དེ་རིང་ནི2025ལོའི་ཟླ07པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

2025-07-01 14:41:45   |   88

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6པའི་ཚེས29ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས95པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་སྙན་ཞུར་ཉན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ཏེ་ལག་བསྟར་དོན་འཁྱོལ་གྱི་བྱ་བ་བཀོད་སྒྲིག་བྱས།

1.jpg

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཁྲིན་ཡུན་སྐུ་འཁྲུངས་ནས་ལོ120འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། བློ་མཐུན་ཁྲིན་ཡུན་གྱི་གསར་བརྗེའི་སྙིང་སྟོབས་དང་མགོ་ཁྲིད་ཉམས་མྱོང་། བྱ་བ་སྒྲུབ་སྟངས་བཅས་ལ་སློབ་སྦྱོང་བྱེད་དགོས་པ་དང་། “སྤྱི་གླིང་གཉིས་དང་བཙན་ས་གཅིག” དང་ཐོན་ལས་ཀྱི“གནས་བཞི” ། གྲོང་གསེབ་དར་སྤེལ། ཚོང་འགུག་མ་འདྲེན། གསར་བརྗེའི་ཉམས་ཞིབ། དམངས་འཚོ་འགན་སྲུང་སོགས་གཙོ་གནད་བྱ་བར་དམིགས་ནས་ཏན་ཏན་ཏིག་ཏིག་དང་དངོས་འཛིན་དངོས་སྒྲུབ། དངོས་ཕན་དོན་གཉེར་བཅས་ཀྱི“མཚོ་བྱང་གི་དངོས་སྒྲུབ”ཀྱི་བྱེད་སྟངས་ལག་ལེན་ཧུར་ཐག་བྱས་ཏེ་སྤྱོད་ཚུལ་བཟང་པོའི་ཐོག་ནས་སེམས་ནུས་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད་བྱེད་དགོས་ཟེར།

2.jpg

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཁྲིན་ཝུན་ཆིན་གྱིས་མཚོ་སྔོན་དུ་བརྟག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གིས་སྲིད་ཁྲིམས་བྱ་བར་བལྟོས་མེད་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མགོ་ཁྲིད་ལས་བྱེད་པའི“འདྲི་རྩད་ཆེན་མོ་དང་འདུམ་འགྲིག་ཆེན་མོའི”བྱེད་སྒོ་ཏན་ཏིག་སྤེལ་བ་དང་། རྒྱུན་མཐུད་སྒོས“ཆུང་བ་དྲུག་གི་བྱ་བའི་བྱེད་ཐབས”དང“ལས་གནས་སྟོང་དང་སོ་ལྟ་ཁྲི”སོགས་གཞི་རིམ་བཅོས་སྐྱོང་གི་ཆས་རྟགས་གཏིང་ཟབ་ཏུ་བཏང་སྟེ། ཁུལ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་འགལ་བ་སེལ་བའི་རྩོད་གཞིའི“གོ་རིམ་བཞིའི་བརྟག་བཅོས་བྱེད་ཐབས”ཀྱི་ཉམས་མྱོང་རྒྱ་ཆེར་སྤེལ་བར་ཤུགས་བསྣན་ཏེ། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་ཟེར།

