེམས་སྟོན་དངོས་རྫས་ལ་དམིགས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱ་དགོས། མཚོ་བྱང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ་བོད་ལུག་དང་ནོར་ཤ བོད་སྨན། མི་རིགས་རྒྱན་གོས། རིག་དངོས་ཐོན་རྫས། གཟུགས་འདས་ཤུལ་བཞག་རིག་གནས་སོགས་ལེགས་ཆ་ལྡན་པའི་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱེད་པའི་རྨང་གཞིའི་ཐོག་ཆུ་གྲང་ཉེའུ་དང་ནས་ཀྱི་སྦི་རག་སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་དང་སྣུམ་སྙིགས། སྦུ་གུའི་རྒྱུ་ཆ་སོགས་བཟོ་ལས་ཁྱབ་ཁོངས་ཀྱི་ཐོན་རྫས་གཅིག་སྡུད་ཐོག་མངོན་པ་དང་། མདེལ་གཉིས་དཔེ་དབྱིབས་སོགས་མཚོ་བྱང་གིས་གསར་བརྗེའི་ཉམས་ཞིབ་ཐོན་ལས་འཕེལ་རྒྱས་ཁྲོད་ཐོབ་པའི་གྲུབ་འབྲས་གཡུར་དུ་ཟ་བ་གཙོ་གནད་ཐོག་མངོན་པ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པའི་ཐོན་རྫས་འགྲེམས་སྟོན་ཡོངས་སུ་ཁྱབ་པ་དང་མཚོ་བྱང་གི་སྣ་མང་འཕེལ་རྒྱས་ཀྱི་གསོན་ཤུགས་གང་ལེགས་སྒོས་མངོན་དགོས། འགྲེམས་སྟོན་གྱི་བཀོད་པ་ཇེ་ལེགས་སུ་བཏང་ནས་འགྲེམས་སྟོན་གྱི་མྱོང་ཚོར་ཇེ་ཟབ་ཏུ་གཏོང་དགོས། འགྲེམས་སྟོན་དངོས་རྫས་ཀྱི་རིགས་ལ་གཞིགས་ནས་འགྲེམས་སྟོན་བར་མཐོངས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་པ་དང་འགྲེམས་སྟོན་མངའ་ཁོངས་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ། འགྲེམས་རའི་བར་མཐོངས་བཀོད་སྒྲིག་ཟུང་འབྲེལ་བྱས་ཏེ་ཕན་འབྲས་ཆེ་ལ་བྱང་ཆུབ་པའི་ལྟ་སྐོར་ལམ་ཐིག་ཇུས་འགོད་ཞིབ་ཚགས་བྱས་ནས་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་སྒོ་ནས་འགྲེལ་བཤད་བརྒྱབ་སྟེ་གནས་སྐོར་བའི་འགྲེམས་སྟོན་ཉམས་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། པར་རིས་དང་ཡི་གེའི་དྲིལ་བསྒྲགས་དེབ་བཟོས་པ་བརྒྱུད་ཐོན་རྫས་ཀྱི་མིང་བྱང་མང་དུ་གཏོང་བ་སོགས་བྱས་ཏེ་ཐོན་རྫས་ཀྱི་བཀྲག་མདངས་མང་ཙམ་འགྲེམས་སྟོན་བྱས་ནས་ལྟ་སྐོར་བས་མཚོ་བྱང་གི་དམིགས་བསལ་སྤུས་ལེགས་ཐོན་རྫས་ལ་མགྱོགས་མྱུར་ངང་ཕྱོགས་ཡོངས་ནས་རྒྱུས་ལོན་ཐུབ་པར་བྱེད་དགོས། འགྲེམས་སྟོན་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་རིག་གནས་ཀྱི་ནང་དོན་མངོན་པར་བྱེད་དགོས།  གསར་བརྗེའི་ཉམས་ཞིབ་དང་སྐྱེ་ཁམས་དཔལ་ཡོན། དེ་བཞིན་ལོ་རྒྱུས་རིག་གནས་འགྲེམས་ཁུལ་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་འཕུར་མདའི་དཔེ་དབྱིབས་བཤམས་སྟོན་ཁུལ་ལེགས་སྒྱུར་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གློག་རྡུལ་བརྙན་ཤེལ་ཆེན་པོ་བེད་སྤྱོད་གང་ལེགས་བཅས་བྱས་ཏེ་པར་རིས་དང་བརྙན་ལམ་རྒྱུ་ཆ་འགྲེམས་སྟོན་སོགས་ཀྱི་རྣམ་པའི་ཐོག་ནས་མཚོ་བྱང་གི“མདེལ་གཉིས་སྐར་གཅིག”དང“ནུབ་ལམ་དམག་དཔུང”གི་སྙིང་སྟོབས་སོགས་གསར་བརྗེའི་རིག་གནས་ཟབ་མོ་དང་། “རྒྱལ་ཁབ་སྤྱི་གླིང་གཉིས”འདུས་པའི་སྐྱེ་ཁམས་རིག་གནས། ནུབ་མཚོ་ཅུན་དང་ཡུང་ཨན་གནའ་མཁར། དེ་བཞིན་གངས་ལུང་བྲག་ཕུག་སོགས་རྗེས་ཤུལ་གྱིས་ཐེག་པའི་ལོ་རྒྱུས་རིག་གནས་ཕུན་སུམ་ཚོགས་པར་མངོན་པ་དང་ལྟ་སྐོར་བར་དབྱིངས་ཞུགས་རྣམ་པའི་རིག་གནས་ཀྱི་ཉམས་ལེན་གཏིང་ཟབ་འཇོག་དགོས་ཟེར།

图片3.jpg

ཁུལ་གྱི་མགོ་ཁྲིད་ཀྲའོ་ཧའེ་ཕིན་དང་། ཁུལ་ཨུའི་གཞུང་ལས་ཁང་། ཁུལ་བཟོ་འཕྲིན་ཅུའི་འགན་ཁུར་བློ་མཐུན་གྱིས་ལྟ་སྐུལ་མཛུབ་སྟོན་ལ་ཕེབས་རོགས་བྱས།


མཉམ་སྤྱོད།