3.jpg

ཚོགས་འདུའི་ཐོག་བསྟན་དོན། <<རྒྱལ་ཁབ་ཀྱི་མཛད་རྗེས་གཟི་བརྗིད་མཚན་སྙན་གཟེངས་བསྟོད་སྲོལ་ཡིག>>ལ་སློབ་སྦྱོང་ནན་ཏན་བྱས་ཏེ། གཟེངས་བསྟོད་བྱ་བའི་ནང་དོན་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། རྒྱུན་རྣམ་ཅན་གྱི་སྔོན་ཐོན་དཔེ་མཚོན་སྔོག་འདོན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་དྲིལ་སྒྲོག་ཐོན་ཁུངས་སྣ་ཚོགས་གཅིག་གྱུར་འཆར་འགོད་བྱེད་པ་དང་། བརྗོད་དོན་སྒྲོག་འགྲེལ་དང་སྨྱན་སྦྱོར་འཕྲིན་སྤེལ། རིག་རྩལ་གསར་རྩོམ་སོགས་ཀྱི་རྣམ་པའི་ཐོག་ནས་སྔོན་ཐོན་དཔེ་མཚོན་གྱི་འབད་འཐབ་གཏམ་རྒྱུད་ཡག་པོར་བཤད་དེ་སྤྱི་ཚོགས་ཡོངས་སུ"སྔོན་ཐོན་ལ་སློབ་སྦྱོང་དང་སྔོན་ཐོན་བརྩོན་ལེན"བྱེད་པའི་རིན་ཐང་གི་ངོས་འཛིན་གཅིག་མཐུན་ཆགས་པར་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་མུ་རི་གཏེར་ཁུལ་སྤྱང་ཚང་དོང་ཁ་དང་པོའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ཕན་འབྲས་སྲ་བརྟན་དང་རིམ་སྤོར་བྱས་པའི་གནས་ཚུལ་ལ་བརྟག་ཞིབ་སྐབས་གནང་བའི་གསུང་བཤད་ཀྱི་བླང་བྱར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་འཁུར་བ་དང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཤུགས་ཆེན་གཏོང་བ། ཕུགས་ཕན་དོ་དམ་སྲུང་སྐྱོབ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ད་ཡོད་ཀྱི་བཅོས་སྐྱོང་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་། དྲིལ་སྒྲོག་བྱ་བའི་ཉམས་མྱོང་ཕྱོགས་སྡོམ་དང་ཉེན་བརྡའི་སློབ་གསོ་གཏིང་ཟབ་སྤེལ་ནས་མཐོ་སྒང་མཐོ་གྲང་ས་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་ལ་དཔེ་མཚོན་གཏོད་པ་དང་དཔྱད་གཞི་ནུས་ལྡན་འཛིན་རྒྱུ་མཁོ་འདོན་བྱེད་དགོས། རང་བྱུང་སླར་གསོ་བྱ་རྒྱུ་གཙོ་བོར་འཛིན་པ་དང་མིའི་ཐབས་ལ་བརྟེན་ནས་ཉམས་གསོ་བྱ་རྒྱུ་གཞོགས་འདེགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྩྭ་འདེབས་ལྗང་སྒྱུར་དང་ཆུ་གཏོར་ལུད་རྒྱག་རྒྱུན་མཐུད་ངང་ཡག་པོ་བྱས་ནས། དུས་མགོར་སྐུད་མེད་རས་དུས་ཐོག་ཏུ་གཙང་བཤེར་བྱས་ཏེ་རང་བྱུང་གི་ཐོག་མའི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། "གཅིག་གྱུར་འཆར་འགོད་དང་ཡུལ་བབ་དང་བསྟུན་པ། ཕན་ནུས་ཆེ་བའི་སྒོ་ནས་བེད་སྤྱོད"བཅས་ཀྱི་རྩ་དོན་གཞིར་བཟུང་གཏེར་ཁུལ་གྱི་ཐོག་ཁང་སོགས་བེད་མེད་དུ་ལུས་པའི་རྒྱུ་ནོར་བེད་སྤྱོད་ཡག་པོ་བྱས་ཏེ། སྐྱེ་ཁམས་ཉེན་བརྡའི་སློབ་གསོ་དང་རི་སྐྱེས་སྲོག་ཆགས་སྐྱོབ་རོགས། སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་འགྲེམས་སྟོན། མེ་ཟོན་དངོས་ཟོག་གྲབས་གསོག་སོགས་དམ་འཛིན་ཏན་ཏིག་བྱེད་དགོས་ཟེར།

4.jpg

ཚོགས་འདུའི་བླང་བྱ་བཏོན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གི་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་གོ་བ་ནན་ཏན་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གྱོད་གཞི་དཔྱད་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྒྲིག་སྲོལ་དང་འགལ་བའི་ཟ་འཐུང་དང་། སྒྲིག་སྲོལ་དང་འགལ་བའི་ལེགས་སྐྱེས་དང་འབུལ་རྟེན་ལེན་སྐྱེལ། གཞུང་དངུལ་སྤྱད་དེ་གནས་སྐོར་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ། འགན་མི་འཁུར་བ་དང་བྱ་བ་མི་སྒྲུབ་པ་སོགས་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱས་ཏེ་ཏང་སྲོལ་སྲིད་གཙང་གསོ་སྐྱོང་ཧུར་ཐག་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་ད་དུང་འབྲེལ་ཡོད་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།


མཉམ་སྤྱོད།